ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 21 ཡོད།

བདུད་རྩི་ཕན་འདོགས།

བྲག་ཞུན་གྲེས་ཐལ་སྦྲང་སྦྱར་བྱུག །རི་གཟར་ཆུ་འདྲའི་ཆུ་སེར་གཅོད། །རྟ་དང་ཁྱི་ཕག་ཐོད་པ་གསུམ། །བསྲེགས་པའི་ཐལ་བ་དག་དང་ནི། །བཟང་དྲུག་གྲོས་བཞི་ཚ་བ་གསུམ། །ཉ་ཕྱིས་ཐལ་སྦྱར་སྐྲན་རིགས་འཇོམས། །པི་ལིང་དང་སྦྱར་དམུ་ཆུ་སེལ། །ཤུ་དག་ཀ་ར་དང་སྦྱར་ནས། །བྱང་ཁོག་ལ་སོགས་རྣག་རྣམས་སེལ། །བཅའ་སྒ་དང་སྦྱར་མ་ཞུ་སེལ། །དབྱི་མོང་དང་སྦྱར་ཕོ་ལྷོག་འཇོམས

20230325

བྱི་བྲུན་བཞི་བ།

སྨན་འདི་ཁ་དོག་ནག་སྐྱ་ཅན། རོ་ཚ་ལ་བསྐ་བ། དྲི་ཅུང་ཞིམ་པ། ནུས་པ་སྙོམས་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། སྟོད་སྨད་ཕྱི་ནང་སྲིན་གྱི་ནད་རིགས་འཇོམས༎ མན་ངག་བྱེ་བ་རང་བསྲེལ་སོགས༎ སྔོན་གྱི་གསོ་གཞུང་ཕལ་ཆེར་དུ༎ སྲིན་སྨན་རྡོ་རྗེ་ཅན་དང་ནི༎ ལ་ལར་ཚངས་པ་དབུལ་སེལ་གྲགས༎བྱི་བྲུན20 པི་པི་ལིང30 བ་སྤྲུ25 ཡུང་བ

20191224

ས་གྷི་ཝང་།

ས་གྷི་ཝང་ནི་ས་སྨན་གྱི་རིགས་ཤིག་སྟེ། རིམས་དང་དུག་རིགས་འཇོམས། དོན་སྣོད་ཀྱི་ཚད་པ་སེལ། ཚད་པའི་འཁྲུ་བ་གཅོད།ས་ཡི་གྷི་ཝང་། ས་གས། སྨན་འདི་ས་འོག་ནས་ཐོན་པའི་ས་སྨན་ཞིག་ཡིན་ཏེ། མདོག་སེར་སྐྱ་ཅན་ཆེ་ཆུང་ལ་ངེས་པ་མེད་ཅིང་། དབྱིབས་རྭ་དང་འདྲ་བ། དཀྱིལ་དུ་བུ་གའི་རྣམ་པ་དོད་པ། ཕྱི་ཅུང་ཟད་རྩུབ་ཅིང་རྒྱུ་ཅུང་ཟད་མཁྲེགས་པོ་བཅང་བ

20190620

ཆུ་འདྲེན་ཟླ་ཤེལ།

བོད་ཀྱི་གསོ་རིག་ལས་སྨུག་པོ་ཟགས་ཆུའི་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ལྕགས་རྩི། ཅུ་གང་། ལི་ཤི གུར་གུམ། ཛཱ་ཏི། སུག་སྨེལ་སོགས་སྨན་སྣ་བཅུ་གཅིག་ལས་གྲུབ་པ་དང་། འདུས་པ་སྨུག་པོའི་ནད་རིགས་འཇོམས་པར་བྱེད་ཅིང་། ཁྱད་པར་དུག་དང་སྨུག་པོའི་དབང་གིས་ཁྲག་ཏུ་འཁྲུ་བའམ་སྐྱུགས་པ་དང་། ཚ་བ་བྱེར་བ། རྙིང་ཚད། གབ་ཚད། འགྲམས་ཚད། འཁྲུགས་ཚད་སོགས་ལ་ཕན་པ་ཞིག་ཡིན

20160308

གཡུ་འབྲུག་ཟིལ་བ།

རྩ་བ་བཅས་ལོ་སྡོང་ཚང་མ་བོད་ཟླ་བདུན་པར་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་སྐམ་ནས་སྤྱོད་དགོས། རོ་ཁ་བ་དང་། ཞུ་རྗེས་ཁ་བ། ནུས་པ་བསིལ་བའོ། ། སྟོང་རི་ཟིལ་བས་རིམས་དང་ཚད་རིགས་འཇོམས།། ཞེས་དང་།རང་བྱུང་བས། སྟོང་རི་མཁྲིས་སྨན་མཁྲིས་ཚད་སེལ།། ཞེས་གསུངས་པ་ལྟར་རོ། །བོད་ཡིག་གི་མིང་། གཡུ་འབྲུག་ཟིལ་བ། རྒྱ་ཡིག་གི་མིང་། 蓝花柴堇 ཕྱི་ཡིག་གི་མིང

