ཡཱང་མིང་སྲུབས་རྐྱེན་ཐེབས།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-10-30 15:57ལ་འགྲུབ།

ཡཱང་མིང་སྲུབས་རྐྱེན་ཐེབས།

ཡཱང་མིང་སྲུབས་རྐྱེན་ཐེབས།
སྤྱི་ལོ1802ལོར་ཡཱང་མིང་འཛིན་པས་ཐོག་དང་པོར་འོད་ཀྱི་རྐྱེན་ཐེབས་དངོས་བཤེར་ལེགས་འགྲུབ་བྱས། ཁོང་གིས་མདོག་རྐྱང་འོད་དྲག་པོ་བཀོལ་ནས་དོག་སྲུབསSལ་འཕྲོ་སྤྲོས་བྱས་པ་དང་། ཧུ་ཅེན་སི་རིགས་པ་ལྟརSདེ་རླབས་ཁུངས་གསར་བ་ཞིག་ཏུ་བརྩིས་ཏེ་ཕྱོགས་སོ་སོར་བུ་རླབས་འཕྲོ་གཏོང་བྱས། བུ་རླབས་སོ་སོ་བར་ཐག་ཧ་ཅང་ཉེ་བའི་མཉམ་འགྲོའི་དོག་སྲུབསS1དངS2གཉིས་སུ་ཐོན་སྐབས། དེ་དག་ཡང་བསྐྱར་རླབས་ཁུངས་གསར་བ་ཞིག་ཏུ་འགྱུར་ཞིང་སྤྲོས་པའི་འོད་ཀྱང་རྐྱེན་ལྡན་འོད་ཡིན་ལ། བརྙན་ཡོལ་སྟེང་རྩེག་སྣོན་བྱས་ཏེ་བརྟན་བརླིང་གི་གསལ་མུན་སྤེལ་མའི་རྐྱེན་ཐེབས་ཤད་རིས་གྲུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杨氏双缝干涉
ཕྱི་ཡིག་གི་མིང་།
Young's Double-Slit Interference Experiment
མིང་གཞན།
ཡང་མིང་སྲུབས་ཟུང་རྐྱེན་ཐེབས་དངོས་བཤེར།
འདོན་མཁན།
ཡཱང་།
དུས་ཚོད།
1807
ཉེར་སྤྱོད་རིག་ཚན།
དངོས་ལུགས་འོད་རིག་པ།
1 ​མདོར་བསྟན་པ།

སྤྱི་ལོ1902ལོར་ཡཱང་མིང་འཛིན་པས་ཐོག་དང་པོར་འོད་ཀྱི་རྐྱེན་ཐེབས་དངོས་བཤེར་ལེགས་འགྲུབ་བྱས། ཁོང་གིས་མདོག་རྐྱང་འོད་དྲག་པོ་བཀོལ་ནས་དོག་སྲུབསSལ་འཕྲོ་སྤྲོས་བྱས་པ་དང་། ཧུ་ཅེན་སི་རིགས་པ་ལྟརSདེ་རླབས་ཁུངས་གསར་བ་ཞིག་ཏུ་བརྩིས་ཏེ་ཕྱོགས་སོ་སོར་བུ་རླབས་འཕྲོ་གཏོང་བྱས། བུ་རླབས་སོ་སོ་བར་ཐག་ཧ་ཅང་ཉེ་བའི་མཉམ་འགྲོའི་དོག་སྲུབསS1དངS2གཉིས་སུ་ཐོན་སྐབས། དེ་དག་ཡང་བསྐྱར་རླབས་ཁུངས་གསར་བ་ཞིག་ཏུ་འགྱུར་ཞིང་སྤྲོས་པའི་འོད་ཀྱང་རྐྱེན་ལྡན་འོད་ཡིན་ལ། བརྙན་ཡོལ་སྟེང་རྩེག་སྣོན་བྱས་ཏེ་བརྟན་བརླིང་གི་གསལ་མུན་སྤེལ་མའི་རྐྱེན་ཐེབས་ཤད་རིས་གྲུབ། དཔེ་རིས་དང་པོས་མཚོན་པ་ལྟར།

དཔེ་རིས་དང་པོའི་ཁྲོད། S1དངS2ཡི་འོད་ཆུན་འདི་གཉིས་འོད་ཁུངས་གཅིག་པ་ཞིག་ལས་ཐོན་པ་ཡིན་པས་འོད་ཁུངས་ཁྲོད་ཀྱི་མ་རྡུལ་གང་ཞིག་གིས་སྤྲོས་པའི་འོད་ཡིན་རུང་ཚང་མས་དུས་མཚུངས་སུ་འོད་ཆུན་འདི་གཉིས་ལ་ཤན་ཤུགས་ཐེབས་སྲིད། དེ་དག་གི་བརྙན་ཡོལABསྟེང་གི་གནས་ག་གེ་མོPདང་བྲལ་བའི་འོན་རྒྱང་མི་འདྲ། དེའི་ཕྱིར་གནསPརུ་སླེབས་སྐབས་རླབས་ཕྲེང་གཉིས་ཀྱི་གནས་མཚན་མི་འདྲ་བར་རྟག་བརྟན་གྱི་གནས་མཚན་ཁྱང་ཡོད་ལ་བརྟན་བརླིང་གི་རྐྱེན་ཐེབས་ཤད་རིས་འབྱུང་ཐུབ།

