ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 1,213 ཡོད།

རྒྱ་ཆེ་བ།

བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [1]ཐ་གྲུ་ཡངས་པ་དང༌། ཚད་གཞི་གཞལ་དཀའ་བ། 广阔,广大,广袤无垠:རྒྱ་ཆེ་མུ་མེད། 广大无边。མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་ཁོར་ཡུག་རྒྱ་ཆེ་བ། 祖国领土,范围宽广。ས་དང་གནམ་ཡངས་ཤིང་ཤིན་ཏུ་རྒྱ་ཆེ་བ། 地阔天空。[2]ཁྱབ་ཆེ་བ་དང༌། འབོར་གྲངས་མང་བ། 广大,众多,广泛,普遍

20210902

མཐོང་རྒྱ་ཆེ་བ

1.ཡོན་ཏན་ཆེན་པོ། 2.ས་ཆ་གུ་ཡངས་པོ།རྒྱ་ཡིག 1.见多识广,渊博 2.视野广阔,地势开旷 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [1]ཡོན་ཏན་ཆེན་པོ། 见多识广,渊博。[2]ས་ཆ་གུ་ཡངས་པོ། 视野广阔,地势开旷。

20240416

བསམ་པ་རྒྱ་ཆེ་བ

རྒྱ་ཆེ་བའི་རྒྱན་གྱི་ནང་གསེས་དང་པོ་བསམ་པ་རྒྱ་ཆེ་བ་ནི་གཞན་གྱིས་སྒྲུབ་པར་དཀའ་བའི་བྱ་བ་རྔམ་ཆེན་གྱི་ཁུར་ལེན་པར་བཟོད་པའི་བསམ་པའི་སྙིང་སྟོབས་རྒྱ་ཆེ་བ་སྟོན་པའི་རྒྱན་ཞིགབསམ་པའི་ཁྱད་པར་བླ་མེད་ཚུལ།། བརྗོད་པ་བསམ་པ་རྒྱ་ཆེའི་རྒྱན།། བསྔགས་པར་འདོད་པའི་ཡུལ་དེའི་བསམ་པའི་ཁྱད་ཆོས་བླ་ན་མེད་པའི་གནས་ཚུལ་གསལ་བར་བརྗོད་པའི་སྒོ་ནས་དེའི་བསམ་པ

20160622

འབྱོར་བ་རྒྱ་ཆེ་བ

རྒྱ་ཆེ་བའི་རྒྱན་གྱི་ནང་གསེས་གཉིས་པ་འབྱོར་བ་རྒྱ་ཆེ་བ་ནི་ཕལ་གྱི་བློ་ཡུལ་ལས་འདས་པའི་དཔལ་འབྱོར་ཕུན་ཚོགས་རྒྱ་ཆེ་བ་སྟོན་པའི་རྒྱན་ཞིགགནས་སོགས་འབྱོར་བ་བླ་མེད་ཆོས།། སྟོན་བྱེད་འབྱོར་བ་རྒྱ་ཆེའི་རྒྱན།། གནས་དང་ལུས་དང་ལོངས་སྤྱོད་སོགས་འབྱོར་བའི་ཁྱད་པར་འགྲན་ཟླ་མེད་པའི་གནས་ཚུལ་འགའ་ཞིག་བརྗོད་པའི་སྒོ་ནས་དེ་ཉིད་གང་ལ་ལྡན་པའི་བདག་པོ

20160622

རྒྱ་ཆེ་བའི་ཁྱད་པར་རྣམ་པ་བཞི།

མི་ཕམ་ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་དང་བཅས་པ་ལས་བྱུང་བའི་རྒྱ་ཆེ་བའི་ཁྱད་པར་རྣམ་པ་བཞི་ལ་གོ་བ་ཡིན།མི་ཕམ་ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་དང་བཅས་པ་ལས་བྱུང་བ་སྟེ། 1.སེམས་ཅན་རྗེས་སུ་འཛིན་པའི་ཐབས་སྣ་ཚོགས་དང་ཚད་མེད་པས་བསླབ་པ་ཉིད་རྒྱ་ཆེ་བ། 2.ཡོངས་སུ་མ་ཆད་པའི་སྙིང་རྗེ་ཆེན་པོས་བསོད་ནམས་ཚད་མེད་པ་ཡོངས་སུ་འཛིན་པ་རྒྱ་ཆེ་བ་

20210621

ཞིང་རྒྱ་ཆེ་བ་ཉིད་རྣམ་པ་ལྔ།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བའི་ཞིང་རྒྱ་ཆེ་བ་ཉིད་རྣམ་པ་ལྔ་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། 1.སེམས་ཅན་རྣམས་ལ་མཆོག་ཏུ་ཕན་པའི་ལྷག་པའི་བསམ་པ་ལ་གནས་པ་ལས་ལངས་པ་ནི་འདི་ལྟ་སྟེ། བྱམས་པ་ལ་སྙོམ་པར་འཇུག་པ་ལས་ལངས་པའོ༎ 2.སེམས་ཅན་རྣམས་མཆོག་ཏུ་སེམས་རྗེས་སུ་སྲུང་བ

20220322

ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ལྔ།

རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བའི་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ལྔ་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། 1.དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་ཚེ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བར་སྐྱེད་པར་འགྱུར་རོ༎ 2.དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ

20220209

ཐང་གཡེར།

ས་ཆ་ཐང་སྟོང་ཁ་ཡངས་པའམ། ཐང་ཁ་རྒྱ་ཆེ་བ།རྒྱ་ཡིག 开阔地 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ས་ཆ་ཐང་སྟོང་ཁ་ཡངས་པའམ། ཐང་ཁ་རྒྱ་ཆེ་བ། 开阔地。宽敞的平地。

20240104

ཐུལ་ཆེ།

སྦོམ་པ་དང༌། རགས་པ་དང༌། རྒྱ་ཆེ་བའི་དོན།རྒྱ་ཡིག 粗,广大 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྦོམ་པ་དང༌། རགས་པ་དང༌། རྒྱ་ཆེ་བ། 粗,广大:གཟུགས་པོ་ཐུལ་ཆེ་བ། 身体粗壮。ས་ཐུལ་ཆེ་བ། 大片土地。

20240301

སྤྱི་དམངས་སྤྱིར་བཏང་བ།

​སྤྱི་དམངས་སྤྱིར་བཏང་བ་ཞེས་པ་ནི་རྩ་འཛུགས་ཅན་གྱི་སྤྱི་དམངས་མིན་ཡང་། ཁོ་ཚོས་ཁེ་ལས་དང་དེའི་ཐོན་རྫས་ལ་ངེས་ཟིན་གྱིས་རྒྱ་ཆེ་བའི་འཛད་སྤྱོད་པར་ཤུགས་ཆེན་པོ་ཐེབས་ངེས།སྤྱི་དམངས་སྤྱིར་བཏང་བ་ཞེས་པ་ནི་རྩ་འཛུགས་ཅན་གྱི་སྤྱི་དམངས་མིན་ཡང་། ཁོ་ཚོས་ཁེ་ལས་དང་དེའི་ཐོན་རྫས་ལ་ངེས་ཟིན་གྱིས་རྒྱ་ཆེ་བའི་འཛད་སྤྱོད་པར་ཤུགས་ཆེན་པོ་ཐེབས་ངེས

20240324