ལི་ཆི།

ལི་ཆི། སྤྱི་ལོ(1908—1938)མིང་དངོས་ལ་ཡོའུ་ཅན་ཏུའོ་ཟེར་བ་དང་། ཧུ་ནན་ཞིང་ཆེན་ཐའེ་ཁང་ནས་ཡིན། ཀྲུང་གུང་ཅའོ་ཏུང་ཆེད་ཨུའི་ཧྲུའུ་ཅི་དང་། ཐེན་ཧྥུའུ་ཧྲན་འོས་ལངས་ཀྱི་རྩ་འཛུགས་པ་གཙོ་བོ་དང་མགོ་ཁྲིད་པ་ཡིན། ཧྲན་ཏུང་མི་དམངས་འཇར་འགོག་རྒྱལ་སྐྱོབ་དམག་གི་ཅུན་གསུམ་པའི་སི་ལིང་དང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཉིས་གཅིག་ལྕོགས་ཀྱི་འགན་བཞེས། སྤྱི་ལོ1925ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཤིང་། སྤྱི་ལོ1934ལོར་ཧྲང་ཧའེ་རུ་གསང་བའི་ལས་ཀ་བྱེད་པར་ཕྱིན་པ་དང་། ཕྱི་ལོའི་ལོ་སྨད་དུ་ཏང་དང་འབྲེལ་བ་བྱེད་མ་ཐུབ། སྤྱི་ལོ1936ལོར་ཀྲུང་གུང་ཧུ་ནན་ཞིང་ཆེན་ཏང་ཨུའི་བྱ་བའི་ཏེང་རུའུ་ཞུན་གྱིས་ངོ་སྤྲོད་བྱས་པ་བརྒྱུད་ཝུན་ཏེང་དུ་བྱ་བ་སྒྲུབ་པར་སོང་། སྤྱི་ལོ1936ལོའི་ཟླ12པར་ངོ་ལོག་པས་གསང་བ་བསྒྲགས་པས་བློ་མཐུན་ལི་ཆི་སྟབས་མ་ལེགས་པར་ཡན་ཐའེ་ནས་འཛིན་བཟུང་བྱས། སྤྱི་ལོ1937ལོའི་ཟླ11པར་ཏང་རྩ་འཛུགས་བརྒྱུད་དེ་བཙོན་ཁང་ནས་ཕྱིར་བུད། ཟླ12པའི་ཚེས15ཉིན་ཀྲུང་གུང་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་མཛུབ་སྟོན་ལྟར་ཡང་བསྐྱར་ཅའོ་ཏུང་ཆེད་ཨུ་ཡི་སྡོད་གནས་ཡུས་ཅ་ཀོའུ་རུ་སོང་ནས། ཆེད་ཨུའི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས་ཟླ12པའི་ཚེས24ཉིན་ཐེན་ཧྥུ་ཧྲན་འོས་ལངས་བྱེད་རྒྱུ་ཐག་བཅད། སྤྱི་ལོ1938ལོའི་ཟླ2པར་ལེ་ཧྲེན་ལྷ་ཁང(ཧྲན་ཏུང་མོའུ་ཕིང)དུ་སྐུ་གཤེགས། ལི་ཆི་སྐུ་གཤེགས་རྗེས་ས་གནས་དེ་གའི་ཀྲུང་གུང་རྩ་འཛུགས་དང་མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་ཧྲན་ཏུང་ཞིང་ཆེན་ཝུན་ཏེང་རྫོང་གི(ད་ལྟའི་ཝེ་ཧའེ་གྲོང་ཁྱེར་ཝུན་ཏེང་ཁུལ)ཚུའེ་ཅ་ཁོའུ་གྲོང་ཚོར་དུར་འཇུག་བྱས་ཡོད། སྤྱི་ལོ2014ལོའི་ཟླ9པའི་ཚེས1ཉིན་ཁོང་གི་མཚན་དེ་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་གྲགས་ཆེའི་འཇར་འགོག་སྔོན་གཤེགས་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཀོད།

