གཏན།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-04-11 11:39ལ་འགྲུབ།

གཏན།

ཡུན་རིང་བའམ་ཕུགས་ཀྱི་དོན།
1 ལོ་ཙཱ།

རྒྱ་ཡིག 永久,长远

དབྱིན་ཡིག constant, permanent, always

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①ཡུན་རིང་བའམ་ཕུགས་ཀྱི་དོན་ཏེ། གཏན་གྱི་གྲོགས་པོ། གཏན་གྲོགས། གཏན་གྱི་འདུན་མ། གཏན་འདུན། གོར་ནད་གཏན་མེད་དུ་བཏང་། ལག་ལེན་གྱི་ཉམས་མྱོང་རྣམས་གཏན་ནས་མ་བརྗེད་ལྟ་བུ། ②(བྱེད་འབྲེལ་ལས་ཚིག)སྒོ་དམ་པོ་བྱས་པའི་དོན་ཏེ། སྒོ་གཏན། སྒོ་མ་གཏན་ཞེས་པ་ལྟ་བུ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①དུས་གནས་སྐབས་ཙམ་མིན་པ། ནམ་ཞག་གཏན་དུ་མིག་ལྟོས་ཡར་ལྟ་བྱེད།    གཏན་དུ་འཚོ་ཞིང་གཞེས། གཏན་དུ་བདེ་བ་ཐོབ། ②རྩ་བའམ་ནམ་ཡང་།  གཏན་ནས་མེད། འགོག་ཐབས་གཏན་ནས་མེད་པ།  མཐུན་ཐབས་གཏན་ནས་མི་བྱེད་པ། སྔ་མ་དང་གཏན་ནས་མི་འདྲ་བ་།