མེ་ཏོག་བླ་མཚོ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-01-03 14:21ལ་འགྲུབ།

མེ་ཏོག་བླ་མཚོ།

མེ་ཏོག་བླ་མཚོ་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་གཡུ་ཤུལ་ཤང་མི་འཕྲལ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་ཕྱོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་མི་དྲག་རང་བྱུང་གྲོང་ཚོའི་དཀྱིལ་དུ་ཆགས་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
梅朵拉湖
སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་།
ཆགས་ཡུལ།
སྤོ་བོ་རྫོང་གི་གཡུ་ཤུལ་ཤང་མི་འཕྲལ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ4ལྷག་ཙམ་གྱི་སར་ཡོད་པ་རེད།
མཚོ་འཕགས།
སྨི2700
མཚོ་ངོས་ཀྱི་རྒྱ་ཁྱོན།
མུའུ5
ཁོངས་གཏོགས།
མཚོ།
1 ངོ་སྤྲོད།

མེ་ཏོག་བླ་མཚོ་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་གཡུ་ཤུལ་ཤང་མི་འཕྲལ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་ཕྱོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་མི་དྲག་རང་བྱུང་གྲོང་ཚོའི་དཀྱིལ་དུ་ཆགས་ཡོད་པ་རེད། མཚོ་མོ་དེའི་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་མུའུ5ལྷག་ཙམ་ཡོད་པ་རེད། མཚོ་མོ་དེ་གནས་སའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི2700ལྷག་ཙམ་ཡོད་པ་རེད། 

མེ་ཏོག་བླ་མཚོ་ཞེས་པའི་མིང་གི་ཐོགས་ཚུལ་ནི། མཚོ་མོ་དེ་ནི་མི་འཕྲལ་སྲིད་འཛིན་གྲོང་ཚོའི་ཁོངས་གཏོགས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ཞིག་ཡིན་པ་དང་། དེའི་ཁུལ་དུ་ད་དུང་ཁམ་བུའི་མེ་ཏོག་དང་། གདོད་མའི་བེ་དོའི་ནགས་ཚལ། དེའུ་འབུར་ཆེ་ཆུང་སྣ་ཚོགས་ཀྱི་མཛེས་ལྗོངས་ཡོད་པས། མེ་ཏོག་གི་ཞིང་ཁམས་ཞིག་ཡིན་པར་བརྟེན། མིང་ལའང་དེ་ལྟར་དུ་འབོད་པར་གྲགས།

བརྡ་འགྲེལ་གདོང་འཛར།

ཆུ་བོ། ཆུ་ཕྲན། ཆུ་མིག གཙང་པོ། མཚོ།