སྟེང་སོ་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོ་ནི་གཅན་ཚ་རྫོང་རྫོང་མཁར་གྱི་ལྷོ་ཕྱོགས་སུ་སྤྱི་ལེ16ཕྱིན་པའི་སར་ཆགས་ཤིང་། ནུབ་བྱང་ན་ནང་ཁོག་ཡུལ་ཚོ་དང་། ནུབ་ལྷོར་གཅན་ཚ་ཐང་ཡུལ་ཚོ། བྱང་ཕྱོགས་སུ་སྣང་ར་ཡུལ་ཚོ། ཤར་ལྷོ་དཔའ་ལུང་རྫོང་དང་རེབ་གོང་རྫོང་གཉིས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ130ཡོད། དེའི་མངའ་ཁོངས་དགུ་རོང་མཐིལ་དང་། ཤིང་མཁར། དགུ་སྟེང་། གདོང་རྟིང་། གདོང་མགོ མཚེར་ལུང་། ལྷ་སྡེ། དགུ་རོང་ཕོ་བ་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང8དང་། སྒར་ཁ་དང་རྨ་སྟོད་ཅེས་པའི་སྡེ་ཆུང་གཉིས་ཀྱང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
当顺乡
ལ་ཏིང་གི་མིང་།
steng so
སྲིད་འཛིན་རིགས་དབྱེ།
ཡུལ་ཚོ།
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་།
མངའ་ཁོངས།
མངའ་ཁོངས་དགུ་རོང་མཐིལ་དང་། ཤིང་མཁར་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང8དང་། སྒར་ཁ་དང་རྨ་སྟོད་ཅེས་པའི་སྡེ་ཆུང་གཉིས་ཀྱང་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ130
མི་གྲངས།
མི2000ལྷག
གནས་ཡུལ།
གཅན་ཚ་རྫོང་མཁར་གྱི་ལྷོ་རྒྱུད་དུ་ཡོད།
1 ངོ་སྤྲོད།

སྟེང་སོ་ཡུལ་ཚོ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་མཁར་གྱི་ལྷོ་རྒྱུད་དུ་སྤྱི་ལེ16ཕྱིན་པའི་སར་ཆགས་ཤིང་། སའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ130ཡོད། ནུབ་བྱང་ན་ནང་ཁོག་ཡུལ་ཚོ་དང་། ནུབ་ལྷོར་གཅན་ཚ་ཐང་། བྱང་ཕྱོགས་སུ་སྣང་ར་ཡུལ་ཚོ། ཤར་ལྷོ་དཔའ་ལུང་རྫོང་དང་རེབ་གོང་རྫོང་གཉིས་བཅས་དང་འབྲེལ་ནས་ཡོད། མི་གྲངས་ཁྲི2ཡོད།

སྟེང་སོ་ཞེས་མིང་ཐོགས་དོན་ནི་བོད་བཙན་པོའི་དམག་དཔུང་མདོ་སྨད་ཡུལ་དུ་ས་མཚམས་སྲུང་བར་སླེབས་པའི་ཚེ་ན་གནས་དེ་ནས་སོ་ལྟ་བྱས་པས་ན་མིང་ཡང་དེ་ལྟར་ཐོགས་པར་བཤད་ལ། ཡང་སྣང་རའི་དཔོན་སྒར་གྱིས་གནས་དེ་ནས་སོ་ལྟ་བྱས་པས་ན་མིང་དུ་སྟེང་སོ་ཞེས་ཐོགས་པར་ཡང་གྲགས།

སྤྱི་ལོ1954ལོར་སྟེང་སོ་ཡུལ་ཚོ་བཙུགས། སྤྱི་ལོ1958ལོར་གཅན་ཚ་ཐང་ཀུང་ཧྲེ་དང་མཉམ་བསྲེ་བྱས། སྤྱི་ལོ1961ལོར་སྟེང་སོ་ཀུང་ཧྲེ་བཙུགས། སྤྱི་ལོ1984ལོར་སྟེང་སོ་ཡུལ་ཚོ་རུ་བསྒྱུར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།