ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 28,915 ཡོད།

བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཀྱི་འབྱུང་ཁུངས།

འོངས་པའི་མུ་སྟེགས་པའི་མཁས་པ་གྲགས་ཅན་མང་པོ་སྔ་རྗེས་སུ་ཕམ་པར་མཛད་ཅིང་སངས་རྒྱས་ཆོས་ལུགས་དར་བར་མཛད། སྐུ་ཚེའི་མཐར་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བཞུགས་ནས་ཡུལ་ཀ་ལིང་ཀར་མྱ་ངན་ལས་འདས། ཚད་མ་རིག་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་དངོས་ནི་རིག་པའི་དབང་ཕྱུག་རྣམ་གཉིས་ཞེས་པཎྜི་ཏ་ཆེན་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། དཔལ་ལྡན་ཆོས་གྲགས་ཟུང་གིས་མཛད་པའི

20171212

རྩོམ་རིག་མཐའ་དཔྱོད།

དཔེར་ན་རྒྱའི་ཀྲོང་རོན་གྱི《སྙན་ངག་ལ་གཟིགས་པ》ཞེས་པ་དང་འཇར་མན་པ་ལཱ་ཞིན་གྱིས་མཛད་པའི《ཧན་པཱོའི་ཟློས་གར་ལ་དཔྱད་པ》ཞེས་པ་བཅས་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱི་དཔྱད་རྩོམ་ཚད་ལྡན་དེ་དག་རྩོམ་རིག་གཞུང་ལུགས་ཀྱི་གསུང་རབ་ཡིན་པ་ལྟ་བུའོ། །འབྱུང་ཁུངས། 《རྩོམ་རིག་གཞུང་ལུགས་གནད་བསྡུས》 རིགས་དབྱེ། རྩོམ་རིག

20240426

རྩོམ་རིག་གཟིགས་ཞིབ་ཀྱི་མཛེས་རྟོག་གི་ལྟ་བ།

དང་བློ་དང་རིག་པའི་སྦྱོང་བརྡར་ལ་རྒྱུན་མ་ཆད་པར་འབད་བརྩོན་བྱས་ཏེ་མཛེས་རྟོག་གི་རིག་པ་མཐོ་རུ་སྤེལ་བ་དང་། མཛེས་རྟོག་གི་ལྟ་བ་དང་མོས་པ་ནོར་འཁྲུལ་ཅན་དང་ཐ་ཤལ་བ་བཅས་ཀྱིས་བསླུ་ཁྲིད་བྱེད་པའི་རྐྱེན་ངན་འབྱུང་བར་ཐབས་བརྒྱ་ཇུས་སྟོང་གིས་འགོག་རྒྱུ་ཧ་ཅང་གལ་ཆེའོ། །འབྱུང་ཁུངས། 《རྩོམ་རིག་གཞུང་ལུགས་གནད་བསྡུས》 རིགས་དབྱེ། རྩོམ་རིག

20240426

རྩོམ་རིག་མཐའ་དཔྱོད་ཀྱི་ཡུལ།

བཅས་སོ། ། རྩོམ་རིག་བསྟན་བཅོས་ཀྱིས་སྣང་ཚུལ་དེ་དག་གི་ཁྲོད་ན་གོ་གནས་ཧ་ཅང་གལ་ཆེན་ཞིག་བཟུང་ཡོད་པས་དེ་ཡང་རྩོམ་རིག་མཐའ་དཔྱོད་ཀྱི་ཡུལ་དངོས་དང་རྩ་བར་གྲུབ་འདུག རྩོམ་རིག་མཐའ་དཔྱོད་ཀྱི་ངོ་བོ་ཡང་དེའི་ཡུལ་དངོས་རྩོམ་རིག་བསྟན་བཅོས་ཀྱི་རང་བཞིན་ལ་རག་ལས་པར་འདུགའབྱུང་ཁུངས། 《རྩོམ་རིག་གཞུང་ལུགས་གནད་བསྡུས》 རིགས་དབྱེ། རྩོམ་རིག

20240426

གྲལ་རིམ་སྤྱི་ཚོགས་ཀྱི་རྩོམ་རིག་སྒྱུ་རྩལ།

རྩོམ་རིག་གི་བྱུང་འཕེལ་ནི་གེགས་མེད་བདེ་བླག་ཏུ་བྱུང་བ་ཞིག་གཏན་ནས་མ་ཡིན་པར། དེ་ནི་ནོར་འཁྲུལ་དང་ལོག་སྤྱོད་རང་བཞིན་གྱི་རྩོམ་རིག་གི་ཕྱོགས་ལྷུང་དང་བསམ་བློ་ཕན་ཚུན་འཐབ་རྩོད་དང་དགག་སྒྲུབ་ཀྱི་ཁྲོད་ནས་འཕེལ་ཞིང་རྒྱས་པ་དང་བགྲོད་ལམ་གསར་བ་གསར་བཏོད་བྱས་པ་ཞིག་ཡིན།འབྱུང་ཁུངས། 《རྩོམ་རིག་གཞུང་ལུགས་གནད་བསྡུས》 རིགས་དབྱེ། རྩོམ་རིག

