མདོ་ལྡེ་སྒང་།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-08-01 18:22ལ་འགྲུབ།

མདོ་ལྡེ་སྒང་།

མདོ་ལྡེ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་འབྲོང་འཐུས་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ18ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4315ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朵德冈
ལ་ཏིང་གི་མིང་།
mdo lde sgang
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་འབྲོང་འཐུས་ཡུལ་ཚོ།
མཚོ་འཕགས།
སྨི4315
གནས་ཡུལ།
འབྲོང་འཐུས་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་ན་ཡོད།
1 ངོ་སྤྲོད།

མདོ་ལྡེ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་འབྲོང་འཐུས་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ18ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4315ཡོད། སྒང་འདིའི་ཉེ་འདབས་སུ་རྡོ་རྫོང་ཕུ་དྲུག་ཏུ་གྲགས་པའི་ལུང་བ་དེ་དག་གི་ཕུ་འགོ་དང་། འབྲོང་འཐུས་ཉིན་ཕྱོགས་ཀྱི་མདོ་ཆེན་སོགས་ལུང་བ་འགའི་ཕུ་འགོ་བཅས་ལྷན་དུ་འདུས་ཡོད་པས་ན་མིང་ཡང་དེ་ལྟར་དུ་ཐོགས་ཟེར། དེང་སང་སྒང་འདི་ལ་མདོ་ལྡེ་སྒང་དུ་འབོད་པ་དེ་ནི་དང་ཐོག་མདོ་འདུས་སུ་གྲགས་པའི་སྒྲ་དེའི་ཟུར་ཉམས་པའི་འབོད་སྟངས་ཡིན་པར་མངོན་ནོ། ། 


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། རི་སྒང་ཉག་གསུམ།