ཇོ་ལམ་མཚོ་དཀར།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-01-03 14:24ལ་འགྲུབ།

ཇོ་ལམ་མཚོ་དཀར།

ཇོ་ལམ་མཚོ་དཀར་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་རྡོ་རྗེ་ཤང་ཇོ་ལམ་རང་བྱུང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ90ལྷག་ཙམ་གྱི་སར་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
措嘎湖
སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་།
ཆགས་ཡུལ།
སྤོ་བོ་རྫོང་གི་རྡོ་རྗེ་ཤང་ཇོ་ལམ་རང་བྱུང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ90ལྷག་ཙམ་གྱི་སར་ཡོད་པ་རེད།
མཚོ་འཕགས།
སྨི2900
མཚོ་ངོས་ཀྱི་རྒྱ་ཁྱོན།
མུའུ25
ཁོངས་གཏོགས།
མཚོ།
1 ངོ་སྤྲོད།

ཇོ་ལམ་མཚོ་དཀར་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་རྡོ་རྗེ་ཤང་ཇོ་ལམ་རང་བྱུང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ90ལྷག་ཙམ་གྱི་སར་ཡོད་པ་རེད། མཚོ་མོ་དེ་ལ་མཚོ་སྟོད་སྨད་གཉིས་ཡོད་པ་དང་། མཚོ་སྟོད་ཀྱི་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་མུའུ10ལྷག་ཙམ་ཡོད་པ་དང་མཚོ་སྨད་ཀྱི་མཚོ་ངོས་རྒྱ་ཁྱོན་ལ་མུའུ15རེད། མཚོ་མོ་དེ་གནས་སའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི2900ལྷག་ཙམ་ཡོད་པ་རེད། 

ཇོ་ལམ་མཚོ་དཀར་ཞེས་པའི་མིང་གི་ཐོགས་ཚུལ་ནི། མཚོ་མོ་དེ་ནི་རྡོ་རྗེ་ཤང་ཇོ་ལམ་སྲིད་འཛིན་གྲོང་ཚོའི་ཁོངས་སུ་གནས་པ་ཡིན་པར་བརྟེན། མིང་ལའང་དེ་ལྟར་དུ་འབོད་པར་གྲགས།