20240426

རྩོམ་རིག་གཟིགས་ཞིབ་ཀྱི་རིག་པའི་སྟོབས།

མཛེས་རྟོག་སྤྲོ་སྣང་རབ་ཏུ་འཁོལ་བ་དང་རྟོག་སྣང་ཕུན་སུམ་ཚོགས་པ་འབྱུང་ཆེད། ཀློག་མཁན་རྣམས་ཀྱིས་དཀའ་སྤྱད་སྡུག་རུས་ཀྱིས་བློ་དང་རིག་པའི་བཙོ་སྦྱང་ལ་བརྩོན་འགྲུས་བྱེད་པ་དང་། བློ་དང་རིག་པའི་བཙོ་སྦྱང་གི་ལས་དེ་ལ་འཇུག་པའི་ཐབས་དང་ཤེས་རབ་ཀྱི་ལམ་མང་ལ་འཇུག་དགོས།འབྱུང་ཁུངས། 《རྩོམ་རིག་གཞུང་ལུགས་གནད་བསྡུས》 རིགས་དབྱེ། རྩོམ་རིག

20240426

མཛེས་རྟོག་གི་འདུ་ཤེས།

ལ་་བརྟེན་ནས་མི་སྣའི་ནང་སེམས་ཀྱི་རང་བཞིན་དང་བརྗོད་བྱ་སྤྱི་ཚོགས་འཚོ་བའི་རང་བཞིན་གྱི་དགོངས་དོན་ཟབ་མོ་དཔོག་པའི་མཛེས་རྟོག་ཡིད་ཤེས་ཀྱི་རིག་སྟོབས་ལ་བརྟེན་ནས། གཞལ་བྱ་དེ་དག་ལས་ཤུགས་སུ་བསྟན་པའི་བསམ་པའི་རང་བཞིན་དང་ལྟ་བའི་རང་བཞིན་མངོན་པར་འདོན་ནུས་དགོས།འབྱུང་ཁུངས། 《རྩོམ་རིག་གཞུང་ལུགས་གནད་བསྡུས》 རིགས་དབྱེ། རྩོམ་རིག

20240426

ངོ་མཚར་བའི་ལད་ཟློས་རང་བཞིན་གྱི་རྟོག་སྣང་།

དང་བཅས་པའི་སྣང་རྣམ་སླར་སྣང་ངོར་ལད་ཟློས་ཡིད་བཟོ་བྱེད་པ་ལ་བྱའོ། །ངོ་མཚར་བའི་ལད་ཟློས་རང་བཞིན་གྱི་རྟོག་སྣང་ནི་ཡུལ་ཅན་རང་གི་ཉམས་རྟོགས་ཀྱི་སྣང་བར་བརྟེན་ནས་དངོས་པོའི་སྣང་ཚུལ་བྱེ་བྲག་པའི་རང་མཚན་དང་བཅས་པའི་སྣང་རྣམ་སླར་སྣང་ངོར་ལད་ཟློས་ཡིད་བཟོ་བྱེད་པ་ལ་བྱའོ། །འབྱུང་ཁུངས། 《རྩོམ་རིག་གཞུང་ལུགས་གནད་བསྡུས》 རིགས་དབྱེ། རྩོམ་རིག

20240425

ཐུན་མིན་གསར་སྐྲུན་རང་བཞིན་གྱི་རྟོག་སྣང་།

སྣང་ཁམས་ལ་ཟེར། ​ཐུན་མིན་གསར་སྐྲུན་རང་བཞིན་གྱི་རྟོག་སྣང་ནི་དངོས་རྣམ་སླར་ཡིད་ངོར་སྣང་བ་ཙམ་མ་ཡིན་པར་དངོས་རྣམ་དེ་དག་ལ་རིག་པས་སྒྲོ་འདོགས་དང་རྟོག་བཟོ་བྱས་ནས་སྣང་བརྙན་ཕུན་སུམ་ཚོགས་པ་གསར་སྐྲུན་བྱེད་པའི་རྟོག་བཏགས་ཀྱི་བློའི་འཆར་སྒོའི་སྣང་ཁམས་ལ་ཟེར།འབྱུང་ཁུངས། 《རྩོམ་རིག་གཞུང་ལུགས་གནད་བསྡུས》 རིགས་དབྱེ། རྩོམ་རིག

20240425

རྟོག་སྣང་།

རྟོག་སྣང་གི་འཆར་སྒོ་ལ་བརྟེན་ནས་ཡིད་བཟོ་གསར་སྐྲུན་བྱེད་པ། དེ་ཡང་དངོས་མྱངས་ཀྱི་ཉམས་རྟོགས་མེད་ཀྱང་དངོས་པོའི་སྣང་བརྙན་རྣམས་རྟོག་སྣང་དུ་ཡིད་བཟོ་བྱེད་ཐུབ། རྟོག་སྣང་གི་རིག་པ་ཐུན་མོང་མ་ཡིན་པ་འདི་བློའི་འཆར་སྒོའམ་རྟོག་འདུའམ་རྟོག་བཏགས་ཀྱི་སྣང་བའི་ཚུལ་དུ་མངོན།འབྱུང་ཁུངས། 《རྩོམ་རིག་གཞུང་ལུགས་གནད་བསྡུས》 རིགས་དབྱེ། རྩོམ་རིག

20240425