ས་གྷི་ཝང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་གྷི་ཝང་།
ས་གྷི་ཝང་ནི་ས་སྨན་གྱི་རིགས་ཤིག་སྟེ། རིམས་དང་དུག་རིགས་འཇོམས། དོན་སྣོད་ཀྱི་ཚད་པ་སེལ། ཚད་པའི་འཁྲུ་བ་གཅོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ས་གྷི་ཝང་།
རྒྱ་ཡིག་གི་མིང་།
卷心黄土
ཁོངས་གཏོགས།
གྷི་ཝང་གི་ཁོངས་གཏོགས།
སྡེ།
ས་སྨན་གྱི་སྡེ།
1 མིང་གཞན། 

ས་ཡི་གྷི་ཝང་། ས་གས།

2 སྐྱེ་དབྱིབས།

སྨན་འདི་ས་འོག་ནས་ཐོན་པའི་ས་སྨན་ཞིག་ཡིན་ཏེ། མདོག་སེར་སྐྱ་ཅན་ཆེ་ཆུང་ལ་ངེས་པ་མེད་ཅིང་། དབྱིབས་རྭ་དང་འདྲ་བ། དཀྱིལ་དུ་བུ་གའི་རྣམ་པ་དོད་པ། ཕྱི་ཅུང་ཟད་རྩུབ་ཅིང་རྒྱུ་ཅུང་ཟད་མཁྲེགས་པོ་བཅང་བ། ནུས་པ་གྷི་ཝང་དང་མཐུན་པས་ས་གྷི་ཝང་ཞེས་མིང་བཏགས་པ་ཡིན།

3 འཐུ་དུས་དང་ལས་སྣོན། 

དུས་རྒྱུན་པར་བརྐོ་ཆོག་ལ། གཙང་བསལ་བྱས་ནས་སྤྱོད་དགོས།

4 རོ་དང་ཞུ་རྗེས་ནུས་པ། 

རོ་མངར་ལ་ཁ་བ་དང་། ཞུ་རྗེས་མངར་བ། ནུས་པ་བསིལ་བ།

5 རྐྱང་བའི་ཕན་ཡོན། 

རིམས་དང་དུག་རིགས་འཇོམས། དོན་སྣོད་ཀྱི་ཚད་པ་སེལ། ཚད་པའི་འཁྲུ་བ་གཅོད།


བརྡ་འགྲེལ་གདོང་འཛར།

ས་གྷི་ཝང་། ས་སྨན། ཕན་ནུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-20

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།