སྔོ་ཉར་གཟན་ཆས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2019-01-09 16:16ལ་འགྲུབ།

སྔོ་ཉར་གཟན་ཆས།

སྔོ་ཉར་གཟན་ཆས་ཟེར་པ་དེ་རྩྭ་ལྡུམ་རིགས་སྔོན་པོ་དེ་ལ་ཟེར་ཞིང་། སྐྱུག་ལྡད་སྒོ་ཕྱུགས་རིགས་ཀྱི་གཟན་ཆས་ཡག་ཤོས་ཡིན་སྲིད་དོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སྔོ་ཉར་གཟན་ཆས།
ཁོངས་གཏོགས།
གཟན་ཆས།
1 ངོ་སྤྲོད།

སྔོ་ཉར་གཟན་ཆས་ཟེར་པ་དེ་རྩྭ་ལྡུམ་རིགས་སྔོན་པོ་དེ་ལ་ཟེར་ཞིང་། སྐྱུག་ལྡད་སྒོ་ཕྱུགས་རིགས་ཀྱི་གཟན་ཆས་ཡག་ཤོས་ཡིན་སྲིད་དོ།།

2 ​ཁྱད་ཆོས།

སྔོ་ཉར་གཟན་ཆས་ཟེར་པ་དེ་རྩྭ་ལྡུམ་རིགས་སྔོན་པོ་ཡིན་པའི་སྐབས་སུ་གཏུབ་ནས། རླུང་སེར་མི་ཐེབས་པའི་ཆ་རྐྱེན་འོག་ནས། འོ་སྐྱུར་རུལ་རྟ་ལྟ་བུའི་ཕབ་རྩིའི་ནུས་པ་ལ་བརྟེན་ནས་བསྙལ་ཉར་བྱུང་བའི་གཟན་ཆས་ལ་གོ་ཞིང་། དེ་ལྟར་ཉར་ཚགས་བྱུང་ཚེ། གཟན་རྩྭའི་འཚོ་བཅུད་གྲུབ་ཆ་སོགས་ཕྱོད་ལྡན་དང་སྲུང་ཉར་ཐུབ་པ་དང་། འཇོག་ས་མང་པོ་མི་དགོས་ལ་ཡུན་རིང་བར་ཉར་བདེ་ཞིང་། སྐྱུར་ལ་ཞིམ་པའི་དྲི་ངད་ལྡན་པ་དང་། སྙི་མཉེན་ཁུ་བ་འཛོམས་པ། ཁ་ལ་འཕྲོད་ཚུལ་བཟང་བ། འཚོ་བཅུད་སྣ་འདུས་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཕྱིར། རོང་མ་འབྲོག་གམ་ས་མ་འབྲོག་གི་ཡུལ་གྲུ་དག་ལ་མཚོན་ན། སྐྱུག་ལྡད་སྒོ་ཕྱུགས་རིགས་ཀྱི་གཟན་ཆས་ཡག་ཤོས་ཡིན་སྲིད་དོ།།