དྲན་དང་ཤེས་བཞིན།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2018-05-03 09:32ལ་འགྲུབ།

དྲན་དང་ཤེས་བཞིན།

​བློ་སྦྱོང་སྐབས་ཀྱི་དྲན་པ་དང་ཤེས་བཞིན་གཉིས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
正念正知
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཁྱབ།
1 ​རྒྱས་འགྲེལ།

1.《དུང་དཀར་ཚིག་མཛོད་ཆེན་མོ》ལས། དྲན་པ་ཟེར་བ་ནི་སྔར་གོམས་འདྲིས་བྱས་ཟིན་པའི་དངོས་པོ་དེ་མ་བརྗེད་པར་འཛིན་པའི་སེམས་དེ་ལ་དྲན་པ་ཟེར། དཔེར་ན་བུས་ཨ་མ་དྲན་པ་ལྟ་བུ། ཤེས་བཞིན་ནི་རང་གི་བྱ་སྤྱོད་དང་བསམ་བློའི་ཐོག་ལ་ཉེས་སྐྱོན་ཡོད་མེད་སེམས་ཀྱི་ཟུར་ཞིག་གིས་རྟོག་དཔྱོད་བྱས་པ་ན་དེ་འདྲའི་སེམས་དེ་ལ་ཤེས་བཞིན་ཟེར་པ་སྟེ། དཔེར་ན་ལམ་དུ་འགྲོ་སྐབས་སེམས་ཀྱི་ཟུར་ཞིག་གིས་ལམ་གྲོགས་ཀྱི་སྐད་ཆ་ཉན་པ་ལྟ་བུ།

2.《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》ལས། བློ་སྦྱོང་སྐབས་ཀྱི་དྲན་པ་དང་ཤེས་བཞིན་གཉིས་ཏེ། དྲན་པ་ནི། 《ཀུན་བཏུས》ལས། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱི་བརྗེད་པ་མེད་པ་སྟེ་མི་གཡེང་བའི་ལས་ཅན་ནོ་ཞེས་གསུངས་པ་དང་། ཤེས་བཞིན་ནི། 《སྤྱོད་འཇུག》ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། ། ཡང་དང་ཡང་དུ་བརྟག་བྱ་བ། ། དེ་དེ་ཁོ་ན་མདོར་ན་ནི། ། ཤེས་བཞིན་སྲུང་བའི་མཚན་ཉིད་དོ། ། ཞེས་གསུངས་པའོ། །