20190626

ལུག་ངལ་དཀར་པོ།

ས་ཁུལ་ཕལ་ཆེ་བའི་ཆུ་འགྲམ་དང་སྲིབ་ཀྱི་ལྡུམ་གསེབ་སོགས་སུ་སྐྱེ། ལོ་སྡོང་མེ་འབྲས་ཡོངས་རྫོགས་སྤྱི་ཟླ6-8པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་མངར། ཞུ་རྗེས་བསིལ། ནུས་པས་དུག་སེལ་ཞིང་ཡན་ལག་སྐྲངས་པ་འཇོམས། རླུང་གཟེར་གྱི་རིགས་འཇོམས།རྒྱ་ཡིག་གི་མིང་། 硕犬马先蒿 ཁོངས་གཏོགས། སྔོ་སྨན་གྱི་རིགས

20190917

ཤང་མཚེ་ནག་པོ།

སྐྲངས་དང་འབྲས་རྣམས་གང་ཡིན་སེལ༎ ཞེས་གསུངས། སྨན་དུ་སྦྱར་བྱ་ནི་འབྲས་བུ་སྟེ་ཟླ8-9པར་བཏུས་ནས་བསིལ་སྐམ་ལེགས་ཚགས་བྱ། རོ་ནུས། རོ་ཚ་བསྐ། ཞུ་རྗེས་སྙོམས། ནུས་པས་ལྷོག་རིགས་འཇོམས། སྐྲངས་པ་འདུལ། འབྲས་ནད་སེལ། གདོན་ནད་ལ་ཕན། མཚོ་ངོས་ལས་སྨི2600-4200བར་གྱི་ཡུལ་ཕལ་མོ་ཆེར་ཡོད་པ་དང་། གྲོང་པའི་ཉེ་འཁོར་གྱི་རྩིག་ཟུར་དང་། ལམ་འགྲམ

20190918

སྤྱང་ཚེར་རྒོད་པ།

མེ་ཏོག་རྟ་ཡི་དོམ་དོམ་འདྲ༎ འབྲས་བུ་ལ་སོགས་སྔ་མ་ལྟར༎ ཞེས་གསུངས་སོ༎ དེ་ཉིད་ལས། གཉིས་ཀའི་རྩ་བ་རྐང་གཅིག་པ༎ མཐོ་གང་ཙམ་ནས་ཇེ་ཕྲར་རྫོགས༎ གཉིས་ཀའི་ལོ་མས་སྐྲངས་རིགས་འཇོམས༎ རྩ་བ་དཔྱིད་བརྐོས་ནད་ཀུན་སྐྱུགས༎ ཞེས་གསུངས་སོ༎ གཞན་ཡང་འདི་ལ་སྐྱེ་ཚུལ་ཅུང་ཟད་མི་འདྲ་བ་འགའ་ཞིག་མཆིས་ཀྱང་ངོ་བོ་གཅིག་པའོ༎ སྨན་དུ་སྦྱར་བྱ་ནི་རྩ་བ་སྟེ

20190923

རྒྱ་སྤོས་བདུན་པ།

སྲིན་བུའི་དུག་རིགས་འཇོམས་ལ་ཕན་པ་ཞིག་ཡིན།རྒྱ་སྤོས། ཤུ་དག་ནག་པོ། གླ་རྩི། ན་ལེ་ཤམ། སུག་སྨེལ། རུ་རྟ། ཤིང་མངར་བཅས་སྨན་སྣ་བདུན་ལས་གྲུབ་པ་ཡིན། ཁྱི་སྦྲུལ་སྦལ་སྡིག་སྲིན་བུའི་དུག་རིགས་འཇོམས། ། ཉིན་རེར་ཐེངས1དང་། ཐེངས་རེར་ཐུན1རེ་བསྟེན། ངོ་བོ་བསིལ་དྲོད་སྙོམས་ལ་བཟི་མེད། འཛེམ་བྱ་ཆུང་། ཕྱེ་མ།རྒྱ་ཡིག་གི་མིང་། 七味草木樨丸 རྣམ་པ། ཕྱེ་མ

20160225

འཛིན་པ་ཟླ་བྲལ།

གཙང་མ་བཟོས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད། རོ་མངར། ཞུ་རྗེས་བསིལ། འདི་ཉིད་མི་རྒྱུ་བའི་དུག་གི་གཙོ་བོ་ཡིན་པས་དུག་ཟིལ་ཤིན་ཏུ་ཆེ། ནུས་པས་ཡན་ལག་ཤ་རུས་ཚིགས་ཀྱི་གཟེར་རིགས་འཇོམས། ཁྱད་པར་གྲུམ་བུ་གཉན་དང་གག་ལྷོག་སོགས་ལ་བསྔགས།རྒྱ་ཡིག་གི་མིང་། 细叶草乌 ཁོངས་གཏོགས། སྔོ་སྨན་གྱི་རིགས

20191024