རིགས་དབྱེ།  

སཱ་ཧྲི་ཅུན།

སཱ་ཧྲི་ཅུན། སྤྱི་ལོ(1895ལོ་ནས1938ལོའི་ཟླ10ཚེས24ཉིན) ཟུར་མིང་ལ་དབྱི་ཀྲུང་། ཀྲུང་ཧྭ་མིན་གོའི་མཚོ་དམག་དམག་དཔོན་ཡིན་པ་དང་། ཆིང་རྒྱལ་རབས་ཀྱི་ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲོའུ་ཧྥུ་མིང་རྫོང(དེང་གི་ཧྥུའུ་ཀྲོའུ་གྲོང་ཁྱེར་གྲོང་ཁྱེར)གི་ཡན་མོན་སཱ་ཁྱིམ་རྒྱུད་དུ་སྐྱེས། ཀྲུང་ཧྭ་མིན་གོའི་མཚོ་དམག་གི་ཀྲུང་ཞའོ་དམག་མིའི་གོ་རྟགས་ཀྱིས་ཀྲུང་ཧྲན་དམག་གྲུའི་མགོ་འཛིན་གྱི་འགན་བཞེས། ཁོང་ནི་འཇར་འགོག་དམག་འཁྲུག་ཁྲོད་དུ་སྲོག་ཤོར་བའི་གོ་རྟགས་ཆེས་མཐོ་བའི་ཀྲུང་ཧྭ་མིན་གོའི་མཚོ་དམག་གི་དམག་དཔོན་ཞིག་ཡིན་ལ། རྗེས་སུ་མཚོ་དམག་གི་ཧྲང་ཞའོ་ཡི་གོ་རྟགས་སྤྲད་པ་དང་། ཁོང་གི་གདུང་ཀྲུང་ཧྭ་མིན་གོའི་བློ་དཀར་མཆོད་ཁང་དུ་བཞག ཀྲུང་གོ་གོ་མིན་ཏང་དང་གུང་ཁྲན་ཏང་ཕྱོགས་གཉིས་ཀས་བསྟོད་བསྔགས་ཆེན་པོ་བྱས་པ་དང་། སྤྱི་ལོ2014ལོའི་ཟླ་དགུ་པར་སཱ་ཧྲི་ཅུན་ཁག་དང་པོའི་གྲགས་ཅན་འཇར་འགོག་སྔོན་གཤེགས་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་ཚུད།

རིགས་དབྱེ།  

མེང་ཆི་ཨན།

མེང་ཆི་ཨན་ནི་སྤྱི་ལོ1947ལོའི་ཟླ2པར། ཆིའུ་ཞི་ཞང་ནུབ་ཀྱི་གྲུ་ཁ་ནས་སྟབས་མ་ལེགས་པར་འཛིན་བཟུང་བྱས་ཤིང་བཙོན་དུ་བཅུག བཙོན་དུ་བཅུག་པའི་སྐབས་སུ། དགྲ་བོས་འཇམ་རྩུབ་གཉིས་ཀའི་ཆད་པ་བཅད། གཉེན་ཉེ་དང་གྲོགས་པོས་བསླུས་ནས་ཁོང་ལ་རང་ཉེས་རང་ཞུ་བྱེད་པར་སྐུལ་ཡང་། ཁོང་གིས་ཤི་ཡང་མགོ་མི་སྒུར་བར་བཙོན་ཁང་དུ་འཐབ་རྩོད་རྒྱུན་འཁྱོངས་བྱས། མཐར་ཟླ་དེའི་ཚེས21ཉིན་སྐུ་གཤེགས།

རིགས་དབྱེ།  

ཏུང་ཚུན་རུའེ།

ཏུང་ཚུན་རུའེ་ནི་སྤྱི་ལོ1948ལོར་ཧོ་པེ་ཞིང་ཆེན་ཧོའེ་ལའེ་རྫོང་དུ་ཞིང་བ་དབུལ་བོ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། འཇར་འགོག་དམག་འཁྲུག་གི་སྐབས་སུ་བྱིས་པའི་མདའ་དཔོན་བྱས་མྱོང་ཞིང་། ལོ་ན་ཆུང་དུས་སྤྱང་གྲུང་ལྡན་པའི་ཆུས་ཨུའི་ཧྲུའུ་ཅི་འཛིན་བཟུང་བྱེད་མཁན་འཇར་དམག་གི་བདའ་འདེད་འཛིན་བཟུང་ལས་གཡོལ་ཐབས་བྱས་པས“འཇར་འགོག་དཔའ་བོ་ཆུང་ཆུང”ཞེས་འབོད་བཞིན་ཡོད། སྤྱི་ལོ1945ལོའི་ཟླ7པར་དམག་སྡེ་བརྒྱད་པར་ཞུགས། སྤྱི་ལོ1947ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཁོང་ནི་དམག་དོན་ལག་རྩལ་ལ་མཁས་ཤིང་། དམག་འཐབ་ལ་སྤྱང་གྲུང་ལྡན་ཞིང་དཔའ་ངར་ལྡན། དམག་འཐབ་ཅིག་གི་ཁྲོད་དུ་དགྲ་དམག10ལྷག་འཛིན་བཟུང་བྱས། སྔ་རྗེས་སུ་བྱས་རྗེས་ཆེན་པོ་ཐེངས3དང་བྱས་རྗེས་ཆུང་ཆུང་ཐེངས4ལ་བཞག་པ་དང་།“དཔའ་ངར་ཆེ་བའི་བྱ་དགའི་རྟགས་མ”3དང“མའོ་ཙེ་ཏུང་གི་བྱ་དགའི་རྟགས་མ”1བཅས་ཐོབ་མྱོང་།

