ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 66 ཡོད།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

བརྗོད་པ་ནོར་བུ་སྣ་ཚོགས་ཀྱི་མདོག་ཅན》ཞེས་འཁོད་པ་རང་ཉིད་ཀྱིས་མཛད་པ་ལ་ཤོག་གྲངས83ཡོད་པ་དེར་གསལ།རྒྱ་ཡིག་གི་མིང་། 工珠•元丹嘉措 མིང་གཞན། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡསཔདྨ་གར་དབང་འཕྲིན་ལས་འགྲོ་འདུལ་རྩལ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1813—1894) འཁྲུངས་ཡུལ། འབྲི་ཟླ་ཟལ་མོ་སྒང

20160329

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ཞེས་པ་འདི་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་ཀརྨ་བཀྲ་ཤིས་ཆོས་འཕེལ་གཉིས་ཀྱིས་བརྩམས་ཆོས་སྐོར་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པ་ཞིག་ཡིན།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་པའི་ཆུ་བྱ་སྤྱི་ལོ1813ལོར་མདོ་སྟོད་འབྲི་ཟླ་ཟལ་མོ་སྒང་གི་པདྨ་ལྷ་རྩེའི་མདུན་རོལ་རོང་རྒྱལ་སྦས་པའི་ལྗོངས་སུ་ཡབ་ཁྱུང་རྒྱལ

20170105

འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

དགུང་ལོ་བདུན་བརྒྱད་སྐོར་ནས་འབྲི་ཀློག་མཐར་ཕྱིན། གཞུང་ལུགས་བློ་འཛིན་སོགས་ལ་མཁྱེན་རབ་ཤིན་ཏུ་ཆེ། རྫ་དཔལ་སྤྲུལ་ཆོས་ཀྱི་དབང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཁན་པོ་པདྨ་བཛྲ། ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྩལ་སོགས་མཁས་གྲུབ་མང་པོར་བསྟེན། བོད་ལ་ཡོངས་སུ་ གྲགས་པའི་རིག་གནས་སྤྱི་དང་། བྱེ་བྲག་གྲགས་སོ་ཅོག་གི་གསོ་དཔྱད་སྐོར

20230724

ཡུལ་གྱི་བཀོད་པ་རྒྱ་ནག་གི་ཁྱད་ཆོས་བཞི།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབ་དེབ་ཆར་ཆ་བྲིས་འབུར་སྐུའི་ཆ་ཚད་ཀྱི་རྣམ་གཞག་ལས་བྱུང་བའི་ཡུལ་གྱི་བཀོད་པ་རྒྱ་ནག་གི་ཁྱད་ཆོས་བཞི་ལ་གོ་བ་ཡིན།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབ་དེབ་ཆར་ཆ་བྲིས་འབུར་སྐུའི་ཆ་ཚད་ཀྱི་རྣམ་གཞག་ལས་བྱུང་བ་སྟེ། 1.མཛེས་ལྡན་རི་མོ་མདངས་ལྡན་པ། 2.བཀྲ་ཤིས་གཟུགས་བརྙན

20211107

རིགས་དྲུག་གནས།

འཁོར་བ་རིགས་དྲུག་གི་གནས་ཏེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ནས། རྔ་ཡབ་སྲིན་པོ་གཞན་རྣམས་མི་ཡི་གནས། ། དམྱལ་བ་ཡི་དྭགས་གནས་ནི་ས་ཡི་འོག ། དུད་འགྲོ་བྱིངས་རྣམས་རྒྱ་མཚོ་ཆེན་པོར་ཏེ། ། ལྷ་མིན་རི་རབ་ཁོང་གསེང་ཆུ་མཚམས་མན། ། རྒྱལ་ཆེན་རིས་བཞི་ལྷུན་པོའི་བང་རིམ་གཙོ། ། ཡན་ལག་ཁ་འཐོར་གནས་ལ་ངེས་པ་མེད། ། ཅེས་གསུངས་སོ། །འཁོར་བ་རིགས་དྲུག་གི་གནས་ཏེ

