འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བ་གཉིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
有为和无为的两种分类
འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཧ་པ》ཤ109ན2ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ལྟར་ན་ཁག་བཅོ་བརྒྱད་ཡོད།

1_1 ཁག་དང་པོ།

1.འདུས་བྱས་ནི་མི་རྟག་པ་ཉིད་དོ༎

2.འདུས་མ་བྱས་ནི་རྟག་པ་ཉིད་དོ༎

1_2 ཁག་གཉིས་པ།

1.འདུས་བྱས་ནི་ཀུན་རྫོབ་ཀྱི་བདེན་པའོ༎

2.འདུས་མ་བྱས་ནི་དོན་དམ་གྱི་བདེན་པའོ༎

1_3 ཁག་གསུམ་པ།

1.འདུས་བྱས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ༎

2.འདུས་མ་བྱས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའོ༎

1_4 ཁག་བཞི་པ། 

1.འདུས་བྱས་ནི་བླ་ན་ཡོད་པའོ༎

2.འདུས་མ་བྱས་ནི་བླ་ན་མེད་པའོ༎

1_5 ཁག་ལྔ་པ།

1.འདུས་བྱས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ༎

2.འདུས་མ་བྱས་ནི་འཇིག་རྟེན་ལས་འདས་པ་ནའོ༎

1_6 ཁག་དྲུག་པ། 

1.འདུས་བྱས་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ༎

2.འདུས་མ་བྱས་ནི་གཟུགས་ཅན་མ་ཡིན་པ་ཁོ་ནའོ༎

1_7 ཁག་བདུན་པ།

1.འདུས་བྱས་ནི་ཟག་པ་དང་བཅས་པའོ༎

2.འདུས་མ་བྱས་ནི་ཟག་པ་མེད་པ་ཁོ་ནའོ༎

1_8 ཁག་བརྒྱད་པ།

1.འདུས་བྱས་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ༎

2.འདུས་མ་བྱས་ནི་ཉོན་མོངས་པ་ཅན་མ་ཡིན་པ་ཁོ་ནའོ༎

1_9 ཁག་དགུ་པ།

1.འདུས་བྱས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའོ༎

2.འདུས་མ་བྱས་ནི་རྣམ་པར་བྱང་བ་པ་ཁོ་ནའོ༎

1_10 ཁག་བཅུ་པ།

1.འདུས་བྱས་ནི་སྤང་བྱ་དང་བླང་བྱའོ༎

2.འདུས་མ་བྱས་ནི་བླང་བྱ་ཁོ་ནའོ༎

1_11 ཁག་བཅུ་གཅིག་པ། 

1.འདུས་བྱས་ནི་བརྟེན་པར་བྱ་བ་དང་བརྟེན་པར་བྱ་བ་མ་ཡིན་པའོ༎

2.འདུས་མ་བྱས་ནི་བརྟེན་པར་བྱ་བ་མ་ཡིན་པ་ཁོ་ནའོ༎

1_12 ཁག་བཅུ་གཉིས་པ།

1.འདུས་བྱས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ༎

2.འདུས་མ་བྱས་ནི་དགེ་བ་དང་ལུང་དུ་མ་བསྟན་པ་ཁོ་ནའོ༎

1_13 ཁག་བཅུ་གསུམ་པ།

1.འདུས་བྱས་ནི་འདོད་པའི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པ་དང་གཟུགས་ཀྱི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པ་དང་གཟུགས་མེད་པའི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པའོ༎

2.འདུས་མ་བྱས་ནི་ཟག་པ་མེད་པའི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པ་ཁོ་ནའོ༎

1_14 ཁག་བཅུ་བཞི་པ།

1.འདུས་བྱས་ནི་སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པ་དང་ལམ་གྱི་བདེན་པའོ༎

2.འདུས་མ་བྱས་ནི་འགོག་པའི་བདེན་པ་ཁོ་ནའོ༎

1_15 ཁག་བཅོ་ལྔ་པ།

1.འདུས་བྱས་ནི་སྡུག་བསྔལ་གྱིས་ཐོབ་པ་དང་ཀུན་འབྱུང་གིས་ཐོབ་པ་དང་འགོག་པས་ཐོབ་པ་དང་ལམ་གྱིས་ཐོབ་པ་དང་བསྒོམ་པས་སྤང་བར་བྱ་བའོ༎

2.འདུས་མ་བྱས་ནི་སྤང་བྱ་མ་ཡིན་པ་ཁོ་ནའོ༎

1_16 ཁག་བཅུ་དྲུག་པ།

1.འདུས་བྱས་ནི་གཟུགས་ནས་རྣམ་པར་ཤེས་པའི་བར་གྱི་ཕུང་པོས་ཀུན་ཏུ་བསྡུས་པའོ༎

2.འདུས་མ་བྱས་ནི་ཕུང་པོས་བསྡུས་པ་མ་ཡིན་པ་ཁོ་ནའོ༎

1_17 ཁག་བཅུ་བདུན་པ།

1.མིག་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་ཀུན་ཏུ་བསྡུས་པའོ༎

2.འདུས་མ་བྱས་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་ཀུན་ཏུ་བསྡུས་པ་ཁོ་ནའོ༎

1_18 ཁག་བཅོ་བརྒྱད་པ།

1.འདུས་བྱས་ནི་མིག་གི་ཁམས་ཀྱིས་ཀུན་ཏུ་བསྡུས་པ་ནས་ཡིད་ཀྱི་ཁམས་ཀྱི་བར་དུ་ཀུན་ཏུ་བསྡུས་པ་དང་། མིག་གི་རྣམ་པར་ཤེས་པས་ཁམས་ཀྱིས་བསྡུས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ཀུན་ཏུ་བསྡུས་པ། གཟུགས་ཀྱི་ཁམས་ཀྱིས་བསྡུས་པ་ནས། ཆོས་ཀྱི་ཁམས་ཀྱིས་ཀུན་ཏུ་བསྡུས་པའོ༎ 

2.འདུས་མ་བྱས་ནི་ཆོས་ཀྱི་ཁམས་ཀྱིས་ཀུན་ཏུ་བསྡུས་པ་ཁོ་ནའོ༎ དེ་ལ་གཞུང་དུ་འཆད་པར་འགྱུར་བ་གང་འགོག་པའི་བདེན་པས་ཀུན་ཏུ་བསྡུས་པའི་ཆོས་རྣམས་དང་ནམ་མཁའ་ནི་འདུས་མ་བྱས་ཀྱི་ཆོས་སོ༎ ཆོས་གཞན་ཐམས་ཅད་ནི་འདུས་བྱས་ཀྱི་ཆོས་སོ༎

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-16

གསར་སྤེལ་མཁན། :སེམས་ཀྱི་ལོ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།