ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 40 ཡོད།

མཁལ་འགྲམས།

མཁལ་འགྲམས་ནི་རྟ་སོགས་ལས་ལྷུང་བ་དང་།རྡོ་དབྱུགས་ཕོག་པ་ལ་སོགས་པའི་རྐྱེན་ལས་བྱུང་བ་ཞིག་ཡིན།མཁལ་འགྲམས་བྱེར་རྒྱས་ལྷུང་བ་རྣམ་པ་གསུམ།། སྟོད་དུ་བྱེར་ན་ལྟག་ཆུའི་འགྲམ་གཉིས་ན།། སྐེ་སྒྱུར་མི་ཤེས་སྒུར་པོར་འགྲོ་བ་ཡིན།། བར་དུ་རྒྱས་ན་མཁལ་རྐེད་འཁོར་ཞིང་ན།། དཔྱི་སྟེང་འབྲེལ་མཚམས་རྩ་ནག་སྦོ་ཞིང་གཟེར།། གློ་དང་སྦྲིད་པ་བྱུང་ཚེ་བཟོད་ཐབས་མེད

20160922

བོད་ལུགས་གསོ་རིག་ལས་མཁལ་འགྲམས་ནད་ཀྱི་བརྟག་བཅོས་སྐོར་གྱི་འབྲེལ་ཡོད་དཔེ་ཆ་ཕྱོགས་བསྒྲིགས།

དབང་འདུས་ཀྱིས་གཙོ་སྒྲིག་བྱས་པའི《བོད་ལུགས་གསོ་རིག་ལས་མཁལ་འགྲམས་ནད་ཀྱི་བརྟག་བཅོས་སྐོར་གྱི་འབྲེལ་ཡོད་དཔེ་ཆ་ཕྱོགས་བསྒྲིགས》ཞེས་པའི་དེབ་འདི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད།དེབ་འདིར་གཙོ་སྒྲིག་པས་གསོ་རིག་སྐོར་གྱི་གནའ་དཔེ་སྔོག་འདོན་དང་བསྡུ་རུབ། མཁས་དབང་རྣམས་ལ་བློ་འདྲི་སོགས་བྱས་ཐོག་ཞིབ་དཔྱད

20230823

མཁལ་འགྲམས་ནད་ཀྱི་གསོ་བཅོས་དང་སྔོན་འགོག

དཔྱི་སུལ་ནས་བརླའི་ཕྱི་སུལ། བྱིན་ཉྭའི་རྒྱུད་ནས་རྐང་མཐིལ་བར་གྱི་རྩ་རྒྱུད་འཐེན་པའམ་གཟེར་ཟུག་གཏོང་བ་དང་ཚ་འཁྱུག་རྒྱག་པ། སྦྲིད་པ་སོགས་ཀྱི་རྟགས་ཡོད་པའི་ནད་ཅིག་རེད།མཁལ་འགྲམས་ནད་ནི་ཅི་ལྟ་བུ་ཞིག་ཡིན་ཟེར་ན། མཁལ་འགྲམས་ནད་ནི་འཚོ་བའི་ཁྲོད་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ་གཙོ་བོ་ཟས་སྐོམ་བསིལ་བའི་རིགས་བསྟེན་པ་དང་བརླན་སའི་ཡུལ་དུ་བསྡད

20180904

ངར་ཕུག་ཨ་རུ་ཉེར་བཞི།

མན་ངག་གཅེས་བཏུས་ཀུན་འདུས་རིན་ཆེན་གཏེར་མཛོད་ལས། འབའ་སམ་ལྷ་ཡི་ལུང་བསྟན་ནི། ། ཨ་རུ་བཅུ་དང་རྩ་བ་ལྔ། ། འབྲས་སྣ་གསུམ་དང་བཟང་པོ་དྲུག ། བྲེ་ག་གླ་རྩི་གོ་ཡུ་སྦྱར། ། མཁལ་འགྲམས་བྱེར་རྒྱས་ལྷུང་བ་དང་། ། མཁལ་གཅོང་མཁལ་མའི་ནད་ཀུན་སེལ། ། ཞེས་གསུངས་པས་སོ། །འབྱུང་ཁུངས། 《འཇམ་མགོན་ཀོང་སྤྲུལ་ཟིན་ཏིག་དང་དེའི་ཉེར་མཁོའི་ཆ་ལག་ཕྱོགས་བསྒྲིགས

20230927

བདུད་རྩི་ཉེ་ཤིང་།

འདི་ཉིད་མཆོག ། ཉེ་ཤིང་བུར་དཀར་སྦྲང་རྩི་སྦྱར། །ཟས་བསྡམས་ནང་གསུམ་སྡེབ་པ་ན། །བད་ཀན་ལྷེན་ཐབས་ཞི་བར་བྱེད། །བྱང་ཁོག་ལ་སོགས་རྣག་སྐེམ་ལ། །འདི་ནི་མཆོག་ཏུ་གྱུར་པ་ཡིན། །མཁལ་འགྲམས་གྲང་བ་ཐམས་ཅད་དང་། །ཆུ་སེར་ནད་ལ་བདུད་རྩི་འདྲ། །བསིལ་དྲོད་གཉིས་ཀར་འགྲོ་བ་ཡིན། །འདི་ཡི་ཡོན་ཏན་བསམ་མི་ཁྱབ། །རྒྱ་ཡིག་གི་མིང་། 天门冬 ཁོངས་གཏོགས། སྔོ་སྨན་གྱི་རིགས