རིགས་དབྱེ།  

ལིའུ་ཧུའུ་ལན།

ལིའུ་ཧུའུ་ལན་ནི་སྤྱི་ལོ1932ལོར་ཧྲན་ཞི་ཝུན་ཧྲུའེ་རྫོང་ཡུན་ཀྲོའུ་ཞིས་གྲོང་ཚོའི་ཞིང་པ་དབུལ་པོའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། གསར་བརྗེའི་སྔོན་གཤེགས་དཔའ་བོ་སྐད་གྲགས་ཅན་དང་གུང་ཁྲན་ཏང་ཡོན་ཕུལ་བྱུང་ཅན་བཅས་ཡིན།

རིགས་དབྱེ།  

ཝང་ཨེར་ཞའོ།

ཝང་ཨེར་ཞའོ་ནི་སྤྱི་ལོ1929ལོར་ཧོ་པེ་ཞིང་ཆེན་ལེ་ཡོན་རྫོང་ནས་སྐྱེས་ཤིང་སྤྱི་ལོ1942ལོའི་ཟླ10པའི་ཚེས25ཉིན་སྐུ་གཤེགས། ཁོང་ནི་འཇར་འགོག་དཔའ་བོ་ཆུང་ཆུང་ཞིག་ཡིན།

རིགས་དབྱེ།  

ཧུང་ལིན་ཀོ

ཧུང་ལིན་ཀོ(སྤྱི་ལོ1902~སྤྱི་ལོ1938ལོའི་ཟླ10པའི་བར) མན་ཇུ་རིགས། རེ་ཧོ་ཞིང་ཆེན་ཙུན་ཧྭ་གྲོང་ཁྱེར(དེང་ཧོ་པེ་ཞིང་ཆེན་གྱི་ཁོངས་སུ་གཏོགས)ཏི་པེ་ཐོའུ་གྲོང་ཚོའི་མི་ཡིན། དམག་སྡེ་བརྒྱད་པའི་ཅི་ཤར་འཇར་འགོག་མཉམ་འབྲེལ་དམག་གི་སི་ལིང་ཡོན་གཞོན་པ་དང་དམག་སྡེ་གསུམ་པའི་སྤྱི་ཁྱབ་བཀོད་འདོམས་པ་གཅིག་ལྕོགས་སུ་བཞེས། སྤྱི་ལོ1921ལོར་ཁྲིམས་སྲིད་ཆེད་སྦྱོང་སློབ་གྲྭར་སློབ་གཉེར་གནང་། སྤྱི་ལོ1925ལོར་ཧྥེང་ཡུས་ཞང་དམག་དཔུང་གི་ཁྲིམས་དཔོན་གྱི་འགན་གནང་བ་དང་། རྗེས་སུ་རྒྱལ་དམངས་གསར་བརྗེའི་དམག་གི་ཤོག་སྒྲིག་དཔུང་ཚོགས་གཉིས་པའི་དམག་དཔུང་གི་ཁྲིམས་ལུགས་ཁྲུའུ་ཀྲང་གི་འགན་བཞེས། སྤྱི་ལོ1933ལོར་ཕ་ཡུལ་དུ་རི་འགོག་དམག་འཁྲུག་གི་བྱེད་སྒོ་སྤེལ། སྤྱི་ལོ2014ལོའི་ཟླ9པར་ཧུང་ལིན་ཀེ་འཇར་འགོག་དམག་འཁྲུག་ཁྲོད་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་ཕུལ་བའི་སྔོན་གཤེགས་དཔའ་བོ་སུམ་བརྒྱའི་གྲས་སུ་ཚུད།

