ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 8,355 ཡོད།

སྟེང་སོ་ཡུལ་ཚོ།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོ་ནི་གཅན་ཚ་རྫོང་རྫོང་མཁར་གྱི་ལྷོ་ཕྱོགས་སུ་སྤྱི་ལེ16ཕྱིན་པའི་སར་ཆགས་ཤིང་། ནུབ་བྱང་ན་ནང་ཁོག་ཡུལ་ཚོ་དང་། ནུབ་ལྷོར་གཅན་ཚ་ཐང་ཡུལ་ཚོ། བྱང་ཕྱོགས་སུ་སྣང་ར་ཡུལ་ཚོ། ཤར་ལྷོ་དཔའ་ལུང་རྫོང་དང་རེབ་གོང་རྫོང་གཉིས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ130ཡོད

20160712

སྒར་ཁ།

སྒར་ཁ་ཞེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྡེ་ཆུང་ཞིག་ཡིན།སྒར་ཁ་སྡེ་བ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ནུབ་ཕྱོགས་སུ་ཡོད་ལ། སྒར་ཁ་ཞེས་མིང་ཐོགས་དོན་ནི་སྒར་ཤུལ(ཁྲུས་ཀ་དགོན་པའི་དགོན་ཤུལ)དུ་སྡེ་བ་གཞིས་ཆགས་པས་ན་མིང་དུ་དེ་ལྟར་ཐོགས་སོ།།རྒྱ་ཡིག་གི་མིང་། 尕什卡村 ལ་ཏིང་གི་མིང

20160712

རྨ་སྟོད།

རྨ་སྟོད་ཅེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྡེ་ཆུང་ཞིག་ཡིན།རྨ་སྟོད་སྡེ་བ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཤར་ལྷོའི་ཕྱོགས་སུ་ཡོད་ལ། རྨ་སྟོད་ཅེས་མིང་ཐོགས་དོན་ནི་རྨ་ཆུའི་སྟོད་ཕྱོགས་སུ་གནས་པའི་ཆ་ནས་མིང་ཡང་དེ་ལྟར་དུ་ཐོགས། སྡེ་བ་དེར་ར་རྒན་ཚང་དང་ཡང་རུང་ཚང་ཞེས་པའི་ཚོ་བ་གཉིསཡོད

20160712

གདོང་རྟིང་།

གདོང་རྟིང་ཞེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྲིད་འཛིན་སྡེ་བ་ཞིག་ཡིན།གདོང་རྟིང་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་སྡེ་བ་ཞིག་སྟེ། གདོང་རྟིང་ཞེས་མིང་ཐོགས་དོན་ནི་གདོང་ཁ་ཞིག་གི་རྟིང་རོལ་ན་སྡེ་བ་ཆགས་ཡོད་པས་གནས་ཀྱི་ཆ་ནས་མིང་ཡང་དེ་ལྟར་ཐོགས

20160712

མཚེར་ལུང་།

མཚེར་ལུང་ཞེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྲིད་འཛིན་སྡེ་བ་ཞིག་ཡིན།མཚེར་ལུང་སྡེ་བ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ནུབ་ཕྱོགས་སུ་ཡོད་པའི་སྡེ་བ་ཞིག་སྟེ། མཚེར་ལུང་ཞེས་པའི་མིང་ཐོགས་དོན་ནི་ལུང་བ་དེ་ནི་སྔོན་གྱི་དུས་སུ་སྒར་བ་ཚང་གི་མཚེར་ས་ཡིན་པ་དང་། ཕྱིས་སུ་ལུང་བའི་ནང་དུ་སྡེ་བའི་གཞིས་ཆགས་པའི

20160712

ཤིང་མཁར།

ཤིང་མཁར་ཞེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྲིད་འཛིན་སྡེ་བ་ཞིག་ཡིན།ཤིང་མཁར་སྡེ་བ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་ཡིན་པ་དང་། ཤིང་མཁར་ཞེས་མིང་ཐོགས་དོན་ནི་ཡུལ་དེའི་ས་འཛིན་སྔ་བ་ཚོས་ཤིང་ནགས་འཛོམས་པའི་མཐུན་རྐྱེན་ལ་བརྟེན་ནས་ཡུལ་དེར་ཤིང་ལས་བྱས་པའི་མཁར་ཞིག་བརྩིགས་ཡོད་པས

20160712

གདོང་མགོ།

གདོང་མགོ་ཞེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྲིད་འཛིན་སྡེ་བ་ཞིག་ཡིན།གདོང་མགོ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཡོད་པའི་སྡེ་བ་ཞིག་སྟེ། གདོང་མགོ་ཞེས་མིང་ཐོགས་དོན་ནི་ཡུལ་དེ་ནི་གདོང་ཁ་ཞིག་གི་སྟེང་ཕྱོགས་ན་གནས་ཡོད་པའི་ཆ་ནས་མིང་ཡང་དེ་ལྟར་ཐོགས

20160712

དགུ་རོང་མཐིལ།

དགུ་རོང་མཐིལ་ཞེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྲིད་འཛིན་སྡེ་བ་ཞིག་ཡིན།དགུ་རོང་མཐིལ་སྡེ་བ་ནི་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ལྷོ་ཕྱོགས་སུ་ཡོད་ལ། རོང་དགུ་འདུས་པའི་མདོ་ཡིན་པས་ན་དགུ་རོང་ཞེས་ཟེར་ལ། ལུང་བའི་མཐིལ་ན་ཡོད་པས་ན་དགུ་རོང་མཐིལ་ཞེས་ཟེར། དགུ་རོང་མཐིལ་ལ་རིན་རྒྱག་ཚང་དང་རྒྱ་འབུད་ཚང་ཞེས་པའི་ཚོ་བ

20160712

དགུ་རོང་ཕུ་བ།

དགུ་རོང་ཕུ་བ་ཞེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྲིད་འཛིན་སྡེ་བ་ཞིག་ཡིན།དགུ་རོང་ཕུ་བ་སྡེ་བ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་དབུས་སུ་ཡོད་པ་དང་། དགུ་རོང་ཕུ་བ་ཞེས་མིང་ཐོགས་དོན་ནི་རོང་དགུ་འདུས་པའི་མདོ་ཡིན་པས་ན་དགུ་རོང་ཞེས་ཟེར་ལ། ལུང་བའི་ཕུ་ན་ཡོད་པས་ན་དགུ་རོང་ཕུ་བ་ཟེར་བ་དང

20160712

དགུ་སྟེང་།

དགུ་སྟེང་ཞེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྲིད་འཛིན་སྡེ་བ་ཞིག་ཡིན།དགུ་སྟེང་སྡེ་བ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ནུབ་ཕྱོགས་སུ་ཡོད་པའི་སྡེ་བ་ཞིག་སྟེ། དགུ་སྟེང་ཞེས་མིང་ཐོགས་དོན་ནི་དགུ་རོང་གི་སྟེང་ངམ་ཀླད་དུ་ཡོད་པས་མིང་ཡང་དེ་ལྟར་ཐོགས་ལ། ཡང་དགུ་ཆུའི་ལ་སྟེང་ན་གནས་པའི་ཆ་ནས་དགུ་སྟེང་ཞེས

20160712