ཨཱ་དམ་ཟི་རྨི།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-01-21 10:06ལ་འགྲུབ།

ཨཱ་དམ་ཟི་རྨི།

ཨཱ་དམ་ཟི་རྨི།
ཁོང་ནི་སོ་གཱི་ལན་གྱི་ཕ་ཧྥིར་ཞིང་ཆེན་ཁོར་ཁཱ་ཏི་ཞེས་གྲོང་བརྡལ་དུ་སྐྱེས་ཤིང་། ཕ་ནི་འགག་སྒོའི་ལས་བྱེད་ཅིག་ཡིན། ཨཱ་དམ་ཟི་རྨི་ནི་ཆུང་དུས་ནས་རྣམ་དཔྱོད་བཀྲ་ཞིང་། དགུང་ལོ14སྟེང་ཁི་ལ་སི་རྒི་སློབ་གྲྭ་ཆེན་མོར་ཞུགས་ནས་མཚན་ཉིད་རིག་པ་དང་། རྩིས་རིག རྩོམ་རིག ཆབ་སྲིད་དཔལ་འབྱོར་རིག་པ་སོགས་ལ་སློབ་གཉེར་བྱས། སྤྱི་ལོ1740ལོར་སྦྱངས་འབྲས་ཕུལ་དུ་བྱུང་བས་སློབ་ཡོན་བྱ་དགའ་ཐོབ་སྟེ་ཨོ་ཁི་ཟི་སློབ་ཆེན་འགྲིམས་པའི་གོ་སྐབས་ཐོབ། སྤྱི་ལོ1756ལོར་དངོས་གཞིའི་སློབ་གནས་བླངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚当·斯密
ཕྱི་ཡིག་གི་མིང་།
Adam Smith
རྒྱལ་ཁབ།
དབྱིན་ཇི།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1723—1790)
གྲུབ་མཐའ།
གནའ་རབས་དཔལ་འབྱོར་རིག་པ།
འཁྲུངས་ཡུལ།
སོ་གཱི་ལན་གྱི་ཕ་ཧྥིར།
བརྩམས་ཆོས།
《རྒྱལ་ཕྱུག་རྣམ་བཤད》 དང《ཀུན་སྤྱོད་རང་གཤིས་རྣམ་བཤད》སོགས་ཡོད།
1 ངོ་སྤྲོད་མདོར་བསྡུས།