རིགས་དབྱེ།  

སུན་མིང་ཝུའུ།

སུན་མིང་ཝུའུ(སྤྱི་ལོ1889ལོའི་ཟླ9པ་ནས་སྤྱི་ལོ1932ལོའི་ཟླ1པའི་ཚེས་19ཉིན)ལིའོ་ཉིང་ཧྥུ་ཧྲུན་གྱི་མི་ཡིན་པ་དང་། འཇའ་འགོག་དམག་དཔོན་གྲགས་ཅན་ཞིག་ཡིན་ཞིང་། སྤྱི་ལོ1919ལོར་བྱང་ཤར་དམག་གི་སྐམ་དམག་ཧྲི་ཤོག་བཅུ་དྲུག་པར་བཅོས་སྒྲིག་བྱས་ཏེ་སྔ་རྗེས་སུ་ལྡིང་དཔོན་དང་བརྒྱ་དཔོན། རུ་དཔོན་བཅས་ཀྱི་འགན་བཞེས། སྤྱི་ལོ1931ལོའི་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་བྱུང་རྗེས་སུན་མིང་ཝུའུ་ཡིས་ཡུལ་དམངས་གཉེན་ཉེ་དང་གྲོགས་པོ་རྣམས་ཀྱི་དར་ཆ་བསྒྲེངས་ནས་འཇར་འགོག་བྱེད་པར་སྐུལ་སློང་ཧུར་ཐག་བྱས་ཏེ་འཇར་པན་བཙན་འཛུལ་པར་རྡུང་རྡེག་བཏང་། སྤྱི་ལོ1932ལོའི་ཟླ1པོར། ལིའོ་ཏུང་ཁྲག་ཐོན་མནའ་འབྲེལ་རྒྱལ་སྐྱོབ་དམག་བཙུགས་ཏེ། མྱུར་དུ་མི་ཆིག་སྟོང་ལྷག་ལ་འཕེལ། བློ་མཐུན་སུན་མིང་ཝུའུ་སྤྱི་ཁྱབ་དམག་སྤྱིར་བསྐོས། ལོ་དེར་བློ་མཐུན་སུན་མིང་ཝུའུ་རྒྱ་ནང་རུལ་པ་ཡུའུ་ཀྲི་ཧྲན་གྱིས་བསད།

རིགས་དབྱེ།  

ཀྲོའུ་ཅན་ཕིང་།

ཀྲོའུ་ཅན་ཕིང་ནི(སྤྱི་ལོ1892ལོ་ནས་སྤྱི་ལོ1938ལོའི་ཟླ6པའི་ཚེས13ཉིན)ཧྥུ་ཀྲོའུ་ཅིན་ཞིའི་ཡིན་ཞིང་། ཡུན་ནན་ཞིང་ཆེན་ཞོན་ཝེ་གྲོང་ཁྱེར་རུའུ་ཐང་གྲོང་རྡལ་དུ་སྐྱེས། ཀྲུང་གོ་བཟོ་ཞིང་དམར་དམག་དང་དམག་སྡེ་བརྒྱད་པའི་མཐོ་རིམ་བཀོད་འདོམས་པ་དང་། ཅིན་ཁྲ་ཅི་དམག་ཁུལ་ཁང་གི་ཡན་ལག་ས་ཁུལ་བཞིའི་དམག་སྤྱི། ཅང་ཞིའི་བྱང་ཤར་གནས་གཞིའི་ས་ཁུལ་དང་ཀྲུང་གོའི་བཟོ་ཞིང་དམར་དམག་ཅུན་ཤོག་བཅུ་པ་འཛུགས་མཁན་གྲས་ཀྱི་གཅིག་བཅས་ཡིན། དཀའ་ཚེགས་ཆེ་བའི་དམག་འཁྲུག་གི་ཁོར་ཡུག་དང་དམག་འཐབ་ཡང་ཡང་བྱས་པའི་རྐྱེན་གྱིས་སྤྱི་ལོ1938ལོའི་ཟླ6པའི་ཚེས13ཉིན་ཀྲོའུ་ཅན་ཕིང་ཧོ་པེ་ཞིང་ཆེན་ཕིང་ཧྲན་རྫོང་ཞའོ་ཅུའེ་གྲོང་རྡལ་དུ་རྨས་སྐྱོན་རྙིང་པ་བསྐྱར་དུ་བྱུང་ནས་ཚེ་ལས་འདས། སྐུ་ཕུང་ཁོས་འཐབ་འཛིང་བྱས་མྱོང་བའི་ཕིན་ཧྲན་ཞའོ་ཅུའེ་གྲོང་རྡལ་དུ་དུར་འཇུག་བྱས།

