གཏར།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-04-11 11:38ལ་འགྲུབ།

གཏར།

ནད་པའི་ལུས་ནས་ཁྲག་རྣག་ལེན་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 剖刺,穿刺

དབྱིན་ཡིག to bleed, to draw blood

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ་དང་འདས་པ)ནད་པའི་ལུས་ནས་ཁྲག་རྣག་ལེན་པའི་དོན་ཏེ། སྐྲངས་པ་གཏར་བར་བྱ། གཏར་གྱིན་ཡོད། སྐྲངས་པ་གཏར་ནས་རྣག་ཐོན་ལྟ་བུ། 【གཏོར】ནི་སྐུལ་ཚིག་སྟེ། སྐྲངས་པ་འདི་གཏོར་ཅིག་ལྟ་བུ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   〔ཐ་དད་པ〕ནད་པའི་ལུས་ནས་ཁྲག་རྣག་ལེན་པའི་དོན་ཏེ།    ཁྲག་གི་ཞག་རྩི་མང་བའི་ནད་ལ་ཁྲག་གཏར་ན་ཕན་ངེས་རེད།    སྨན་པས་ནད་པ་ལ་ཁྲག་གཏར་དགོས་ཟེར།   ལྟ་བུ།    ཁྲག་གཏར་པ་ཡིན།    ཁྲག་གཏར་དགོས།    ཁྲག་གཏར་བཞིན་འདུག་ལྟ་བུ་རྣམས་ནི་དུས་གསུམ་གྱི་ཁྱད་པར་ཡིན།