ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 778 ཡོད།

འདུས་བྱས།

དངོས་པོའི་རིགས་གང་དང་གང་ཡིན་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་འདུས་ཤིང་ཚོགས་པ་ལས་བྱུང་བ་ཤ་སྟག་ཡིན་པས་ན་འདུས་བྱས་ཞེས་བརྗོད་པ་ཡིན།རྒྱ་ཡིག 有为,无常法 དབྱིན་ཡིག compound, composite 1.དག་ཡིག་གསར་བསྒྲིགས་ལས། རྒྱུ་རྐྱེན་འདུས་པ་ལས་བྱུང་བའི་དངོས་པོ་ཐམས་ཅད། 2.བརྡ་དག་མིང་ཚིག་གསལ་བ་ལས

20160712

འདུས་བྱས་བརྒྱད།

《དུང་དཀར་ཚིག་མཛོད་ཆེན་མོ》ལས་བྱུང་བའི་འདུས་བྱས་བརྒྱད་ལ་གོ་བ་ཡིན།1.བསྡུས་པ་ལས་འགྱུར་བའི་གཟུགས་སོགས་རྣམ་པ་གང་ཡིན་པ། 2.ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་གསུམ་བཅས་སོ༎འབྱུང་ཁུངས། 《དུང་དཀར་ཚིག་མཛོད་ཆེན་མོ》ཤ1151.10ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20220523

ཆོས་འདུས་བྱས་རྣམ་པ་གཉིས།

《བསྟན་འགྱུར་དབུ་མ་ཧ་པ》ལས་བྱུང་བའི་ཆོས་འདུས་བྱས་རྣམ་པ་གཉིས་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.སྣོད་ཀྱི་འཇིག་རྟེན། 2.སེམས་ཅན་གྱི་འཇིག་རྟེན་ནོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ111ན2ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201124

འདུས་བྱས་དང་འདུས་མ་བྱས་གཉིས།

རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བའི་འདུས་བྱས་དང་འདུས་མ་བྱས་གཉིས་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། 1.དེ་ལ་འདུས་བྱས་ནི་ཁམས་གསུམ་པ་དང་ལྡན་པའི་ཕུང་པོ་ལྔ་པོ་དག་གོ ། 2.འདུས་མ་བྱས་ནི་མྱ་ངན་ལས་འདས་པའོ༎ འདུས་བྱས་གང་ཡིན་པ་དང་། འདུས་མ་བྱས་གང་ཡིན་པ་དེ་གཉིས་ནི་ཡོད་པ་ཞེས་བྱའོ

20201210

འདུས་བྱས་ཀྱི་མཚན་ཉིད་རྣམ་པ་གསུམ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་འདུས་བྱས་ཀྱི་མཚན་ཉིད་རྣམ་པ་གསུམ་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.སྐྱེ་བ། 2.གནས་པ། 3.མི་རྟག་པའོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ110ན3ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210316

འདུས་བྱས་ཐམས་ཅད་མི་རྟག་པ།

སྐད་ཅིག་གིས་སྐྱེ་ཞིང་རང་གྲུབ་པའི་དུས་ལས་སྐད་ཅིག་གཉིས་པར་མི་གནས་པར་འགགས་པས་ན་མི་རྟག་པ་ཞེས་བརྗོད་པ་ཡིན་ཏེ། དཔེར་ན་མར་མེས་སྣུམ་སྐད་ཅིག་སྐད་ཅིག་གིས་ཟད་པར་བྱེད་པ་བཞིན་འདུས་བྱས་ཐམས་ཅད་ཀྱང་དེ་དང་མཚུངས་པར་སྐད་ཅིག་ཀྱང་གནས་པའི་རང་དབང་མེད་དོ། །ཇི་སྐད་དུ། ཆོས་རྣམས་རྐྱེན་ནི་མང་པོ་དག །ལྷན་ཅིག་འདུས་ནས་བྱུང་བ་ཡིན། །རྐྱེན་ནི་མང་པོ་འདུས་པའི་ཕྱིར

20170911

འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བ་གཉིས།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བ་གཉིས་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ལྟར་ན་ཁག་བཅོ་བརྒྱད་ཡོད། 1.འདུས་བྱས་ནི་མི་རྟག་པ་ཉིད་དོ༎ 2.འདུས་མ་བྱས་ནི་རྟག་པ་ཉིད་དོ༎ 1.འདུས་བྱས་ནི་ཀུན་རྫོབ་ཀྱི་བདེན་པའོ༎ 2.འདུས་མ་བྱས་ནི་དོན་དམ་གྱི་བདེན་པའོ

20201214

འདུས་བྱས་སུ་མཚོན་པའི་མཚན་ཉིད་བཞི།

མི་ཕམ་ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་དང་བཅས་པ་ལས་བྱུང་བའི་འདུས་བྱས་སུ་མཚོན་པའི་མཚན་ཉིད་བཞི་ལ་གོ་བ་ཡིན།མི་ཕམ་ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་དང་བཅས་པ་ལས་བྱུང་བ་སྟེ། 1.སྐྱེ་བ་ནི་འདུ་བྱེད་རྣམས་སྔར་མ་བྱུང་བ་ལས་ད་ལྟར་བྱུང་བའོ༎ 2.གནས་པ་ནི་དེའི་རྒྱུན་གནས་པའོ༎ 3.རྒ་བ་ནི་རྒྱུན་གཞན་དུ་འགྱུར་བའོ༎ 4.མི་རྟག་པ་ནི

20210811

ཆོས་གཟུགས་ཅན་མ་ཡིན་པ་འདུས་བྱས་རྣམ་པ་གསུམ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་ཆོས་གཟུགས་ཅན་མ་ཡིན་པ་འདུས་བྱས་རྣམ་པ་གསུམ་བསྟན་ཡོད།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.སེམས། 2.སེམས་ལས་བྱུང་བ། 3.སེམས་དང་མི་ལྡན་པའོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ150ན5ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210224

འདུས་བྱས་མི་རྟག་འཇིག་པའི་ཆོས་དྲུག

《ཀློང་ཆེན་མན་ངག་མཛོད》ལས་བྱུང་བའི་འདུས་བྱས་མི་རྟག་འཇིག་པའི་ཆོས་དྲུག་ལ་གོ་བ་ཡིན།1.རྒྱུ་རྐྱེན་འདུས་ཕྱིར་འཇིག་པ་ཉིད། 2.སྔར་སྐྱེས་མ་ལུས་ཤི་བས་འཇིག་ངེས་པ། 3.སྣོད་བཅུད་མི་རྟག་འགྱུར་བས་འཇིག་ངེས་པ། 4.ཚེ་ལ་ངེས་མེད་འཆི་བས་འཇིག་པ། 5.ཉིན་མཚན་སྐད་ཅིག་འཚོ་བས་འཇིག་པ། 6.སྐྱེས་མཐའ་འཆི་བར་ངེས་ཕྱིར་འཇིག་པ

20210114