རིགས་དབྱེ།  

ཧྥན་ཅིན།

ཧྥན་ཅིན(སྤྱི་ལོ1899ལོ་ནས་སྤྱི་ལོ1938ལོ)ནི་ཅང་ཞི་ཞིང་ཆེན་ཧྥེང་ཁྲེང་ཐའོ་ཧྲ་གྲོང་རྡལ་ཧོ་ཧྥང་སྡེ་བའི་ཡིན་ལ། སྤྱི་ལོ1922ལོར་པའོ་ཏིང་སྐམ་དམག་སློབ་གྲྭའི་སྐབས་བརྒྱད་པར་མཐར་ཕྱིན། ཧོང་ཕུའུ་དམག་དཔོན་སློབ་གྲྭ་སྐབས་གསུམ་པའི་སྤྱི་ཁྱབ་རུ་ཁག་པུའུ་ཡི་དགེ་རྒན་དང་རུ་ཁག་བདུན་པའི་ཧྲའོ་ཞའོ་ཡི་འགོ་འཛིན་གྱི་འགན་བཞེས་མྱོང་། སྤྱི་ལོ1926ལོར་བྱང་འདུལ་དམག་འཁྲུག་ལ་ཞུགས། སྤྱི་ལོ1930ལོར་ཀྲང་ཀྲི་ཀྲུང་གིས་ངོ་སྤྲོད་བྱས་པ་བརྒྱུད་དེ་རྒྱལ་དམངས་སྲིད་གཞུང་གི་ཧུའུ་ནན་ཞིང་ཆེན་བདེ་སྲུང་རུ་ཁག་ཏུ་མི་དོན་ཁོའོ་ཡི་ཁོའོ་ཀྲང་གི་འགན་བཞེས། སྤྱི་ལོ1937ལོར་ཝུའུ་ཧན་དུ་ལྷོ་ཅཱ་རི་བོའི་དམག་དཔོན་སྦྱོང་བརྡར་འཛིན་གྲྭར་ཞུགས། ལུའུ་ཀོའུ་ཟམ་པའི་དུས་འགྱུར་ལངས་རྗེས་རྒྱལ་དམངས་གསར་བརྗེ་དམག་གི་སྐམ་དམག་ཅུན54པའི་ཧྲི198པའི་ཧྲི་ཀྲང་གཞོན་པའི་འགན་བཞེས། སྤྱི་ལོ1938ལོའི་ཟླ9པར་ཧྥན་ཅིན་གྱིས་འཇའ་དམག་དང་འཐབ་འཛིང་དྲག་པོ་བྱེད་སྐབས་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་བཏང་བ་དང་། རྗེས་སུ་རྒྱལ་དམངས་སྲིད་གཞུང་གིས་སྐམ་དམག་གི་དམག་དཔོན་དུ་བསྐོས།

རིགས་དབྱེ།  

ཧྥན་ཀྲུའུ་ཞན།

ཧྥན་ཀྲུའུ་ཞན(སྤྱི་ལོ1881ལོའི་ཟླ12པའི་ཚེས12ཉིན་ནས་སྤྱི་ལོ1938ལོའི་ཟླ11པའི་ཚེས15ཉིན་བར)ཕོ། ཀྲུང་གོའི་གོ་མིན་ཏང་གི་ཏང་ཡོན། ཧྲན་ཏུང་ཞིང་ཆེན་ཀོན་ཐའོ་རྫོང་ནས་ཡིན། མི་རིགས་ཀྱི་དཔའ་བོ་གྲགས་ཅན་དང་འཇར་འགོག་སྔོན་གཤེགས་དཔའ་བོ། རྒྱལ་གཅེས་དམག་དཔོན་བཅས་ཡིན།

