མངོན་སུམ་གྱི་ཚད་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མདོ་སྡེ་པ་ལྟར་ན། རྟོག་པ་དང་བྲལ་ཞིང་གསར་དུ་མི་བསླུ་བའི་རིག་པ་མངོན་སུམ་ཚད་མའི་མཚན་ཉིད། དེ་ལ་དབྱེ་ན། དབང་པོའི་མངོན་སུམ་ཚད་མ་དང༌། ཡིད་ཀྱི་མངོན་སུམ་ཚད་མ། རང་རིག་མངོན་སུམ་ཚད་མ། རྣལ་འབྱོར་མངོན་སུམ་ཚད་མ་དང་བཞིའོ། ། བྱེ་སྨྲས་འདི་བཞི་ལས་རང་རིག་མངོན་སུམ་ཁས་མི་ལེན་པས་མངོན་སུམ་གསུམ་དུ་འདོད་པ་ཡིན། འདི་ལ་ཡང་ཐལ་འགྱུར་བའི་ཐུན་མོང་མིན་པའི་བཞེད་ཚུལ་ཡོད་དེ། མངོན་སུམ་ལ་རྟོག་བྲལ་མི་དགོས་པར། རྟགས་ལ་མི་བལྟོས་པར་རང་གི་འཛིན་སྟངས་ཀྱི་གཞལ་བྱ་མངོན་སུམ་པ་ལ་མི་བསླུ་བ་ཙམ་ཞིག་མངོན་སུམ་དུ་འདོད། མངོན་སུམ་ཚད་མ་ལ་རྟོག་མེད་མངོན་སུམ་ཚད་མ་དང་རྟོག་བཅས་མངོན་སུམ་ཚད་མ་གཉིས་སུ་འདོད་པའི་དང་པོ་ནི་གཟུགས་འཛིན་དབང་པོའི་མངོན་སུམ་ལྟ་བུ་དང༌། གཉིས་པ་ནི། སྒྲ་མི་རྟོགས་ཀྱི་རྗེས་དཔག་སྐད་གཅིག་གཉིས་པ་དང༌། སྔོ་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་སྔོན་པོ་དོན་མཐུན་དུ་དྲན་པའི་དྲན་ཤེས་ལྟ་བུའོ། །
1 ལོ་ཙཱ།

རྒྱ་ཡིག 现量

2 རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-06

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།