ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 120 ཡོད།

གཏར་ག

སྒང་གཤགས་བྱ་ཞིང་རྩ་ཕྲན་རྣམས་ལ་སྨྱུག་ཁ་ལྟར་འཕྲེད་གསེགས་དང་ཤིན་ཏུ་ཕྲ་བ་ལ་དོལ་ཆོད་ཀྱི་གཏར་བ། འཕར་རྩ་དང་ཉེ་བའམ་གནད་སྟེང་རྩ་ལ་ཉིས་ལེན་སྤྱོད་དགོས། གཏར་ག་བྱེད་དུས་ཁྲག་ཐོན་པ་དེས་ནད་ལ་ཕན་མོད་ཀྱང་ཁྲག་རྐྱང་བ་ཐོན་པ་ལས་ཁྲག་གི་རླངས་པ་ཐོན་ན་དེ་བས་ཀྱང་ཕན་པ་ཆེ་ཞེས་རྒྱུད་ལས་གསུངས་སོ།། གཏར་གའི་སྐྱོན་ལ་དམན་ལྷག་ལོག་དང་ཉེས་པ་བཅས་བཞི་ཡོད་དེ

20160128

གཏར་གའི་བརྡེགས་ཐབས་དངོས་གཞི་དྲུག

མདོ་རྒྱུད་རིན་པོ་ཆེ་མཛོད་ཀྱི་རྒྱས་འགྲེལ་གསོ་བ་རིག་པ་ལས་བྱུང་བའི་གཏར་གའི་བརྡེགས་ཐབས་དངོས་གཞི་དྲུག་ལ་གོ་བ་ཡིན།མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་གསོ་བ་རིག་པ་ལས་བྱུང་བ་སྟེ། 1.བསྙལ་ཐབས། 2.གདབ་ཐབས། 3.གདབ་དམིགས། 4.ཁྲག་ཁྲ། 5.དབྱུང་ཚད། 6.ལོག་གནོན་ནོ༎འབྱུང་ཁུངས། 《མདོ་རྒྱུད་མཛོད་ཝ་པ》ཤ521.14

20201214

གཏར་གའི་ལོག་གནོན་དྲུག

མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་གསོ་བ་རིག་པ་ལས་བྱུང་བའི་གཏར་གའི་ལོག་གནོན་དྲུག་ལ་གོ་བ་ཡིན།མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་གསོ་བ་རིག་པ་ལས་བྱུང་བ་སྟེ། 1.ཁྲག་མ་ཐོན་པ། 2.ངན་ཁྲག་མེད་པ། 3.ཁྲག་མ་ཆོད་པ། 4.སྐྲངས་པ། 5.འབོག་པ། 6.རླུང་སྐྱེས་པའོ༎འབྱུང་ཁུངས། 《མདོ་རྒྱུད་མཛོད་ཝ་པ》ཤ521.16

20201214

གཏར་གའི་བརྡེགས་ཐབས་ཆ་བྱད་ལྔ།

མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་གསོ་བ་རིག་པ་ལས་བྱུང་བའི་གཏར་གའི་བརྡེགས་ཐབས་ཆ་བྱད་ལྔ་ཞེས་པ་ལ་གོ་བ་ཡིན།མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་གསོ་བ་རིག་པ་ལས་བྱུང་བ་སྟེ། 1.ཆ་དཔྱད། 2

20220121

ངན་ཁྲག་དབྱེ་བའི་ཐང་།

གཏར་ག་མ་བྱས་པའི་ཞག་བདུན་ནམ། གསུམ་མམ། གཅིག་གི་གོང་ནས་ནད་སྤྱིར་འབྲས་བུ་གསུམ་ཐང་དང་། རླུང་ཚད་ལ་སླེ་ཏྲེས་ཀྱི་ཐང་སོགས་ལྡན་འདུས་རང་རང་གི་ནད་དང་མཐུན་པར་སྐབས་ཐོབ་སོ་སོར་བཏང་དགོས་པའི་ནད་ཁྲག་དང་ཟུངས་ཁྲག་དབྱེ་བའི་ཐང་ལ་བྱ།གཏར་ག་མ་བྱས་པའི་ཞག་བདུན་ནམ། གསུམ་མམ། གཅིག་གི་གོང་ནས་ནད་སྤྱིར་འབྲས་བུ་གསུམ་ཐང་དང་། རླུང་ཚད་ལ་སླེ་ཏྲེས

