ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 17 ཡོད།

ཁྱེད་ཀྱིས་འཚོལ་འདོད་པ་ནི རིམས་འཁྲུགས ཡིན་ནམ།

བཙལ་འབྲས་ནི རིམས་འཁྲུགས ཡིན་མོད། ཁྱེད་ཀྱིས་སྔར་བཞིན རྒྱས་འཁྲུགས། འཚོལ་རྒྱུ་ཡིན་ནམ།

བསམ་འཕེལ་ནོར་བུ།

སྨན་འདི་ཁ་དོག་སེར་སྨུག་ཅན། རོ་བསྐ་བ། ནུས་པ་སྙོམས་པ།བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། བསམ་འཕེལ་ནོར་བུ་གྲགས་པའི་སྨན་མཆོག་འདིས། །རིམས་འཁྲུགས་ཚ་བ་གསར་དང་རྙིང་བ་དང་། །དྲེག་གྲུམ་མཛེ་དང་རེངས་འཁུམས་མཁལ་རྩ་བསྣད། །འགྲམས་འཁྲུགས་རྩ་ལ་བྱེར་ཞིང་ཞེན་པ་དང་། །བཅོས་མང་རྡུགས་པའི་ནད་གཞི་ཀུན་ལ་ཕན

20230824

གཙོ་བརྒྱད་འཇམ་པོའི་བསྡེབས་ཚུལ།

གླ་གུལ་འཛིན་གསུམ་བསྣན་པ་ཡིས། ། གཉན་གསོད་ཚད་པ་ཀུན་ལ་འགྲོ། ། སྨན་རྟ་ཀ་ར་དཀར་པོ་སྦྱར། ། ཁྲག་མཁྲིས་རླུང་དང་ལྡན་པ་སེལ། ། གློ་འཁྲུགས་གབ་ཚད་རྙོགས་ཚད་དང་། ། རིམས་འཁྲུགས་བད་ཀན་རྒྱས་པ་དང་། ། སྟོད་འཚངས་སྐད་མི་བདེ་བ་སེལ། ། གོང་སྨན་ཆེན་པོའི་ཞལ་གདམས་ཡིན། ། ཞེས་གསུངས་ཤིང་། གཞན་དུ་གཙོ་བརྒྱད་ནང་གི་ནུས་པ་འཇམ་པའི་སྨན་གི་ཝཾ་དང

20230823

འཕྲུལ་ཐང་བཅུ་གཉིས།

འདི་ནི་བོད་ཀྱི་གསོ་རིག་ལས་རིམས་འཁྲུགས་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། མ་ནུ། སླེ་ཏྲེས། ཀཎྜ་ཀ་རི། ཨ་རུ་ར། སྐྱུ་རུ་ར། བ་རུ་ར་སོགས་སྨན་སྣ་བཅུ་གཉིས་ལས་གྲུབ་པ་དང་། ཚ་བ་མ་སྨིན་པའི་ནད་དང་།རིམས་འཁྲུགས་ནད། ཟུངས་ངན་བཅས་ལ་ཕན་པ་ཞིག་ཡིན།མ་ནུ། སླེ་ཏྲེས། ཀཎྜ་ཀ་རི། ཨ་རུ་ར། སྐྱུ་རུ་ར། བ་རུ་ར། བོང་ང་དཀར་པོ། ཀྱི་ལྕེའི་མེ་ཏོག

20160308

འབྲས་བུ་སུམ་ཐང་།

སྨན་འདི་ཁ་དོག་དམར་སྐྱ་ཅན། རོ་སྐྱུར་བ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། ཐང་གིས་རིམས་འཁྲུགས་ཚ་བའི་ནད་ཀྱི་རིགས༎ གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད༎ཨ་རུ30 བ་རུ30 སྐྱུ་རུ30བཅས་སྦྱོར་དགོས། གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས

20200101

ཆུ་མཚེ།

སྙི་བ་སྔོ་སིབ་པ། བརྡུང་བས་ཁུ་བ་དམ་ཚི་ཅན་ཡོད། ཁ་ཅིག་ན་ཤུག་གམ། ཁ་ཅིག་ན་ཁུ་བྱུག་རྩྭ་ལྗང་དང་། ཁུ་བྱུག་རྩྭ་འཇམ་སོགས་ཟེར་ལ། རྩའི་ཁྲག་ཤོར་གཅོད་པ་དང་། ཚད་པ་གསར་རྙིང་། རིམས་འཁྲུགས། མཁྲིས་ཚད་ལ་སོགས་ཚད་པ་སྤྱི་དང་ཁྱད་པར་མཆེར་ཚད་སེལ། དེ་མིན་རྨ་གསོ་སྐྲན་འདུལ་བ་ཡིན།སེ་ཁྲུ་དང་། ཐུན་རྫས། གུ་དུར་སྨྱུག་མ་སོགས་ཀྱང་ཟེར། རྩ་བ་ཕྲ་ཞིང་རྩ་ཕྲན་མང་བ་དང