.jpg

དཔེ་རིས་དང་པོ། ཡཱང་མིང་སྲུབས་ཟུང་རྐྱེན་ཐེབས། 

མདོག་རྐྱང་འོད་ཀྱི་རླབས་ཐག ཡིན་པའི་དབང་དུ་གཏོང་བ་དང་། དོག་སྲུབས་གཉིས་ཀྱི་བར་ཐགDཡིན་པ་མ་ཟད་དེ་དག་དངSཡི་བར་ཐག་འདྲ་མཚུངས་ཡིན། འོན་ཀྱང་དོག་སྲུབས་གཉིས་གནས་བརྙན་ཡོལ་གྱི་བར་ཐགL>>Dཡིན། འོན་ཆུན་གཉིས་བརྙན་ཡོལ་སྟེང་གི་གནས་ག་གེ་མོ་ཞིག་ཏུ་ཁྱབ་སྤེལ་བྱས་པའི་འོད་རྒྱང་ཁྱད་ཏེ་ཉེ་མཚུངས་སྒོས་གཤམ་དང་མཚུངས།

δརླབས་ཐག་གི་ཧྲིལ་གྲངས་ལྡབ་ཡིན་སྐབས། རླབས་ཕྲེང་གཉིས་ཀྱི་གནས་འདིའི་འདར་འགུལ་གནས་མཚན་འདྲ་བ་དང་། འདར་འགུལ་སྡོམ་གྱི་འདར་ཁོད་ཇེ་དྲག་ཏུ་གྱུར་ལ། ཤར་བའི་རྐྱེན་ཐབས་དེ་མངོན་མཚན་འདྲ་བ་དང་། འདར་འགུལ་སྡོམ་གྱི་འདར་ཁོད་ཇེ་དྲག་ཏུ་གྱུར་ལ། ཤར་བའི་རྐྱེན་ཐེབས་དེ་མངོན་གསལ་ཤད་རིས་ཡིན།

ཚུལ་ཁྲོད། K=0ཡིན་སྐབས་དཀྱིལ་ལྟེ་མངོན་གསལ་ཤད་རིས་ཀྱི་ལོགས་གཉིས་སུ་ལོགས་དགར་སྡོད་པའི་རིམ་པ་དང་པོ་དང་རིམ་པོ་གཉིས་པ་སོགས་མངོན་གསལ་ཤད་རིས་ཡིན། K=±1དངK=±2སོགས་ཡིན་སྐབས་དཀྱིལ་ལྟེ་མངོན་གསལ་ཤད་རིས་ལོགས་གཉིས་སུ་ལོགས་དགར་སྡོད་པའི་རིམ་པ་དང་པོ་དང་རིམ་པ་གཉིས་པ་སོགས་མངོན་གསལ་ཤད་རིས་ཡིན།

δརླབས་ཐིག་གི་ཡ་གྲངས་ལྡབ་ཡིན་སྐབས། རླབས་ཕྲེང་གཉིས་ཀྱི་གནས་འདིའི་འདར་འགུལ་གནས་མཚན་ལྡོག་པ་དང་། འདར་འགུལ་སྡོམ་གྱི་འདར་ཁོད་ཕན་ཚུན་ཉམས་ཞན་དུ་གྱུར་ལ། ཤར་བའི་རྐྱེན་ཐེབས་དེ་ཤད་རིས་ནག་པོ་ཡིན།

ཚུལ་ཁྲོད། K=±1དངK=±2ནི་རིམ་པ་དང་པོ་དང་རིམ་པ་གཉིས་པ་སོགས་ཀྱི་ཤད་རིས་ནག་པོ་ཡིན།

གོང་གི་དཔྱད་བསྡུར་བརྒྱུད་དེ་ཤེས་ཐུབ་པ་སྟེ། གསལ་མུན་སྤེལ་མའི་ཤད་རིས་དཀྱིལ་ལྟེ་དང་ཆ་འགྲིག་གི་སྒོས་ཁྱབ་ཡོད། ཕན་ཚུན་ཉེ་བའི་མངོན་གསལ་ཤད་རིས་དང་ཡང་ན་ཤད་རིས་ནག་པོ་བར་གྱི་ཐག་ཚང་མ་འདྲ་མཚུངས་ཡིན་ཏེ།