ཡུན་ལུང་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-27 10:18ལ་འགྲུབ།

ཡུན་ལུང་ཆུས།

ཡུན་ལུང་ཆུས།
​ཡུན་ལུང་ཆུས་ནི་ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཞུས་ཀྲོའུ་ཡི་ལྷོ་རྒྱུད་དུ་ཆགས་ཡོད། ཡུལ་ལྗོངས་ལྟ་ན་སྡུག་པའི་ཡུན་ལུང་རི་བོའི་དབང་གིས་མིང་དེ་ལྟར་ཐོགས་པ་རེད། ཡུན་ལུང་ཆུས་ནི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཏང་དང་། སྲིད་གཞུང་། དམག་ཁུལ་བཅས་ལས་ཁུངས་གསུམ་གྱི་གནས་ས་ཡིན་ཞིང་། ནུབ་ཕྱོགས་ཀྱི་གྲོང་ཁུལ་རྙིང་པ་ཡོངས་རྫོགས་། ཤར་ཕྱོགས་སུ་གྲོང་ཁུལ་གསར་པ་དེའང་བརྒལ་ཡོད། མངའ་ཁོངས་སུ་ཧོའེ་ཧའེ་ལམ་དང་ཀྲུང་ཧྲན་ལམ་སོགས་ཀྱིས་མཚོན་པའི་ཡུལ་སྐོར་རིག་གནས་ཀྱི་ཞབས་ཞུའི་ལྟེ་གནས་ཡོད། འཛུགས་སྐྲུན་བྱེད་བཞིན་པའི་ཞུས་ཀྲོའུ་གྲོང་ཁུལ་གསར་པས་མཚོན་པའི་སྲིད་འཛིན་དང་ཚོང་དོན་ལྟེ་གནས་ཀྱང་ཡོད། ཡུན་ལུང་ཆུས་ཀྱི་ཁོངས་སུ་ཡུན་ལུང་རི་བོ་དང་། ཏ་ལུང་མཚེའུ། ཆིང་ལུང་མཚེའུ། ཟློས་གར་སྟེགས་བུ། ལི་ཁོ་རན་སྒྱུ་རྩལ་ཁང་། ཞུས་ཀྲོའུ་དམངས་སྲོལ་རྟེན་རྫས་བཤམས་སྟོན་ཁང་། ཞུས་ཀྲོའུ་གྲོང་ཁྱེར་རྟེན་རྫས་བཤམས་སྟོན་ཁང་། ཞུས་ཀྲོའུ་ཧན་རིག་གནས་མཛེས་ལྗོངས་ཁུལ་སོགས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཡུན་ལུང་ཆུས།
རྒྱ་ཡིག་གི་མིང་།
云龙区
ཕྱི་ཡིག་གི་མིང་།
Yunlong District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་སྲང་བརྒྱད་ཀྱི་དོན་གཅོད་ཁྲུའུ་གནས་པ་དང་། སྡེ་ཁུལ་ང་བཞི་དང་སྲིད་འཛིན་གྲོང་ཚོ་བཅོ་བརྒྱད།
སྲིད་གཞུང་སྡོད་གནས།
ཞུས་ཀྲུའུ་གྲོང་ཁྱེར་ཞི་བདེ་ལམ་གྱི་ཨང་རྟགས66པ།
ས་ཁོངས་ཁ་པར་ཨང་རྟགས།
0516
སྦྲག་སྲིད་ཨང་རྟགས།
221000
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ118
མི་གྲངས།
ཁྲི41.89
རླངས་འཁོར་ཚབ་ཨང་།
苏C
སྲིད་འཛིན་ཚབ་ཨང་།
320303
1 ལོ་རྒྱུས་འཕེལ་རིམ།

ཡུན་ལུང་ཆུས་ནི་ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཞུས་ཀྲོའུ་ཡི་ལྷོ་རྒྱུད་དུ་ཆགས་ཡོད། ཡུལ་ལྗོངས་ལྟ་ན་སྡུག་པའི་ཡུན་ལུང་རི་བོའི་དབང་གིས་མིང་དེ་ལྟར་ཐོགས་པ་རེད།