20190625

འབྲས་བུ་གསུམ་ཐང་།

འདི་ནི་བོད་ཀྱི་གསོ་རིག་ལས་ཚ་བ་སྤྱི་གསོ་བའི་སྨན་ཞིག་ཡིན་ཏེ། ཨ་རུ། བ་རུ། སྐྱུ་རུ་བཅས་སྨན་སྣ་གསུམ་གྱིས་གྲུབ་པ་དང་། རིམས་འཁྲུགས་དང་ཚ་བ་གསར་རྙིང་གི་ནད་ལ་ཕན་པ་ཞིག་ཡིན།

20160125

ག་བུར་ནག་པོ་ཟིལ་གནོན།

སྦྱོངས་ཀྱིས་འོག་ཏུ་དྲངས་པར་བྱ། ། སྦྱོང་སྨན་རྣོན་པོ་རྣམས་ཀྱི་སྟེང་། ། ག་བུར་ནག་པོ་གླ་རྩི་དང་། ། ཏིག་ཏ་ཧོང་ལེན་པར་པ་ཏ། ། བསིལ་གྱི་སྡེ་ཚན་བཏང་བྱས་ན། ། ཚད་རིམས་འཁྲུགས་ནད་ཐམས་ཅད་འཁྲུ། ། ཚ་གྲང་ལྕག་བཏང་ནད་སེལ་འགྱུར། ། སྡོར་མེད་ནས་ཐུག་བཏང་ན་ཆད། ། ཁ་ཟས་བསིལ་ལ་འཇམ་པ་དང་། ། སྐོམ་ན་མཛོ་རྟོལ་འོ་ཞོ་བཏང་། ། རྣ་བ་འུར་ལ་སྨྱོ་བ་ན

20230227

སྔོ་སྦྱོར་བཅུ་གསུམ།

དུ་སྡེབ་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ནས་བསྲེས་པས་གྲུབ། སྨན་འདི་ཁ་དོག་ལྗང་ཟེར་ཅན་རོ་ཁ་བ་དང་། ནུས་པ་བསིལ་ལ་བཟི་ཆུང་བའི་སྨན་ཞིག་ཡིན། ཁྲག་མཁྲིས་རིམས་འཁྲུགས་ཚད་པ་གསར་རྙིང་སེལ། ཐེངས་རེར་ཁེ1ནས2བར་དང་ཉིན་རེར་ཐེངས2ནས3བར་གཏོང་དགོས། སྨན་འདི་ཕྱེ་མའི་སྨན་ཞིག་ཡིན་ཞིང་དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་ན་ཡང་ཆོག

20191029

བསམ་འཕེལ་ནོར་བུ།

ཐལ་ཀ་རྡོ་རྗེ། སོ་མ་རཱ་ཛ། མ་ནུ། རུ་རྟ། ཤིང་མངར། འབྲི་ཏ་ས་འཛིན། གསེར་ཕྱེ། སྡིག་སྲིན་སོགས་སྨན་སྣ་སུམ་བཅུ་ལས་གྲུབ་པ་ཡིན། བསམ་འཕེལ་ནོར་བུར་གྲགས་པའི་སྨན་མཆོག་འདིས། །རིམས་འཁྲུགས་ཚ་བ་གསར་དང་རྙིང་པ་དང་། །དྲེག་གྲུམ་མཛེ་དང་རེངས་འཁུམས་མཁལ་རྩ་བསྣད། །འགྲམས་འཁྲུགས་རྩ་ལ་བྱེར་ཞིང་ཞེན་པ་དང་། །བཅོས་མང་རྡུགས་པའི་ནད་གཞི་ཀུན་ལ་ཕན

20160127

ཚད་རྙིང་སེལ་བའི་ག་བུར་ཉེར་ལྔ།

ནུས་པ་བསིལ་པ། བཟི་མེད་པའི་སྨན་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། སྨན་འདིའི་ཕན་ཡོན་ཀ་ར་དཀར་པོ་བརྒྱད་འགྱུར་རྟ་ལ་བསྐྱོན༎ ཚད་པ་རྙིང་བ་རྩི་ལྟར་ཞེན་པ་དང་༎ རིམས་འཁྲུགས་ནད་དང་གློ་མཆིན་ཚད་པ་རྒྱས༎ ཚད་པ་རྙིང་བའི་ནད་ལ་བདུད་རྩི་འདྲ་ཞེས་གསུངས། སྨན་འདི་ཐེངས་རེར་ཁེ1ནས2རེ་དང་། ཉིན་རེར་ཐེངས2ནས3རེ་ཀ་ར་དཀར་པོའི་རྟ་ཡིས་ཕུལ་དགོས

20210722