20180726

རོ་རྐྱང་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ།

རོ་རྐྱང་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཕྲ་བ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་རླུང་ཁོ་ན་རྒྱུ་བ་དབུ་མའི་རིགས་དང་དཀར་ཆ་ལྷན་ཅིག་ཏུ་རྒྱུ་བ་རྐྱང་མའི་རིགས། དམར་ཆ་ལྷན་ཅིག་ཏུ་རྒྱུ་བ་རོ་མའི་རིགས་གསུམ་པོ་ཐམས་ཅད་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་ཞག་གཅིག་ལ་རྫོགས་པར་རྒྱུ་ཞིང་འབྱུང་རྔུབ་རེ་རེ་ཡང་བ་སྤུའི་མཐར་ཐུག་པར

20180518

གྲོང་།

མི་རིགས་བཞི་ཡོད་པ་ནི་གྲོང་དང་། བཟོ་རིགས་བཅོ་བརྒྱད་ཡོད་པ་གྲོང་ཁྱེར་དང་། གྲོང་ཁྱེར་དུ་མ་ཡོད་པ་གྲོང་བརྡལ་དང་། གྲོང་བརྡལ་དུ་མ་ཡོད་པ་ཡུལ་ལྗོངས་དང་། ཡུལ་ལྗོངས་དུ་མ་ཡོད་པ་ཡུལ་འཁོར་ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གསུངས་ལ། 《བརྒྱད་སྟོང་འགྲེལ་ཆེན》ལས། བཟོའི་བྱེ་བྲག་བཅོ་བརྒྱད་ཚང་བ་ལ་གྲོང་ཁྱེར་དང་། དེ་མ་ཚང་བའི་ཁྱིམ་གཅིག་གཉིས་སོགས་ལ་གྲོང་དང

20180313

བོད་ཡུལ་བདེ་བའི་སྨོན་ལམ།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གིས་མཛད་པའི་སྨོན་ལམ་འདི་རུ། རང་རེ་ཁ་བ་ཅན་གྱི་ལྗོངས་ཡོངས་སུ་འབྱུང་བཞིའི་འཁྲུག་པ་མེད་ལ། ཆོས་སྲིད་ལུགས་གཉིས་ཟླ་བ་ཡར་ངོ་བཞིན་འཕེལ་བར་ཐུགས་སྐྱེད་སྨོན་ལམ་མཛད་པ་ཞིག་གོ། །འཇམ་མགོན་བློ་གྲོས་མཐའ་ཡས་སམ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་ནི། མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་དུ་ཡབ་ཁྱུང་བོ་བླ་མ་གཡུང་དྲུང་བསྟན་འཛིན་དང་ཡུམ་བཀྲ་ཤིས་མཚོ

20181031

ཀརྨ་པ་མཁའ་ཁྱབ་རྡོ་རྗེ།

ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་ཡིན་ཞིང་། རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་སྤྱི་ལོ1871ལོ་གཙང་མྱང་སྟོད་ཤེལ་དཀར་རྒྱལ་རྩེར་སྐུ་འཁྲུངས། དགུང་ལོ་དྲུག་པའི་མེ་བྱི་ལོར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་། དཔའ་བོ་སྐུ་ཕྲེང་དགུ་པ་གཙུག་ལག་ཉིན་བྱེད། འབྲུག་ཆེན་སྐུ་ཕྲེང་དགུ་པ་མི་ཕམ་ཆོས་ཀྱི་རྒྱ་མཚོ་རྣམས་དགོངས་པ་མཐུན་པར། དཔལ་ལྡན་རང་བྱུང་མའི་མེ་ལོང་ལས་གསལ་བ་ལྟར

20161024

སཱི་ཏའི་ཀླུང་།

སུ་རྡོ་རྗེའི་བྲག་སེང་གེའི་ཁ་འདྲ་བ་ཆུ་སི་ཏཱ་ཞེས་བྱ་བ་རྡོ་རྗེའི་བྱེ་མ་འདྲེན་ཅིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་མཚོ་མ་དྲོས་པ་ལ་གཡས་བསྐོར་ལན་བདུན་བྱས་ནས་བྱང་གི་རྒྱ་མཚོར་འབབ་པར་གྲགས་ལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་སི་ཏཱའི་ཆུ་ཀླུང་གསེར་གྱི་བྱེ་མ་འདྲེན་ཅིང་འབབ་ཅེས་གསུངས།རྒྱ་ཡིག་གི་མིང་། 徒多河 ཁོངས་གཏོགས། ཁ་འབབ་བཞིའི་ཡ་གྱལ

20180523