ཡུན་ལུང་ཆུས་ནི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཏང་དང་། སྲིད་གཞུང་། དམག་ཁུལ་བཅས་ལས་ཁུངས་གསུམ་གྱི་གནས་ས་ཡིན་ཞིང་། ནུབ་ཕྱོགས་ཀྱི་གྲོང་ཁུལ་རྙིང་པ་ཡོངས་རྫོགས་། ཤར་ཕྱོགས་སུ་གྲོང་ཁུལ་གསར་པ་དེའང་བརྒལ་ཡོད། མངའ་ཁོངས་སུ་ཧོའེ་ཧའེ་ལམ་དང་ཀྲུང་ཧྲན་ལམ་སོགས་ཀྱིས་མཚོན་པའི་ཡུལ་སྐོར་རིག་གནས་ཀྱི་ཞབས་ཞུའི་ལྟེ་གནས་ཡོད། འཛུགས་སྐྲུན་བྱེད་བཞིན་པའི་ཞུས་ཀྲོའུ་གྲོང་ཁུལ་གསར་པས་མཚོན་པའི་སྲིད་འཛིན་དང་ཚོང་དོན་ལྟེ་གནས་ཀྱང་ཡོད།

ཡུན་ལུང་ཆུས་ཀྱི་ཁོངས་སུ་ཡུན་ལུང་རི་བོ་དང་། ཏ་ལུང་མཚེའུ། ཆིང་ལུང་མཚེའུ། ཟློས་གར་སྟེགས་བུ། ལི་ཁོ་རན་སྒྱུ་རྩལ་ཁང་། ཞུས་ཀྲོའུ་དམངས་སྲོལ་རྟེན་རྫས་བཤམས་སྟོན་ཁང་། ཞུས་ཀྲོའུ་གྲོང་ཁྱེར་རྟེན་རྫས་བཤམས་སྟོན་ཁང་། ཞུས་ཀྲོའུ་ཧན་རིག་གནས་མཛེས་ལྗོངས་ཁུལ་སོགས་ཡོད།

ཡུན་ལུང་ཆུས་ནི་ཞུས་ཀྲོའུ་ཡི་ཆབ་སྲིད་དང་། རིག་གནས། ཚོང་དོན་བཅས་ཀྱི་ལྟེ་གནས་ཡིན་པ་དང་། ཞུས་ཀྲོའུ་གྲོང་ཁྱེར་ཆུས་གཙོ་བོའི་གྲས་ཤིག་ཀྱང་རེད། རྒྱལ་ཡོངས་ཀྱི་སྡེ་ཁུལ་སློབ་གསོ་ཚོད་ལྟའི་ཆུས་དང་རྒྱལ་ཡོངས་ཀྱི་ཚན་རྩལ་སྔོན་ཐོན་ཆུས་ཞིག་ཀྱང་ཡིན།

སྤྱི་ལོ2018ལོའི་ཟླ12པར། དམངས་སྲིད་པུས་སྐོར་ཐེངས་གསུམ་པའི་རྒྱལ་ཡོངས་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་གསར་གཏོད་ཚོད་ལྟ་ཆུས་སུ་གཏན་འཁེལ་བྱས་པ་རེད།

2 སྲིད་འཛིན་ཁོངས་བགོས།

ཡུན་ལུང་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ118ཡོད་པ་དང་། དེའི་ཁོངས་སུ་ཕེང་ཁྲེང་དང་། ཙི་ཧྥང་། ཧོང་ཧྲན། ལུའོ་ཐའོ་ཧྲན། ཏ་ཀུའོ་ཀྲོང་། ཚུའེ་ཕིང་ཧྲན། ཏ་ལུང་ཧུའུ། ཕན་ཐང་བཅས་ཁྲོམ་སྲང་བརྒྱད་ཀྱི་དོན་གཅོད་ཁྲུའུ་གནས་པ་དང་། སྡེ་ཁུལ་ང་བཞི་དང་སྲིད་འཛིན་གྲོང་ཚོ་བཅོ་བརྒྱད་ཡོད་པ་དེར་སྤྱིའི་མི་གྲངས་ཁྲི་སོ་བརྒྱད་ཙམ་ཡོད།

