མཚོ་བདུན་གོང་ཁ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-08-01 18:23ལ་འགྲུབ།

མཚོ་བདུན་གོང་ཁ།

མཚོ་བདུན་གོང་ཁ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་ཆུ་འགག་སྡེ་བའི་ནུབ་ཕྱོགས་སུ་སྤྱི་ལེ30ཙམ་གྱི་མཚམས་ན་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི4321ཡོད། གོང་ཁ་འདི་ན་མཚེའུའམ་མཚོ་གོར་ཆུང་ཆུང་བདུན་ཡོད་པས་ན་མིང་ཡང་དེ་སྐད་དུ་ཐོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
措登贡喀
ལ་ཏིང་གི་མིང་།
mtsho bdun gong kha
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ།
མཚོ་འཕགས།
སྨི4321
གནས་ཡུལ།
རྩི་གོར་ཐང་གྲོང་རྡལ་ཆུ་འགག་སྡེ་བའི་ནུབ་ཕྱོགས་ན་ཡོད།
1 ངོ་སྤྲོད།

མཚོ་བདུན་གོང་ཁ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་ཆུ་འགག་སྡེ་བའི་ནུབ་ཕྱོགས་སུ་སྤྱི་ལེ30ཙམ་གྱི་མཚམས་ན་ཡོད།    མཐོ་ཚད་ལ་མཚོ་ངོས་ལས་སྨི4321ཡོད། གོང་ཁ་འདི་ན་མཚེའུའམ་མཚོ་གོར་ཆུང་ཆུང་བདུན་ཡོད་པས་ན་མིང་ཡང་དེ་སྐད་དུ་ཐོགས་ཤིང་། གོང་ཁ་འདིའི་ཕྱོགས་ནི་བྱེ་མ་ཡོད་ས་ཞིག་ཡིན་ཞིང་། བྱེ་མའི་མདོག་ནི་ངང་བའི་སྒྲོ་མདོག་དང་འདྲ་བས་ན་འདི་ལ་བྱེ་མ་ངང་ལ་ཞེས་སུ་ཐོགས་པར་བཤད། 


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། རི་སྒང་ཉག་གསུམ།