རིགས་དབྱེ།  

ལི་ཀུང་ཕུའུ།

ཁོང་ནི་སྤྱི་ལོ1902ལོའི་ཟླ11པའི་ཚེས26ཉིན་ཧུའེ་ཨན་ནས་སྐྱེས་ཤིང་། མིང་གཞན་ལ་ཡུང་ཞང་ཟེར། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་། བློ་བརྟན་འགྱུར་མེད་ཀྱི་དམངས་གཙོའི་འཐབ་འཛིང་པ། ཀྲུང་གོའི་དམངས་གཙོ་མནའ་མཐུན་ཚོགས་པའི་སྔ་དུས་ཀྱི་འགོ་ཁྲིད་པ། སྤྱི་ཚོགས་ཀྱི་ཕུལ་དུ་བྱུང་བའི་སློབ་གསོ་བ་བཅས་ཡིན། སྤྱི་ལོ1946ལོའི་ཟླ7པའི་ཚེས11ཉིན་ཁུན་མིང་གྲོང་ཁྱེར་དུ་གོ་མིན་ཏང་གི་མྱུལ་བས་ལྐོག་གསོད་བྱས།

རིགས་དབྱེ།  

ཀྲའོ་ཞི་ཀྲང་།

ཀྲའོ་ཞི་ཀྲང་། (སྤྱི་ལོ1901—སྤྱི་ལོ1938ལོའི་ཟླ2པའི་ཚེས21ཉིན་བར)རྒྱ་རིགས། ཧོ་པེ་ཧོ་ཅན་ནས་ཡིན། ཆུང་དུས་སུ་པའོ་མའོ་ཀུང་དཔེ་ཁང་དུ་སློབ་སྦྱོང་བྱས་ཤིང་། རྗེས་སུ་པའོ་ཏིང་ཡུས་ཏེ་སློབ་འབྲིང་དུ་རྒྱུགས་འཕྲོད། ཆིང་ཧོ་སྐམ་དམག་གྲ་སྒྲིག་སློབ་གྲྭ་དང་པའོ་ཏིང་སྐམ་དམག་དཔོན་སློབ་གྲྭའི་རྐང་དམག་ཚན་ཁག་ཏུ་མཐར་ཕྱིན། སྔ་རྗེས་སུ་ལྡིང་དཔོན་དང་། དྲག་ཇུས་པ། ཧྲང་ཞའོ་དྲག་ཇུས་པ། རྒྱལ་དམངས་གསར་བརྗེའི་དམག་གི་སྐམ་དམག19པའི་ཧྲི70པའི་ལུའི་ཤོག215ཡི་ལུའི་དཔོན་བཅས་ཀྱི་འགན་ཁུར་གནང་། སྤྱི་ལོ2014ལོའི་ཟླ9པའི་ཚེས1ཉིན་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཅུག་ཡོད།

རིགས་དབྱེ།  

ཀྲའོ་ཝེ་པིན།

ཀྲའོ་ཝེ་པིན(སྤྱི་ལོ1893ལོ་ནས་སྤྱི་ལོ1938ལོའི་བར)སྤྱི་ལོ1893ལོར་སི་ཁྲོན་ཁྲེང་ཏུའུ་རུ་སྐྱེས། རྒྱལ་དམངས་གསར་བརྗེ་དམག་གི་སྐམ་དམག་ཅུན41པའི་ཧྲི122པའི་དྲག་ཇུས་དམག་དཔོན་ཡིན། སྤྱི་ལོ2014ལོའི་ཟླ9པའི་ཚེས1ཉིན་དམངས་སྲིད་པུས་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཅུག་ཡོད།

རིགས་དབྱེ།  

ཝང་ལི་རེན།

ཝང་ལི་རེན་གྱིས(སྤྱི་ལོ1910~ སྤྱི་ལོ1941ལོའི་ཟླ12པའི་བར)པ་ལུའུ་དམག་ཧྲི115པའི་ཆབ་སྲིད་པུའུ་དགྲ་བོའི་ལས་དོན་པུའུ་ཡི་པུའུ་ཀྲང་གི་འགན་བཞེས། སྤྱི་ལོ1910ལོར་སྐྱེས། ཐེན་ཅིན་ནས་ཡིན། སྤྱི་ལོ1930ལོར་ཀྲུང་གོའི་བཟོ་ཞིང་དམར་དམག་ལ་ཞུགས་ཤིང་། སྤྱི་ལོ1932ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1936ལོའི་ཟླ1པོར་ཕྱི་འབྲེལ་པུའུ་ཡི་དྲུང་ཡིག་གི་འགན་བཞེས། རྗེས་སུ་ཞི་ལུའུ་དམག་དཔུང་སྐྱོབ་པའི་བྱ་བར་ཞུགས།