སྤྱི་ལོ2016ལོར་ཡུན་ལུང་ཆུས་ཀྱི་ཁོངས་གཏོགས་ཁྲོམ་སྲང་བརྒྱད་ཡོད་པ་སྟེ། ཕེང་ཁྲེང་ཁྲོམ་སྲང་། ཙི་ཧྥང་ཁྲོམ་སྲང་། ཧོང་ཧྲན་ཁྲོམ་སྲང་། ལུའོ་ཐའོ་ཧྲན་ཁྲོམ་སྲང་། ཏ་ཀུའོ་ཀྲོང་ཁྲོམ་སྲང་། ཚུའེ་ཕིང་ཧྲན་ཁྲོམ་སྲང་། ཏ་ལུང་ཧུའུ་ཁྲོམ་སྲང་། ཕན་ཐང་ཁྲོམ་སྲང་བཅས་སོ། ཆུས་མི་དམངས་སྲིད་གཞུང་ནི་ལུའོ་ཐའོ་ཧྲན་ཁྲོམ་སྲང་དུ་ཆགས་ཡོད།

3 ས་བབ་གནས་ཚུལ།

ཡུན་ལུང་ཆུས་ནི་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་། ཡུན་ལུང་ཆུས་ཀྱི་མངའ་ཁོངས་སུ་རི་སྒང་ཉུང་ཤས་ཡོད་ལ། ཆུས་ནང་ཁུལ་གྱི་རི་བོ་མཐོ་ཤོས་ཡུན་ལུང་རི་བོ་བའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི142ཡོད་པ་རེད། ཡུན་ལུང་ཆུས་ཀྱི་མངའ་ཁོངས་སུ་རྨ་ཆུ་དང་ཁུའེ་ཧོ་ཆུ་བོ། སན་པ་ཆུ་བོ། ཧྥང་ཐིང་གཙང་པོ་བཅས་འཕྲེད་གཞུང་བསྣོལ་ནས་བཞུར་བཞིན་ཡོད་པ་དང་། ཏ་ལུང་ མཚེའུ་དང་ལིའུ་པའོ་ཆུ་མཛོད་དེ་ཆུ་མཛོད་ཅུང་ཆེན་པོ་གཉིས་ཡོད།

4 ནམ་ཟླའི་ཆ་རྐྱེན།

ཡུན་ལུང་ཆུས་ནི་དྲོད་འཇམ་ཁུལ་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས་པ་དང་། ཤར་ལྷོའི་དུས་རླུང་གི་ཤུགས་རྐྱེན་ཅུང་ཆེ། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད2284ནས2495བར་ཡིན་པ་དང་། ཉི་འོད་ཕོག་ཚད་ནི52%ནས57%བར་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད14℃དང་། ལོ་རེར་ཆ་སྙོམས་སད་མེད་དུས་ཡུན་ཉིན200ནས220བར་ཡིན། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི800ནས930བར་ཡིན། གནམ་གཤིས་ཀྱི་ཁྱད་ཆོས་ནི་དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་དང་། ཉི་འོད་ཕོག་ཚད་འདང་ངེས་ཡོད་པ། ཆར་ཆུ་འབབ་ཚད་རན་པ། ཆར་ཆུ་མོད་པ་དང་ཚ་བ་ཆེ་བ་དུས་མཉམ་ཡིན་པ་བཅས་ཡིན། དུས་བཞིའི་ནང་དཔྱིད་ཀ་དང་སྟོན་ཀ་ཐུང་ལ། དགུན་ཁ་དང་དབྱར་ཁ་རིང་བ། དཔྱིད་དུས་སུ་གནམ་གཤིས་ལ་འགྱུར་ལྡོག་ཆེ་བ། དབྱར་དུས་དྲོད་ཚད་མཐོ་ལ་ཆར་ཆུ་མང་བ། སྟོན་དུས་གནམ་གཤིས་བཟང་པ། དགུན་དུས་གྲང་ངར་ཆེ་བ་བཅས་ཡོད།

5 ཆབ་སྲིད་འགོ་ཁྲིད།

ཡུན་ལུང་ཆུས་ཀྱི་ད་ལྟའི་འགོ་ཁྲིད།

ཆུས་ཏང་ཨུའི་ཧྲུའུ་ཅི། ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཧན་ཏུང་མེ།

ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཆུས་ཀྲང་ཚབ་མ། ཧྥང་ཀྲེང་ཧྭ།

དཔྱད་གཞིའི་ཡིག་ཆ།