ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 18 ཡོད།

མངོན་སུམ་གྱི་ཚད་མ།

མདོ་སྡེ་པ་ལྟར་ན། རྟོག་པ་དང་བྲལ་ཞིང་གསར་དུ་མི་བསླུ་བའི་རིག་པ་མངོན་སུམ་ཚད་མའི་མཚན་ཉིད། དེ་ལ་དབྱེ་ན། དབང་པོའི་མངོན་སུམ་ཚད་མ་དང༌། ཡིད་ཀྱི་མངོན་སུམ་ཚད་མ། རང་རིག་མངོན་སུམ་ཚད་མ། རྣལ་འབྱོར་མངོན་སུམ་ཚད་མ་དང་བཞིའོ། ། བྱེ་སྨྲས་འདི་བཞི་ལས་རང་རིག་མངོན་སུམ་ཁས་མི་ལེན་པས་མངོན་སུམ་གསུམ་དུ་འདོད་པ་ཡིན། འདི་ལ་ཡང་ཐལ་འགྱུར་བའི་ཐུན་མོང་མིན་པའི

20170601

རང་ལས་ངེས་ཀྱི་ཚད་མ་ལྔ།

དོན་བྱེད་སྣང་ཅན་གྱི་དབང་མངོན་ཚད་མ། དོན་གོམས་པ་ཅན་གྱི་དབང་མངོན་ཚད་མ། རང་རིག་མངོན་སུམ་གྱི་ཚད་མ། རྣལ་འབྱོར་མངོན་སུམ་གྱི་ཚད་མ། རྗེས་སུ་དཔག་པའི་ཚད་མ་བཅས་ལྔའོ། །དོན་བྱེད་སྣང་ཅན་གྱི་དབང་མངོན་ཚད་མ། དོན་གོམས་པ་ཅན་གྱི་དབང་མངོན་ཚད་མ། རང་རིག་མངོན་སུམ་གྱི་ཚད་མ། རྣལ་འབྱོར་མངོན་སུམ་གྱི་ཚད་མ། རྗེས་སུ་དཔག་པའི་ཚད་མ་བཅས་ལྔའོ

20180207

ཡིད་ཀྱི་མངོན་སུམ་གྱི་ཚད་མ

ཡིད་མངོན་འདོད་ཚུལ་ཡང་གྲུབ་མཐའ་གཞན་དང་མི་མཐུན་ཏེ། རང་ཡུལ་གསལ་བར་རྟོགས་པའི་རྟོག་བྲལ་མི་དགོས་པར་རྟོག་པར་གྱུར་པའི་ཡིད་མངོན་བཞེད་དེ། དྲན་ཤེས་རྣམས་དང་རྗེས་དཔག་གིས་དྲངས་པའི་བཅད་ཤེས་དང༌། དབང་མངོན་གྱིས་དྲངས་པའི་ཡིད་ཤེས་ཚད་མ་སོགས་དུ་མ་ཡོད།ཡིད་མངོན་འདོད་ཚུལ་ཡང་གྲུབ་མཐའ་གཞན་དང་མི་མཐུན་ཏེ། རང་ཡུལ་གསལ་བར་རྟོགས་པའི་རྟོག་བྲལ

20180205

མངོན་སུམ་ཚད་མ་བཞི།

མི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བའི་མངོན་སུམ་ཚད་མ་བཞི་ལ་གོ་བ་ཡིན།དབང་པོའི་མངོན་སུམ་གྱི་ཚད་མ། ཡིད་ཀྱི་མངོན་སུམ་གྱི་ཚད་མ། རང་རིག་མངོན་སུམ་གྱི་ཚད་མ། རྣལ་འབྱོར་མངོན་སུམ་གྱི་ཚད་མ། མི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ། 1.བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་པའི་ཤེས་པ