ཁོང་ནི་སོ་གཱི་ལན་གྱི་ཕ་ཧྥིར་ཞིང་ཆེན་ཁོར་ཁཱ་ཏི་ཞེས་གྲོང་བརྡལ་དུ་སྐྱེས། ཕ་ནི་འགག་སྒོའི་ལས་བྱེད་ཅིག་ཡིན། ཁོང་ཆུང་དུས་ནས་རྣམ་དཔྱོད་བཀྲ་ཞིང་། དགུང་ལོ14སྟེང་ཁི་ལ་སི་རྒི་སློབ་གྲྭ་ཆེན་མོར་ཞུགས་ནས་མཚན་ཉིད་རིག་པ་དང་། རྩིས་རིག རྩོམ་རིག ཆབ་སྲིད་དཔལ་འབྱོར་རིག་པ་སོགས་ལ་སློབ་གཉེར་བྱས། སྤྱི་ལོ1740ལོར་སྦྱངས་འབྲས་ཕུལ་དུ་བྱུང་བས་སློབ་ཡོན་བྱ་དགའ་ཐོབ་སྟེ་ཨོ་ཁི་ཟི་སློབ་ཆེན་འགྲིམས་པའི་གོ་སྐབས་ཐོབ། སྤྱི་ལོ1756ལོར་དངོས་གཞིའི་སློབ་གནས་བླངས། སྤྱི་ལོ1748ལོར་ཨར་ཐེན་པོ་སློབ་ཆེན་གྱི་དགེ་རྒན་དུ་བསྟེན། འདིའི་སྐབས་ཁོང་གིས་རང་དབང་དཔལ་འབྱོར་བསམ་བློའི་ལྟ་བ་བཏོན། སྤྱི་ལོ1751ལོར་ཟི་རྨི་ཁི་ལ་སི་རྒི་སློབ་ཆེན་དུ་ལོག་ནས་ཀུན་སྤྱོད་མཚན་ཉིད་རིག་པའི་སློབ་ཁྲིད་བྱས། སྤྱི་ལོ1759ལོར《ཀུན་སྤྱོད་རང་གཤིས་རྣམ་བཤད》ཅེས་པའི་གསུང་རྩོམ་པར་དུ་སྐྲུན་པས་སྙན་གྲགས་རྒྱས། སྤྱི་ལོ1764ལོར་ཟི་རྨིས་དགེ་རྒན་གྱི་ལས་གནས་བསྐྱུར་ཏེ་པུ་ཁེ་ལར་ཟེར་བའི་སྐུ་དྲག་ཅིག་གི་དགེ་རྒན་བྱས། དེ་དང་འགྲོགས་ནས་ཨོ་རོབ་གླིང་ལ་སྐོར་སྐྱོད་བྱས། ཧྥ་རན་སིར་ལོ་གསུམ་བསྡད་པ་དང་དེའི་རིང་ཧྥན་རན་སིའི་མཁས་ཆེན་ཧྥོར་ཐི་དང་། ཁེས་ནེ། ཏོར་ཀུ་སོགས་དང་བློས་མཐུན་དུ་གྱུར། སྐབས་དེར《རྒྱལ་ཕྱུག་རྣམ་བཤད》འབྲི་འགོ་བརྩམས། སྤྱི་ལོ1767ལོར་ཟི་རྨི་སྐུ་དྲག་དེ་དང་མཉམ་དུ་ཕྱིར་དབྱིན་ཇིར་ལོག ཞིབ་འཇུགདང་རྩོམ་པའི་ལས་ཀ་ལེགས་འགྲུབ་ཡོང་ཆེད་རང་གི་ཕ་ཡུལ་དུ་ལོག་ནས་བློ་གཅིག་གིས་རྩོམ་འབྲིའི་ལས་ལ་ཞུགས། ལོ་དྲུག་རིང་དཀའ་བ་སྤྱད་དེ་རྩོམ་འདིའི་མ་ཕྱི་གྲུབ། དཔར་སྐྲུན་བྱེད་རྩིས་ཡོད་སྐབས་རྒྱུ་ཆ་གསར་བ་མང་པོ་ལག་སོན་བྱུང་བས་ལོ་གསུམ་རིང་ཁ་གསབ་དང་ལག་ལེགས་བཅོས་བྱས། སྤྱི་ལོ1776ལོར《རྒྱལ་དམངས་རྒྱུ་ནོར་གྱི་ངོ་བོ་དང་རྒྱུ་རྐྱེན་གྱི་དབྱེ་ཞིབ》དངོས་སུ་པར་བསྐྲུན་བྱས། དེབ་འདིས་ཆབ་སྲིད་དཔལ་འབྱོར་རིག་པ་དེ་རང་རྐྱ་བའི་རིག་ཚན་ཞིག་ཏུ་དངོས་སུ་ཆགས་པ་མཚོན། ཟི་རྨིའི་སྙན་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། སྤྱི་ལོ1778ལོར་ཁོང་གིས་ཟོ་གའི་ལན་འག་སྒོའི་སྤྱི་ཁྱབ་ལྟ་སྐུལ་བའི་འགན་བཞེས། སྤྱི་ལོ1787ལོར་ཁེ་ལ་ཟི་རྒི་སློབ་ཆེན་གྱི་སློབ་གཙོར་བསྐོས། སྤྱི་ལོ1790ལོའི་ཟླ7པའི་ཚེས17ཉིན་སྐུ་གཤེགས། སྐུ་གཤེགས་ཁར་ཡོངས་གྲུབ་མེད་པའི་བརྩམས་ཆོས་ཡོད་ཚད་མེ་བསྲེགས་བཏང་། ད་ལྟ་པར་དུ་བཏབ་ཟིན་པའི་ཟི་རྨིའི་གསུང་རྩོམ་ལ་བམ་པོ་དྲུག་ཡོད་ཅིང་། དེའི་ནང་དུ་གོང་གི་བརྩམས་ཆོས་གཉིས་ལས་གཞན་ད་དུང་སློབ་གཞིའི་ཟིན་བྲིས《ཁྲིམས་ལུགས་དང་། ཉེན་རྟོག་པ། ལོ་ཐོབ་དང་དམག་སྒྲིག་སྐོར་གྱི་གཏམ་བཤད》ཅེས་པ་དང་།《མཚན་ཉིད་རིག་པའི་གནད་དོན་རྣམ་བཤད་ཕྱོགས་བསྡུས》དང་། དེ་མིན་རྩོམ་རིག་དང་སྙན་ངག་སྐོར་གྱི་བརྩམས་ཆོས་སོགས་འདུས།