ལིན་ཏེ་མན་ངེས་སྲོལ།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-03-01 10:06ལ་འགྲུབ།

ལིན་ཏེ་མན་ངེས་སྲོལ།

ལིན་ཏེ་མན་ངེས་སྲོལ།
དེ་ཡང་འཚོ་བཅུད་གྲུབ་ཚུལ་ཁྲོད་དུ། འཚོ་བཅུད་ནི་དམའ་རིམ་ནས་མཐོ་རིམ་དུ་འགྱུར་བ་ཡིན་ལ། དེ་ལྟར་འགྱུར་བའི་ལས་ཆོད་ཧ་ཅང་དམའ་སྟེ། ཕལ་ཆེར10%ཙམ་གྱི་ནུས་ཚད་དེ་རིམ་པ་དམའ་ཤོས་ནས་མཐོ་ཤོས་སུ་འཕེལ་འགྱུར་འབྱུང་བ་ཡིན། ཆོས་ཉིད་འདི་ནི་ཨ་རིའི་སྐྱེ་ཁམས་རིག་པ་སྨྲ་བ་ལིན་ཏེ་མན་ལགས་ཀྱིས་གསར་དུ་རྙེད་པས་ན་དེར་ལོན་ཏེ་མན(林德曼)ངེས་སྲོལ་ཞེས་འབོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
林德曼定律
གསར་གཏོད་མཁན།
ལིན་ཏེ་མན།
1 ངོ་སྤྲོད།

དེ་ཡང་འཚོ་བཅུད་གྲུབ་ཚུལ་ཁྲོད་དུ། འཚོ་བཅུད་ནི་དམའ་རིམ་ནས་མཐོ་རིམ་དུ་འགྱུར་བ་ཡིན་ལ། དེ་ལྟར་འགྱུར་བའི་ལས་ཆོད་ཧ་ཅང་དམའ་སྟེ། ཕལ་ཆེར10%ཙམ་གྱི་ནུས་ཚད་དེ་རིམ་པ་དམའ་ཤོས་ནས་མཐོ་ཤོས་སུ་འཕེལ་འགྱུར་འབྱུང་བ་ཡིན། ཆོས་ཉིད་འདི་ནི་ཨ་རིའི་སྐྱེ་ཁམས་རིག་པ་སྨྲ་བ་ལིན་ཏེ་མན་ལགས་ཀྱིས་གསར་དུ་རྙེད་པས་ན་དེར་ལོན་ཏེ་མན(林德曼)ངེས་སྲོལ་ཞེས་འབོད། ངེས་སྲོལ་དེ་ལས་ང་ཚོར་བློ་བསྐྱེད་གཉིས་ཙམ་སྟེར་ཏེ། 1.འཚོ་བཅུད་འཕོ་འགྱུར་གོ་རིམ་ཁྲོད་ཀྱི་ལས་ཆོད་ཧ་ཅང་དམའ་བས་ན། ཟས་རིགས་འཁོར་རྒྱུན་ཆེས་ཆེར་རིང་མི་རུང་ལ། འཚོ་བཅུད་རིམ་པ་ཡང་ཆེས་ཆེར་མང་མི་རུང་ངོ་། །2.སྐྱེ་ཁམས་མ་ལག་ཁྲོད་དུ་སྲོག་ལྡན་ཕུང་བོ་སོ་སོས་གྲངས་ཚད་འབྲེལ་བ་ནན་མོ་ཞིག་རྒྱུན་འཁྱོངས་བྱེད་དགོས་ལ། ལྷག་པར་དུ་ཟས་རིགས་མཇུག་མཐར་གནས་པའི་སྐྱེ་ལྡན་དངོས་རིགས་ཀྱི་གྲངས་ཀ་ནི་ཆེས་མང་མི་རུང་ངོ་། །