གཏིབ།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-04-11 15:41ལ་འགྲུབ།

གཏིབ།

རླངས་པ་སོགས་དབུགས་གཟུགས་ཀྱིས་མིག་ལམ་སྒྲིབ་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 遮蔽,笼罩

དབྱིན་ཡིག to make overcast with clouds or fog

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས། (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)རླངས་པ་སོགས་དབུགས་གཟུགས་ཀྱིས་མིག་ལམ་སྒྲིབ་པ་སྟེ། ཁང་བར་རླངས་པ་གཏིབ་པར་བྱ། གཏིབ་བཞིན་པ་ཞེས་པ་ལྟ་བུ། 【གཏིབས】ནི་འདས་པ་དང་སྐུལ་ཚིག་སྟེ། རླངས་པ་གཏིབས་ནས་མིག་ལམ་བསྒྲིབས། རླངས་པ་གཏིབས་ཤིག་ལྟ་བུ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  〔ཐ་དད་པ〕གཏིབས་པ།  གཏིབ་པ།  གཏིབས།   དཀྲིག་པའམ་འཐིབས་པར་བྱེད་པ།  ནམ་མཁར་སྤྲིན་གཏིབས།  ས་གཞིར་མུན་པ་གཏིབས།   སྨུག་པ་གཏིབས་ནས་མིག་ལམ་བསྒྲིབས་པ།