སྐོར་ཞིབ་ལམ་ལུགས།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-10-28 14:48ལ་འགྲུབ།

སྐོར་ཞིབ་ལམ་ལུགས།

སྐོར་ཞིབ་ལམ་ལུགས།
སྐོར་ཞིབ་ལམ་ལུགས་ནི་ཏང་གི་ནང་ཁུལ་ཞིབ་བཤེར་བྱེད་པའི་གལ་ཆེའི་ལམ་ལུགས་ཤིག་ཡིན་ཏེ། ཀྲུང་དབྱང་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར )གྱི་ཏང་ཨུ་ཡིས་འབྲེལ་ཡོད་གཏན་འབེབས་ལྟར། ཆེད་དམིགས་ལས་ཁུངས་འཛུགས་པ་དང་སྐོར་ཞིབ་བྱེད་པར་བརྟེན་ནས་འོག་རིམ་ཏང་གི་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་བྱེད་པའི་ལམ་ལུགས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巡视制度
ཕྱི་ཡིག་གི་མིང་།
The system of inspection Tours
ཁོང་གཏོགས།
ཆབ་སྲིད།
1 ​རྩ་བའི་གོ་དོན།

《ཀྲུང་གོའི་གུང་ཁྲན་ཏང་གི་བསྒྲགས་གཏམ》ལས། “ཏང་ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོགས་ཀྱི་ཨུ་ཡོན་ལྷན་ཁང་གིས་སྐོར་ཞིབ་ལམ་ལུགས་ལག་བསྟར་བྱེད་དགོས། ”ཞེས་པ་དང་། 《ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》ལས “སྐོར་ཞིབ་ནི་ཏང་ཁུལ་ཞིབ་བཤེར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།  ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུའི་སྐབས་དང་པོའི་འགན་འཛིན་ཡུན་ཚད་ནང་དོ་དམ་བྱེད་ཡུལ་གྱི་ས་གནས་དང་སྡེ་ཁག  ཁེ་ལས་བཅས་ཀྱི་ཏང་ཨུའི་རྩ་འཛུགས་ལ་ཕྱོགས་ཡོངས་ནས་སྐོར་ཞིབ་བྱེད་དགོས ”ཞེས་པའོ། །

2  སྐོར་ཞིབ་ཀྱི་བྱ་བ། 
2_1  《སྐོར་ཞིབ་ཀྱི་བྱ་བའི་སྲོལ་ཡིག》ལས། 

སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་སྐོར་ཞིབ་ཚོ་ཆུང་གི་སྐོར་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་དུས་ཐོག་ཏུ་མཉམ་འཇོག་དང་། གནད་དོན་ལ་ཞིབ་འཇུག་བྱས་ཏེ་ཐག་གཅོད་དང་བསམ་འཆར་འདོན་དགོས་ལ། སྐོར་ཞིབ་ཚོ་ཆུང་མངག་གཏོང་བྱེད་པ་ནི་ཏང་གི་རྩ་འཛུགས་ཀྱིས་ཐག་གིས་གཅོད་དགོས། སྐོར་ཞིབ་ཚོ་ཆུང་མངག་གཏོང་བྱེད་པ་ནི་ཏང་གི་རྩ་འཛུགས་ཀྱིས་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་དུས་ཐོག་ཏུ་མཉམ་འཇོག་དང་། སྐོར་ཞིབ་བྱས་འབྲས་ཞིབ་འཇུག་དང་ཐག་གཅོད་བྱ་དགོས། སྐོར་ཞིབ་ཚོ་ཆུང་མངག་གཏོང་བྱེད་པ་ནི་ཏང་རྩ་འཛུགས་འཐད་པ་བྱུང་རྗེས། སྐོར་ཞིབ་ཚོ་ཆུང་གིས་དུས་ཐོག་ཏུ་སྐོར་ཞིབ་བྱེད་ཡུལ་ལ་ཏང་གི་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པ་དང་དེའི་འགན་འཁུར་པ་གཙོ་བོར་སྐོར་ཞིབ་བྱས་ཚུལ་ལྡོག་ལན་སློག་པ་དང་། གནད་དོན་སྟོན་པ། དམིགས་ས་ཡོད་པའི་སྒོ་ནས་དག་ཐེར་ཡོ་བསྲང་བསམ་འཆར་འདོན་པ་བཅས་བྱ་དགོས། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ལ་སྐོར་གཟིགས་ཚོགས་ཆུང་གི་ལྡོག་འདྲེན་བསམ་འཆར་འབྱོར་རྗེས་དག་ཐེར་དོན་འཁྱོལ་ནན་ཏན་བྱེད་དགོས་པར་མ་ཟད། ཟླ་བ་གཉིས་ནང་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུ་དང་འགན་འཁུར་བ་གཙོ་བོས་སྒྲིག་འཛུགས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་དེ་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ལ་འབུལ་དགོས་པ་གཏན་ལ་ཕབ་ཡོད་དོ། ། 

2_2 《སྐོར་ཞིབ་ཀྱི་བྱ་བའི་སྲོལ་ཡིག》ལས། 

སྐོར་ཞིབ་ཚོ་ཆུང་མངག་གཏོང་བྱེད་པ་ནི་ཏང་གི་རྩ་འཛུགས་དང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་སྐོར་ཞིབ་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་དང་། རྩིས་བཤེར་ལས་ཁུངས། སྲིད་ཁྲིམས་ལས་ཁུངས། རྩ་འཛུགས། ཡིག་སྐུར་ངོ་བཅར་སོགས་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་གཞན་དག་བཅས་ཀྱིས་སྐོར་ཞིབ་ལས་ཀར་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས། སྐོར་ཞིབ་ལས་དོན་མི་སྣས་སྐོར་ཞིབ་ལས་དོན་གྱི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་བྱ་དགོས། སྐོར་ཞིབ་བྱེད་ཡུལ་ལ་ཏང་གི་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མིས་སྐོར་ཞིབ་ལྟ་སྐུལ་རང་འགུལ་གྱིས་དང་ལེན་དང་། སྐོར་ཞིབ་ཚོ་ཆུང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ལས་དོན་སྤེལ་དགོས། ཏང་ཡོན་ལ་སྐོར་ཞིབ་ཚོ་ཆུང་ལ་གནས་ཚུལ་ཇི་མ་ཇི་བཞིན་ཞུ་བའི་འོས་འགན་ཡོད། སྐོར་ཞིབ་བྱེད་ཡུལ་ས་ཁུལ(སྡེ་ཚན)གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐོར་ཞིབ་ལས་དོན་མི་སྣས་སྐོར་ཞིབ་ཀྱི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡོད་པ་ཤེས་ཚེ། སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་ངམ་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་ལ་སྙན་སེང་ཞུས་ཆོག་ལ། གཏན་འབེབས་ལྟར་ཐད་ཀར་འབྲེལ་ཡོད་སྡེ་ཁག་དང་རྩ་འཛུགས་ལ་སྙན་སེང་ཞུས་ཀྱང་ཆོག་པ་གཏན་ལ་ཕབ་ཡོད་དོ། །


དཔྱད་གཞིའི་ཡིག་ཆ།