བོད་ཡུལ་བདེ་བའི་སྨོན་ལམ།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-10-31 11:17ལ་འགྲུབ།

བོད་ཡུལ་བདེ་བའི་སྨོན་ལམ།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གིས་མཛད་པའི་སྨོན་ལམ་འདི་རུ། རང་རེ་ཁ་བ་ཅན་གྱི་ལྗོངས་ཡོངས་སུ་འབྱུང་བཞིའི་འཁྲུག་པ་མེད་ལ། ཆོས་སྲིད་ལུགས་གཉིས་ཟླ་བ་ཡར་ངོ་བཞིན་འཕེལ་བར་ཐུགས་སྐྱེད་སྨོན་ལམ་མཛད་པ་ཞིག་གོ །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
ཡབ།
ཁྱུང་བོ་བླ་མ་གཡུང་དྲུང་བསྟན་འཛིན།
འཁྲུངས་འདས།
སྤྱི་ལོ1813ལོ-སྤྱི་ལོ1899ལོ།
ཡུམ།
བཀྲ་ཤིས་མཚོ།
1 མཛད་པ་པོ་ངོ་སྤྲོད་མདོར་བསྡུས།

འཇམ་མགོན་བློ་གྲོས་མཐའ་ཡས་སམ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་ནི། མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་དུ་ཡབ་ཁྱུང་བོ་བླ་མ་གཡུང་དྲུང་བསྟན་འཛིན་དང་ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་རང་བྱུང་བཅུ་བཞི་བའི་ཆུ་བྱ1813ལོར་སྐུ་འཁྲུངས། ཞེ་ཆེན་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་། དཔལ་སྤུངས་སི་ཏུ་པདྨ་ཉིན་བྱེད་དབང་པོ། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་བཅུ་ཕྲག་ལྷག་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་རྒྱ་ཆེར་མཛད། མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། གསུམ་རྩོམ་ལ། མཛོད་ཆེན་ལྔ་དང་། སྨན་རྩིས་ཀྱི་གཞུང་། འབེལ་གཏམ། བསྟོད་ཚོགས་དང་བསྔོ་སྨོན་ཤིས་བརྗོད་སོགས་གསུང་རབ་གླེགས་བམ་དགུ་བཅུ་ཙམ་བཞེངས། གང་གི་གསུང་གི་གསང་བར་རོལ་བའི་ཐུགས་སྲས་ཀརྨ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ། འཇམ་དབྱངས་གཏེར་ཆེན་དབང་པོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ། བྲག་གཡབ་གདོང་སྤྲུ་སྐུ་སོགས་མང་དུ་བསྐྱངས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་མཐར་དགུང་གྲངས་གྱ་བདུན་བཞེས་པ་རབ་བྱུང་བཅོ་ལྔ་པའི་ས་ཕག་སྟེ་སྤྱི་ལོ1899ལོར་གཟུགས་སྐུའི་བཀོད་པ་ཞི་དབྱིངས་སུ་གཞོལ་བའི་ཚུལ་མཛད།

2 ནང་དོན་གནད་བསྡུས།

སྨོན་ལམ་འདི་ལས། དགེ་བཅུ་གཡང་དུ་འཁྱིལ་བའི་རྒྱལ་ཁམས་འདིར། འབྱུང་བཞིའི་འཇིགས་པ་མེད་ཅིང་ཕྱི་ནང་གི་གསང་བའི་འགལ་རྐྱེན་ཞི་བ། ནད་མུག་འཁྲུག་རྩོད་ཀྱི་ཉེར་འཚེ་བཟློག་ཅིང་ཕན་ཚུན་བྱམས་པའི་སེམས་ཀྱིས་འཁྱུད་པ། ཆོས་སྲིད་ཀྱི་དབུ་འཕང་འཕེལ་ཞིང་རྫོགས་ལྡན་གསར་བའི་དགའ་སྟོན་ལ་རོལ་བར་སྨོན་ལམ་མཛད་ཡོད། 

3 སྒྱུ་རྩལ་ཁྱད་ཆོས།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དཔལ་བཟང་བོ་མཆོག་གིས་ཐུགས་བརྩེ་བས་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་ཐམས་ལ་གཟིགས་ཤིང་། སྐྱབས་གནས་དཀོན་མཆོག་གསུམ་ལ་རྣམ་པ་ཐམས་ཅད་དུ་བཏུད་ཅིང་ཕྱིན་གྱིས་རླབས་པར་གསོལ་ཏེ། རང་རེ་གངས་ཅན་ལྗོངས་སུ་འབྱུང་བཞིན་འཇིགས་པ་མེད་པར་རྫོགས་ལྡན་གསལ་བའི་དཔལ་རོལ་བའི་ཐུགས་སྨོན་རྒྱ་ཆེ་བ་ཞིག  ལེ་མོང་མའི་ལུགས་ལྟར་དཔེ་རྒྱན་དང་། གཟུགས་རྒྱན། སྒྲ་རྒྱན་སོགས་ཀྱིས་མ་སྤྲས་པར་རང་བཞིན་གསལ་བོར་ཚིག་ཉུང་ཞིང་དོན་འདུས་ཆེ་བའི་སྒྱུ་རྩལ་གྱི་རིན་ཐང་མངོན་པར་མཐོ།