དམར་པོ་སུམ་ཐང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདི་ནི་བོད་ཀྱི་གསོ་རིག་ལས་ཁྲག་ནད་གསོ་བའི་སྨན་ཞིག་ཡིན་ཏེ། བཙོད། འབྲི་མོག རྒྱ་སྐྱེགས་བཅས་སྣ་གསུམ་ལས་གྲུབ་པ་དང་། གློ་མཁལ་འགྲམས་ཚད་སྨིན་སྡུད་དང་ཁྲག་ལུ་བ། གློ་ནད་གསར་རྙིང་སེལ་ལ་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三味红汤
རྣམ་པ།
ཕྱེ་མ།
1 སྨན་སྦྱོར། 

བཙོད། འབྲི་མོག  རྒྱ་སྐྱེགས་བཅས་སྣ་གསུམ་ལས་གྲུབ་པ་ཡིན།

2 ཕན་ནུས། 

གློ་མཁལ་འགྲམས་ཚད་སྨིན་སྡུད་བྱེད་པ་ཡིན། །ཁྲག་ལུ་གློ་ནས་གསར་རྙིང་མ་ལུས་སེལ། །

3 བསྟེན་ཚུལ། 

ཉིན་རེར་ཐེངས1དང་།   ཐེངས་རེར་ཐུན1རེ་བསྟེན།

4 ངོ་བོ། 

ངོ་བོ་བསིལ་ལ་བཟི་མེད། 

5 འཛེམ་བྱ།

བད་རླུང་གྲང་བའི་ནད་ལ་ཅུང་གནོད།

6 རྣམ་པ།

ཕྱེ་མ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-26

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།