ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 15,747 ཡོད།

རྟོག་གེ་འབར་བ།

རྒྱ་གར་གྱི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་དབུ་མ་རང་རྒྱུད་དུ་བཀྲལ་བའི་རང་གཞུང་དབུ་མ་སྙིང་པོ་དང༌། དེའི་རང་འགྲེལ《རྟོག་གེ་འབར་བ》མཛད་པ་ལ་བམ་པོ་ཉི་ཤུ་རྩ་བདུན་ཡོད་ཅིང༌། རང་གཞན་གྱི་གྲུབ་མཐའ་ཐམས་ཅད་ཀྱི་འདོད་ཚུལ་ཆེས་ཤིན་ཏུ་གསལ་བའི་བསྟན་བཅོས་ཤིག་ཡིན། གཞུང་འདི་ཇོ་བོ་རྗེས་ཀྱང་རྒྱ་བོད་གཉིས་སུ་ཁྲིད་ལན་མང་དུ

20170810

དབུ་མ་ཚིག་གསལ།

གནོད་བྱེད་མང་དུ་སྟོན་ནོ།། དེ་སྟོན་ཚུལ་ཡང་རྩ་བར། བདག་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མ་ཡིན་རྒྱུ་མེད་མིན།། དངོས་པོ་གང་དང་གང་ལ་ཡང་།། སྐྱེས་པ་ནམ་ཡང་ཡོད་མ་ཡིན།། ཞེས་པའི་སྐབས་སུ་སློབ་དཔོན་སངས་རྒྱས་སྐྱངས་ཀྱིས་ཐལ་འགྱུར་གྱི་སྒོ་ནས་འཆད་པ་ལ། སློབ་དཔོན་ལེགས་ལྡན་གྱིས་དེ་ལྟར་ན་དཔེ་མ་བཀོད་པ་དང་གཏན་ཚིགས་མ་བརྗོད་པ་ལ་སོགས་པའི་སྐྱོན་མང་བོ་བསྟན་པ་ལ

20160813

རིག༌བྱེད་ཀྱི་སྨྲེང༌།

རིག་བྱེད་ཀྱི་གཞུང་སྟེ། རྒྱ་གར་ན་མུ་སྟེགས་པའི་ཆོས་ལུགས་རིགས་མི་འདྲ་བ་མང་པོ་ཡོད་པའི་ནང་ནས་གྲགས་ཆེ་བ་ནི་དྲུག་ཡིན་ཅིང༌། དེ་དག་རང་རང་སོ་སོའི་ཐོག་མའི་སློབ་དཔོན་གྱིས་བརྩམས་པའི་རིག་བྱེད་ཀྱི་གཞུང་ཡོད་པར་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ཀྱིས་མཛད་པའི《དབུ་མ་རྟོག་གེ་འབར་བ》ལས་གསུངས།རིག་བྱེད་ཀྱི་གཞུང་སྟེ། རྒྱ་གར་ན་མུ་སྟེགས་པའི་ཆོས

20180305

བཀའ་བསྡུ་གཉིས་པ།

འདུལ་བའི་སྐོར《ལུང་ཕྲན་ཚེགས》བམ་པོ་ང་བརྒྱད་པ་དང་ང་དགུ་པ(སྡེ་དགེ་བཀའ་འགྱུར་པོད་ད་པའི་མཇུག་ཏུ་ཡོད)གཉིས་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ(སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བརྩམས་པའི《རྟོག་གེ་འབར་བ》སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ(སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བརྩམས་པའི《རྟོག་གེ་འབར་བ》དང་སློབ་དཔོན་

20170605

ཚལ་པའི་དཔོན་རབས་རིམ་བྱུང༌།

རིང་སྲིད་དབང་བཟུང༌། 13.ཏྲེ་ཧོས་དཔལ་འབྱོར་བཟང་པོ། གོང་འཕྲོས་ནས་རབ་བྱུང་དྲུག་པའི་ས་རྟ(1378)བར་ལོ་ཉེར་གཅིག་རིང་སྲིད་དབང་བཟུང༌། 14.དྲུང་སློབ་དཔོན་ལེགས་ལྡན་པ། གོང་འཕྲོས་ནས་རབ་བྱུང་དྲུག་པའི་ཤིང་བྱི(1384)བར་ལོ་བདུན་རིང་སྲིད་དབངབཟུང༌། 15.ཀྲེ་ཧོས་དགའ་བདེ་བཟང་པོ། གོང་འཕྲོས་ནས་རབ་བྱུང་བདུན་པའི་མེ་གླང