རིགས་དབྱེ།  

ཝང་ཅུན།

ཝང་ཅུན(སྤྱི་ལོ1902ལོ—སྤྱི་ལོ1941ལོའི་ཟླ5པའི་ཚེས9ཉིན་བར)ནི་ཧྲའན་ཞི་ཕུའུ་ཁྲེང་ནས་ཡིན། འཇར་འགོག་སྔོན་གཤེགས་དཔའ་བོ་དང་། རྒྱལ་དམངས་གསར་བརྗེའི་དམག་སྐམ་དམག་ཧྲའོ་ཅང་ཡིན། སྤྱི་ལོ2014ལོའི་ཟླ9པའི་ཚེས1ཉིན་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཅུག

རིགས་དབྱེ།  

པའེ་དབྱི་ཧྭ།

པའེ་དབྱི་ཧྭ།(སྤྱི་ལོ1911ལོའི་ཟླ6པའི་ཚེས11ཉིན་ནས་སྤྱི་ལོ1941ལོའི་ཟླ2པའི་ཚེས4ཉིན་བར)མན་ཇུ་རིགས། ལིའོ་ཉིང་ཞིང་ཆེན་ལིའོ་དབྱང་གྲོང་ཁྱེར་ཧུང་ཝེ་ཆུས་ཧྲི་ཁྲང་ཡུས་གྲོང་ཚོ་ནས་ཡིན། སྤྱི་ལོ1941ལོར་པ་ལུའུ་ཅུན་གྱི་ཅིན་ཁྲ་ཅི་དམག་ཁུལ་གྱི་ཐོན་བཅུ་བའི་ཐོན་ཀྲང་པེ་དབྱི་ཧྭ་ཡིས་སྨི་ཡུན་མཱ་ཡིང་ལ་བཀོད་འདོམས་བྱེད་པའི་དམག་འཐབ་ཁྲོད་སྟབས་མ་ལེགས་པར་རང་སྲོག་བློས་བཏང་བ་དང་། དགུང་ལོ་སུམ་ཅུ་ལས་སླེབས་མེད། སྤྱི་ལོ2014ལོའི་ཟླ9ཚེས1ཉིན་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཅུག་ཡོད།

རིགས་དབྱེ།  

པེ་ཝུན་ཀོན།

པེ་ཝུན་ཀོན།(སྤྱི་ལོ1873ལོའི་ཟླ1པོ་ནས་སྤྱི་ལོ1941ལོའི་ཟླ9པའི་བར)བུད་མེད། ཧུའེ་རིགས། ཧོ་ཅན་རྫོང་མཁར(ད་ལྟའི་ཧོ་པེ་ཞིང་ཆེན་ཧོ་ཅན་གྲོང་ཁྱེར་ཡིང་ཀྲོའུ་གྲོང་རྡལ)པའེ་ཧྲི་ཙི་སྲང་ལམ་གྱི་ཧུའེ་རིགས་ཁྱིམ་ཚང་ཞིག་ཏུ་སྐྱེས། སྤྱི་ལོ1985ལོར་རྫོང་སྲིད་གཞུང་གིས་པེན་ཀྲེ་ཞང་སྲིད་གཞུང་གིས་ཁོང་ལ་དུར་ས་བསྐྲུན་པ་དང་མ་པིན་ཀྲའེ་མ་བུ་སྔོན་གཤེགས་དཔའ་བོའི་བང་སོ་བཙུགས། སྤྱི་ལོ2014ལོའི་ཟླ9པའི་ཚེས1ཉིན་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཅུག་ཡོད།

རིགས་དབྱེ།  

ཐེང་ཅིའུ་ཧྲོའུ།

ཐེང་ཅིའུ་ཧྲོའུ(སྤྱི་ལོ1899—སྤྱི་ལོ1932ལོའི་ཟླ2པའི་ཚེས4ཉིན་བར)ནི་ཀུའེ་ཀྲོའུ་ཞིང་ཆེན་ཏུའུ་ཅང་རྫོང་ནས་ཡིན་ཞིང་། མིང་དུ་གྲགས་པའི་འཇར་འགོག་དཔའ་བོ་ཞིག་ཡིན། ཧོང་ཕུའུ་དམག་དཔོན་སློབ་གྲྭ་ཁྲའོ་ཀྲོའུ་ཡན་ལག་སློབ་གྲྭའི་འཐབ་རྩལ་དམག་དཔོན་དང་། རྒྱལ་དམངས་གསར་བརྗེའི་དམག་ཝུའུ་སུང་ནུང་སའེ་དམག་སྤྱི་ཁང་གི་ཧྲའོ་ཅང་དྲག་ཇུས་དམག་དཔོན་བཅས་ཀྱི་འགན་བཞེས། སྤྱི་ལོ1932ལོའི་ཟླ2པའི་ཚེས4ཉིན་ཧྲང་ཧའེ་འཇར་འགོག་དམག་འཁྲུག་ཁྲོད་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་བཏང་། སྤྱི་ལོ2014ལོའི་ཟླ9པའི་ཚེས1ཉིན་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཅུག་ཡོད།

