མཚོ་ཆེན་བཎ་ཏེ་མཚོ།སྔ་མའི་པར་གཞི་དེ འབྲུག་བྱམས་རྒྱལ།  ནས 2017-10-13 09:38ལ་འགྲུབ།

མཚོ་ཆེན་བཎ་ཏེ་མཚོ།

མཚོ་མོ་དེའི་བྱང་ཤར་མཚམས་སུ་རི་བོ་ཞིག་ཡོད་པའི་ཆགས་སྟངས་ནི་བན་ཏེ་ཞིག་གིས་རྔ་འཁུར་ནས་ཡོད་པ་དང་ཀུན་ནས་མཚུངས་པས་རི་མིང་མཚོ་མིང་དུ་ཐོགས་པ་ཡིན་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
万德措千
ལ་ཏིང་གི་མིང་།
mtsho chen ban te mtsho
སྲིད་འཛིན་ཁོངས་གཏོགས།
ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ།
གནས་ཡུལ།
གདང་ལ་གྲོང་རྡལ་གྱི་ནུབ་ཕྱོགས་སུ་གནས།
1 ​ངོ་སྤྲོད།

གདང་ལའི་ཡུལ་ཕྱོགས་ཀྱི་མཚོ་ཆེན་བཎ་ཏེ་མཚོ།  མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་གདང་ལའི་ནུབ་ཕྱོགས་སུ་སྤྱི་ལེ40མཚམས་སུ་ཡོད་པ་རེད།   མཚོ་མོ་ཡོད་སའི་མཐོ་ཚད་ལ་མཚོ་འཕགས་སྨི4601ཡོད།     སའི་གོ་ལའི་འཕྲེད་གཞུང་གི་ཏུའུ་གྲངས་ལ34°16′43.57″Nདང92°7′40.32″N         མཚོ་མོ་དེའི་བྱང་ཤར་མཚམས་སུ་རི་བོ་ཞིག་ཡོད་པའི་ཆགས་སྟངས་ནི་བན་ཏེ་ཞིག་གིས་རྔ་འཁུར་ནས་ཡོད་པ་དང་ཀུན་ནས་མཚུངས་པས་རི་མིང་མཚོ་མིང་དུ་ཐོགས་པ་ཡིན་པར་བཤད། གདང་ལའི་ཡུལ་འཁོར་དུ་ཆེས་ཆེ་བའི་རང་བྱུང་གི་མཚོ་མོ་ཞིག་ཡིན་ལ།  མཚོ་མཐར་ངང་དཀར་མ་དང་ངང་སྒོང་མང་པོ་ཡོད་པ་རེད།  བཤད་སྲོལ་ལྟར་ན་འཛམ་གླིང་སྟེང་འཕུར་ཚད་ཆེས་མཐོ་བའི་བྱ་རིགས་ཤིག་ཡིན་ལ།   རི་བོ་ཇོ་མོ་གླིང་མའི་ཡང་རྩེར་འཕུར་ཐུབ་པར་བཤད།    དེ་བས་བྱ་རིགས་འདི་ཧ་ཅང་རྩ་ཆེན་ཡིན་ལ་དེང་སྐབས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས་མཐའ་འཁོར་གྱི་མང་ཚོགས་ཀྱིས་རང་འགུལ་དུ་དམངས་ཁྲོད་ངང་སྲུང་བ་རྩ་འཛུགས་བྱས་ནས་རྟ་ལ་བཞོན་ནས་མཐའ་འཁོར་དུ་སྲུང་སྐྱོང་བྱེད་ཀྱིན་ཡོད་ལ། ཉ་འཛིན་པ་དང་ངང་དཀར་མ་འཛིན་པ། མཚོ་ཆུ་རྙོག་པ། ཆུ་རྐྱལ་བ། ལུས་ཁྲུས་བྱེད་པ་སོགས་སྤྱོད་ངན་ལ་བཀག་སྡོམ་གྱི་ནུས་པ་ཐོན་ཡོད། སྲིད་གཞུང་གིས་ཀྱང་གནས་དེའི་ཁོར་ཡུག་ལེགས་བཅོས་དང་སྲུང་སྐྱོང་ཐད་དུ་ནུས་ཤུགས་གང་ཡོད་འདོན་སླད་གློག་མིག་མཉེན་ཆས་བཙུགས་ནས་ཁྲིམས་འགལ་གྱི་སྤྱོད་ངན་འབྱུང་བར་ནན་སྲུང་བྱས་ཡོད་པ་རེད།  ཡུལ་འདིའི་དད་ལྡན་པ་ཁ་ཤས་དུས་ཆེན་སྐབས་སུ་མཚོ་སྐོར་དུ་འགྲོ་བ་དང་མཚོ་གཏེར་འབུལ་ཏེ་བཀུར་བསྟི་བྱེད་པ་མ་ཟད།  མཚོ་མོའི་ཉེ་འཁོར་གྱི་རི་སྐྱེས་རི་དྭགས་རྔོན་པ་དང་གཏེར་ཁ་སློག་པ། ས་བརྐོ་རྡོ་སློག་བྱེད་པ།   ཤིང་ནགས་གཅོད་འབྲེག་བྱེད་པ་བཅས་ཀྱི་ལས་སྐྱུངས་པར་ཡང་ནུས་པ་གལ་ཆེན་ཐོན་ཡོད།


བརྡ་འགྲེལ་གདོང་འཛར།

ས་ཁམས། ཆུ་བོ། མཚོ། མཚོ་ནུབ།