20180117

དབུ་མ་རང་རྒྱུད་པ།

དེར་མ་གྲུབ་ན་ཆད་ལྟར་འགྲོ་བར་འདོད་དོ། །འོན་ཀྱང་བདེན་པར་གྲུབ་པ་དང༌། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། ཡང་དག་པར་གྲུབ་པ་བཞི་ནི་ཐ་སྙད་དུའང་མི་བཞེད་དོ། །ལུགས་འདི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཤིང་རྟའི་སྲོལ་འབྱེད་པར་མཛད་ཅིང༌། དེ་ལ་དབྱེ་ན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཡོད

20171226

རྟོགས་བྱེད་ཀྱི་རིག་པ།

རླུང་སྦྱོར་དང༌། བུད་མེད་དང་སྦྱར་ནས་ཁམས་འཛག་པའི་བདེ་བ་ལ་བརྟེན་ནས་འཁྲིག་བདེའི་ཡེ་ཤེས་སྐྱེས་པ་ནི་ཐར་པ་ཡིན་ཟེར། མུ་སྟེགས་པ་དེ་གཉིས་ཀྱི་ལྟ་བའི་འདོད་ཚུལ་རྒྱས་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི《དབུ་མ་རྟོག་གེ་འབར་བ》དང༌། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི《དབུ་མ་འཇུག་པ》རྩ་འགྲེལ། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི

20170810

གངས་རིར་གནས་པ།

གི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བའི་གང་དག་རྒྱུར་སྨྲ་བའི་སྡེ་ཞེས་བྱ་བ་དང༌། སྔོན་གནས་བརྟན་པའི་སྡེ་གང་དག་གངས་རི་པའི་སྡེ་ཞེས་བྱ་བ་སྡེ་པ་གཉིས་རྣམ་པར་བཞག་གོ ། ཞེས་དང༌། སློབ་དཔོན་ལེགས་ལྡན་གྱིས་མཛད་པའི《སྡེ་པ་ཐ་དད་པ་རྣམ་པར་འབྱེད་པ》སྡེ་དགེ་བསྟན་འགྱུར་པོད[སུ]ཤོག་གྲངས147ནས154བར་བཞུགས་པ་དེའི་ཤོག་གྲངས147པར། གནས་བརྟན་འཕགས་པའི་རིགས

20170522

ཕུན་ཚོགས་དར་རྒྱས་རྒྱ་མཚོ་དཔལ་བཟང་པོ།

སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྣམ་སྤྲུལ་དུ་གྲགས་པ་ཡོངས་འཛིན་ཕུན་ཚོགས་དར་རྒྱས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི་བླ་ཁོ་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་རྒྱ་མཚོ་དང་སྐུ་ཡུལ་གཅིག་པའི་མདོ་སྨད་ལྷོ་རྒྱུད་ཀ་རིང་གཤོང་ས་རུ་སྐུ་འཁྲུངས།དགུང་ལོ3པར(སྤྱི་ལོ1911ལོ)མ་ཡུམ་དང་ལྷན་དུ་དྷཱིཿཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ཏེ་ཞྭ་དམར

20230920

དཔལ་ལྡན་ཟླ་བ་གྲགས་པར་བསྟོད་པ་བུང་བའི་སྒྲ་དབྱངས།

གྱི་གནས་ལུགས་རྗེན་པར་སྟོན་པ་ལ་ཁྱོད་ཉིད་ཁོ་ན་ཁྱད་པར་དུ་འཕགས་པ་དང་། ཚུལ་དེས་ཁོང་ཉིད་ཀྱིས་དཔལ་ལྡན་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་ལམ་སྲོལ་ཡངས་པོར་ཕྱེ་བ་གོ་ཞིང་། སློབ་དཔོན་ལེགས་ལྡན་འབྱེད་ལྟ་བུས་ཀྱང་ཁོང་ཉིད་ཕྱོགས་སྔར་བླངས་ནས་འགོག་དགོངས་འདུག་ཀྱང་མཚན་བཟུང་སྟེ་བཀག་པ་མེད། དེ་ཡང་ཁོང་གི་རིགས་པ་རྣམས་གནས་ལུགས་སུ་སོང་བའི་རྒྱུ་མཚན་གྱིས་སོ

20181030