བསམ་འཕེལ་ནོར་བུ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བསམ་འཕེལ་ནོར་བུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བོད་ཀྱི་གསོ་རིག་ལས་རྩ་དཀར་བཅོས་ཐབས་ཀྱི་སྨན་ཞིག)

བསམ་འཕེལ་ནོར་བུ།
འདི་ནི་བོད་ཀྱི་གསོ་རིག་ལས་རྩ་དཀར་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཅུ་གང་། གུར་ཀུམ། ལི་ཤི ཛཱ་ཏི། སུག་སྨེལ། ཀ་ཀོ་ལ། ཙནྡན་དཀར་པོ་སོགས་སྨན་སྣ་སུམ་ཅུ་ལས་གྲུབ་པ་དང་། ཚ་བ་དྲེག་གྲུམ་དང་རེངས་འཁུམས་རྩ་དཀར་སེལ་བར་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
如意珍宝丸
ཕྱི་ཡིག་གི་མིང་།
Samnor
1 སྨན་སྦྱོར།

ཅུ་གང་། གུར་ཀུམ། ལི་ཤི ཛཱ་ཏི། སུག་སྨེལ། ཀ་ཀོ་ལ། ཙནྡན་དཀར། ཙནྡན་དམར། ཨ་གར་ནག་པོ། གླ་རྩི། གི་ཝང་། མུ་ཏིག བསེ་རུ། ཨ་རུ། བ་རུ། སྐྱུ་རུ། ཟི་ར་དཀར་པོ། ཟི་ར་ནག་པོ། པི་པི་ལིང་། སྒ་དམར། ཤིང་ཚ། སྤོས་དཀར། ཐལ་ཀ་རྡོ་རྗེ། སོ་མ་རཱ་ཛ། མ་ནུ། རུ་རྟ། ཤིང་མངར། འབྲི་ཏ་ས་འཛིན། གསེར་ཕྱེ། སྡིག་སྲིན་སོགས་སྨན་སྣ་སུམ་བཅུ་ལས་གྲུབ་པ་ཡིན།

2 ཕན་ནུས།

བསམ་འཕེལ་ནོར་བུར་གྲགས་པའི་སྨན་མཆོག་འདིས། །རིམས་འཁྲུགས་ཚ་བ་གསར་དང་རྙིང་པ་དང་། །དྲེག་གྲུམ་མཛེ་དང་རེངས་འཁུམས་མཁལ་རྩ་བསྣད། །འགྲམས་འཁྲུགས་རྩ་ལ་བྱེར་ཞིང་ཞེན་པ་དང་། །བཅོས་མང་རྡུགས་པའི་ནད་གཞི་ཀུན་ལ་ཕན། །ཁྱད་པར་རྩ་དཀར་ནད་ཀྱི་གཉེན་པོ་ཡིན། །

3 བསྟེན་ཚུལ།

ཉིན་རེར་ཐེངས1དང་།   ཐེངས་རེར་རིལ་བུ1རེ་བསྟེན།

4 ངོ་བོ། 

ངོ་བོ་བསིལ་ལ་བཟི་མེད།

5 འཛེམ་བྱ།

འཛེམ་བྱ་ཆུང་།

6 རྣམ་པ།

རིལ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-20

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།