20170601

མངོན་སུམ་ཚད་མ་བཞི།

མི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བའི་མངོན་སུམ་ཚད་མ་བཞི་ལ་གོ་བ་ཡིན།དབང་པོའི་མངོན་སུམ་གྱི་ཚད་མ། ཡིད་ཀྱི་མངོན་སུམ་གྱི་ཚད་མ། རང་རིག་མངོན་སུམ་གྱི་ཚད་མ། རྣལ་འབྱོར་མངོན་སུམ་གྱི་ཚད་མ། མི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ། 1.བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་པའི་ཤེས་པ

20170601

བློ་རིག་བདུན།

ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ། མངོན་སུམ་གྱི་ཚད་མ། རྗེས་སུ་དཔག་པའི་ཚད་མ་རྣམས་སོ། །ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ། མངོན་སུམ་གྱི་ཚད་མ། རྗེས་སུ་དཔག་པའི་ཚད་མ་རྣམས་སོ། ། (宗)七智(因明术语):1.伺察;2.记忆模糊;3.重悟知;4.邪智;5.疑虑

20180917

རྣལ་འབྱོར་མངོན་སུམ་གྱི་ཚད་མ

རང་རྒྱུད་པ་མན་ཆད་ཀྱིས་རྣལ་འབྱོར་མངོན་སུམ་ལ་འཕགས་པའི་ཡེ་ཤེས་ཀྱིས་ཁྱབ་པར་བཞེད་ཀྱང་ལུགས་འདི་ལ་བདག་མེད་ཕྲ་མོ་མ་རྟོགས་པའི་སྔ་རོལ་དུ་ཡང་བདེན་བཞིའི་ཁྱད་ཆོས་རགས་པ་བཅུ་དྲུག་དང་གང་ཟག་གི་བདག་མེད་རགས་པ་སོགས་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡོད་པར་བཞེད་པས་སོ་སོ་སྐྱེ་བོའི་རྒྱུད་ལའང་རྣལ་འབྱོར་མངོན་སུམ་ཡོད་པར་གསུངས་སོ།

20170918

སྤྱི་མཚན་དང་རང་མཚན།

མངོན་སུམ་གྱི་ཚད་མའི་གཞལ་བྱ་ཡིན་ན། རང་མཚན་ཡིན་པས་ཁྱབ། རྗེས་དཔག་གི་ཚད་མའི་གཞལ་བྱ་ཡིན་ན། སྤྱི་མཚན་ཡིན་པས་ཁྱབ་ཟེར་ན། དང་པོ་ལ། ཤེས་བྱ་ཆོས་ཅན། རང་མཚན་ཡིན་པར་ཐལ། མངོན་སུམ་གྱི་ཚད་མའི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། མངོན་སུམ་གྱི་ཚད་མའི་ཤུགས་གཞལ་ཡིན་པའི་ཕྱིར། དེར་ཐལ། རྟག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ

20160510

གཞལ་བྱ་འཇལ་བའི་ཚད་མ་གསུམ།

དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བའི་གཞལ་བྱ་འཇལ་བའི་ཚད་མ་གསུམ་བསྟན་ཡོད།འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། 1.མངོན་སུམ་གྱི་ཚད་མ། 2.རྗེས་སུ་དཔག་པའི་ཚད་མ། 3.ཡིད་ཆེས་པའི་ལུང་ངོ་༎འབྱུང་ཁུངས། 《བསྟན་འགྱུར་སྣ་ཚོགས་ཇོ་པ》ཤ162ན6ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210421

ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔ།

ཐེ་ཚོམ་གཅོད་པ་དང་། བརྒལ་དུ་མེད་ཅིང་བརྩད་དུ་མེད་པ་དང་། དགེ་སྦྱོང་དམིགས་པས་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔར་རིག་པར་བྱའོ༎ དེ་ལྟར་འཐད་པའི་སྒྲུབ་པའི་རིགས་པ་དེ་ནི་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་དང་། ཡིད་ཆེས་པའི་ལུང་གི་ཚད་མས་མཚན་ཉིད་ལྔ་པ་དག་གིས་ཡོངས་སུ་དག་པ་ཡིན་ནོ༎འབྱུང་ཁུངས། 《མདོ་ཅ་པ》ཤ81བ6ལས་བཏུས

20220125