20231023

ཨར་ཁྱུང་།

ཞེས་པ་མཁལ་ཚད་རྩ་འགྲམས་དང་། །མཁལ་མའི་ཚད་པ་གཉན་ལྡན་སེལ་བའི་མཆོག །ཅེས་དང་། གཅེས་བཏུས་སྣ་ཚོགས་གསལ་བ་ལས། ཨ་རུ་བཅུ་དང་ཁྱུང་ལྔ་གཉིས། ། བསྡེབས་པས་ཨར་ཁྱུང་ཞེས་བྱ་སྟེ། ། མཁལ་འགྲམས་རྐང་པ་བཤལ་འཕྱེས་དང་། ། མཁལ་གྲུམ་མཁལ་མའི་གཉན་ཚད་སེལ། ། ཞེས་དང་། འཆི་མེད་ནོར་ཕྲེང་ལས། ཨར་བཅུ་ཁྱུང་ལྔ་ཆ་མཉམ་གཉན་འགྲམས་དང་། ། མཁལ་ནད་ཕལ་ཆེར་ཕན་པ་མཁས་འགས་བཞེད

20230927

གུར་གུམ་ཆུ་འབེབས།

མདངས་མེད་མུ་ཟི་བྱ་མ་སླེབ་གོང་བཏུས་པ་གསེར་གྱི་བྱེ།། དབང་པོ་རིལ་བུ་འུ་སུ་འམ་ལྷ་མོ་ལྕམ་པ་རྣམས།། ཀར་སྦྱར་བསྐོལ་གྲང་རྟ་ལ་བསྐྱོན།། ཕན་ཡོན་དམུ་འོར་སྐྱ་རྦབ་དང་།། སྦྱར་དུག་མཁལ་འགྲམས་ཆུ་སྲི་སྲིན།། ཚ་སྤོས་མཆིན་རྒུད་ཡ་མའི་ནད།། མྱུར་དུ་འཇོམས་ཤིང་བདེ་བ་སྟེར།། ཁྱད་པར་ཆུ་བོའི་འོལ་ཁ་བསྒྱུར།། པཱ་ཎི་གསང་བའི་ལམ་ནས་འདྲོངས།། གུང་གཉིས་ཨམྦྷིའི་ཐང་བསྐོལ

20231229

རྒྱལ་བློན་བཅུ་བདུན།

མཆིན་པའི་སྨན་གྱི་རིགས་ཤིག་སྟེ། མཆིན་པ་ཉམས་ཤིང་མིག་ཤེད་ཤོར་བ། གཅིན་འབབ་དཀའ་བ། མཁལ་འགྲམས་ཀྱི་ནད། ཆུ་སེར་གྱི་ནད། སྦྱར་དུག་གི་ནད། ཡ་སྲིན་གྱི་ནད་སོགས་ལ་ཕན།བསིལ། བཟི་མེད། མཆིན་པ་ཉམས་ཤིང་མིག་ཤེད་ཤོར་བ། གཅིན་འབབ་དཀའ་བ། མཁལ་འགྲམས་ཀྱི་ནད། ཆུ་སེར་གྱི་ནད། སྦྱར་དུག་གི་ནད། ཡ་སྲིན་གྱི་ནད་སོགས་ལ་ཕན། ཉིན་རེར་ཐེངས་གཅིག

20181123

ཞུ་མཁན།

ཞུ་མཁན་ཚོས་བཙོད་གློ་མཁལ་འགྲམས་ཚད་སེལ།འདི་ལ་རིགས་རྒོད་གཡུང་གཉིས་ཏེ་ལོ་མ་མཐུག་ཅིང་སེར་ལ་འོད་ཆགས་སྤང་ཞུན་ཞེས་རྒོད་པ་བཟང་། ལོ་མ་སྲབ་འཇམ་ནག་པ་ནགས་ཞུན་ཞེས་གཡུང་བ་ངན་ནོ༎ དེ་དག་གིས་གློ་བ་དང་མཁལ་མའི་འགྲམས་ཚད་སེལ་བར་བྱེད། རང་བྱུང་པས། ཞུ་མཁན་ཁ་ཡི་ནད་རྣམས་སེལ༎ ཞེས་དང་། རོ་སྐོར་ལས། རྒྱ་སྐྱེགས་བསིལ་ལ་ཡང་བ་ཡིན

20230215

དམར་པོ་སུམ་ཐང་།

འདི་ནི་བོད་ཀྱི་གསོ་རིག་ལས་ཁྲག་ནད་གསོ་བའི་སྨན་ཞིག་ཡིན་ཏེ། བཙོད། འབྲི་མོག རྒྱ་སྐྱེགས་བཅས་སྣ་གསུམ་ལས་གྲུབ་པ་དང་། གློ་མཁལ་འགྲམས་ཚད་སྨིན་སྡུད་དང་ཁྲག་ལུ་བ། གློ་ནད་གསར་རྙིང་སེལ་ལ་ཕན་པ་ཞིག་ཡིན།བཙོད། འབྲི་མོག རྒྱ་སྐྱེགས་བཅས་སྣ་གསུམ་ལས་གྲུབ་པ་ཡིན། གློ་མཁལ་འགྲམས་ཚད་སྨིན་སྡུད་བྱེད་པ་ཡིན། །ཁྲག་ལུ་གློ་ནས་གསར་རྙིང་མ་ལུས་སེལ

20160223