20230626

གཏར་ཀ

གཏར་ཁ་དང་འདྲ།1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། གཏར་ཁ་དང་འདྲ། ཁྲག་རྩའི་གཏར་དམིགས་ཐོག་ཏུ་གཙག་བུ་བརྡེགས་ནས་ནད་ཁྲག་ཕྱིར་དབྱུང་བའི་ཐབས་ཤིག (དཔེར་ན) ནད་པའི་ལག་སོར་ལ་གཏར་ཁ་རྒྱག གཏར་ག་འདེབས་ཞེས་པ་ལྟ་བུ།

20230821

བསྙལ་ལུགས་གཞུང་གསལ་ལྟར།

ལོང་རྩ་སོགས་རྐང་པའི་སྨད་ཀྱི་རྩ་གཏར་ན་ལོང་བུའི་སྟེང་དུ་བསྙལ་དགོས་པ་ལྟར་ལུས་ཀྱི་གཏར་གནས་མི་འདྲ་བ་སོ་སོར་བསྙལ་ལུགས་ཀྱང་མི་འདྲ་བ་དགོས་པ་རྣམས་རྒྱུད་ཕྱི་མའི་གཏར་གའི་ལེའུའི་གཞུང་དུ་གསལ་བ་ལྟར་བསྙལ་གནས་སོ་སོར་བསྙལ་ཐག་གིས་ཚུལ་བཞིན་བསྙལ་དགོས་ཞེས་གསུངས་པ་ཡིན་ཏེ། རྒྱུད་ལས། བསྙལ་ཐབས་དཔྲལ་རྩ་ལྟག་རྩ་མཚོགས་གསང་རྣམས

20230626

གཟའ་སྐར་འཇམ་སྐབས།

གཏར་ག་དང་། མེ་བཙའ། དབྱུག་བཅོས་སོགས་དཔྱད་བཅོས་ཀྱི་སྐབས་སུ་གཟའ་འཇམ་པ་ཟླ་བ། ལྷག་པ། ཕུར་བུ། པ་སངས་རྣམས་དང་། སྐར་མ་འཇམ་པ་ལྷ་མཚམས། ནམ་གྲུ། གྲོ་བཞིན། བྱི་བཞིན། མཆུ། སྣར་མ། ནབས་སོ། རྒྱལ། ས་རི། སྔོན་རྣམས་ཡིན་ཏེ། དཀར་ནག་འབྲས་རྩིས་ནམ་མཁའི་ནོར་བུ་ལས། གཏར་མེ་དབྱུག་བཅོས་བྱེད་པ་ལ། ། ཟླ་ལྷག་ཕུར་བུ་པ་སངས་བཟང་། ཉི་སྤེན་ངན་ཞིང་མིག་དམར་ལ

20230626

རྐང་མཐིལ་རྒྱུ་རྩ།

གྱི་རྒྱུ་མ་ཁུད་དུ་ཚ་གསུམ་འབྱུང་བའི་དབུས་མ་ལྷིང་དང་འབྲེལ་བའི་གཏར་དམིགས་ལ་བྱ་སྟེ། གསོ་དཔྱད་ཉི་མའི་འོད་ཟེར་ལས། སྙིང་བརྡུང་འཆུ་ཞིང་སྙིང་གཟེར་དྲག་པོ་ལ། །རྩ་གཞན་གཏར་གས་མ་ཐུབ་དཀའ་བ་ཡི། །རྒྱུ་མའི་གཉེར་མ་གསུམ་པར་ཚད་བཞིན་གདབ། །མགོ་བོའི་ཆུ་སེར་སྙིང་ལ་བབས་པ་དང་། །འཁྲུགས་རིམས་ཚད་པ་སྙིང་ལ་ཤོར་བ་སེལ། །ཞེས་དང་། ཤེལ་དཀར་མེ་ལོང་ལས

20230627

རྒྱ་རྩི་བ།

ཚ་རྩུབ་དྲི་བསུང་ལྡན༎ རང་གི་ནུས་པས་སྐྲངས་རྣམས་འདུལ།༎ རྨ་ནད་རྨེན་སྐྱེས་ཤུ་ལེབ་དང་༎ རྒྱ་རྔོ་མཛེ་དང་འབྲས་ནད་དང་༎ དྲེག་དང་ཐོར་བ་ཆུ་ནད(ཤུ་བ)ལ༎ མར་དང་སྦྱར་ནས་བྱུག་པ་ན༎ མྱུར་དུ་ཞི་བར་འགྱུར་བའོ༎ གཏར་ག་རྨེན་སྐྱེས་ནད་རྣམས་ལ༎ གཞན་ཡང་ཡོན་ཏན་བསམ་མི་ཁྱབ༎རྒྱ་ཡིག་གི་མིང་། 升麻 ཁོངས་གཏོགས། སྔོ་སྨན་གྱི་རིགས

20231024