རིགས་དབྱེ།  

ལིའུ་སན་ཁྲུན།

ལིའུ་སན་ཁྲུན(སྤྱི་ལོ1911—སྤྱི་ལོ1933ལོའི་བར)ཧྲན་ཏུང་ཞིང་ཆེན་ཀྲང་ཆིའུ་རྫོང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཁོ་ཆུང་དུས་སུ་བློ་རིག་བཀྲ་ཞིང་སློབ་སྦྱོང་ལ་དགའ་བས་ཕུལ་བྱུང་གི་སྦྱངས་འབྲས་ལ་བརྟེན་ནས་སློབ་ཆུང་འགྲིམས་པ་དང་། ཧྲན་ཏུང་ཆི་ལུའུ་སློབ་ཆེན་གྱི་ཞོར་གཏོགས་མཐོ་འབྲིང་དུ་རྒྱུགས་འཕྲོད། སྤྱི་ལོ2014ལོའི་ཟླ9པའི་ཚེས1ཉིན་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་འཇའ་འགོག་སྔོན་གཤེགས་དཔའ་བོ་གྲགས་ཅནདང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཅུག་ཡོད།

རིགས་དབྱེ།  

སུན་ཡུང་ཆིན།

ཁོང་ནི་སྤྱི་ལོ1893རེ་ཧུ་ཞིན་ལུང(ད་ལྟའི་ཧོ་པེ་ཁྲེང་ཏེའི་ཁོངས་སུ་གཏོགས)དུ་སྐྱེས་ཤིང་། ཆུང་དུས་ནས་དྲག་རྩལ་སྦྱངས་པ་དང་། བློ་དཀར་དྲང་བདེན་ལ་བརྩི་མཐོང་ཆེ་ཞིང་། གཤིས་ཀ་དྲང་ཞིང་ཉམ་ཆུང་ལ་རོགས་སྐྱོར་བྱེད་པའི་མི་ཞིག་ཡིན། སྤྱི་ལོ1931ལོའི་དགུ་གཅིག་བརྒྱད་དུས་འགྱུར་བྱུང་རྗེས་སུན་ཡུང་ཆིན་གྱིས་འཇར་འགོག་རྒྱལ་སྐྱོབ་ཀྱི་བྱེད་སྒོ་སྤེལ།

རིགས་དབྱེ།  

ཐུང་ཁྲང་རུང་།

ཁོང་ནི་སྤྱི་ལོ1907ལོར་ཨན་ཧུའེ་ཞིང་ཆེན་ཙུང་དབྱང་རྫོང་དུ་སྐྱེས་ཤིང་། སྔ་དུས་ཀྱི་ཨན་ཧུའེ་གཞོན་ནུའི་ལས་འགུལ་གྱི་འགོ་ཁྲིད་པའི་གྲས་ཤིག་ཡིན་ལ། སྤྱི་ལོ1921ལོར་ཨན་ཧུའེ་ཞིང་ཆེན་གྱིས་བཙུགས་པའི་དགེ་འོས་སློབ་གྲྭ་དང་པོར་རྒྱུགས་འཕྲོད། ཁོང་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་རྒྱལ་གཅེས་སློབ་མའི་ལས་འགུལ་ལ་ཞུགས་ཤིང་། ཨན་ཧུའེ་ཞིང་ཆེན་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བའི་གྲས་སུ་བདམས།

རིགས་དབྱེ།  

ལི་ཧུང་ཀོང་།

ཁོང་ནི་སྤྱི་ལོ1910ལོར་ཁྲའོ་ཞན་ཅིན་ཅི་ཏའོ་ལུང་རེན་ཅུན་ཏན་ཧྲིནཏུང་དུ་སྐྱེས་ཤིང་། འཇར་པན་བཙན་རྒྱལ་རིང་ལུགས་ཀྱི་མི་སེར་སྤེལ་བའི་དབང་སྒྱུར་དང་གདུག་རྩུབ་ཆེ་བའི་གཉའ་གནོན་བཟོད་མ་ཐུབ་པར། འཇར་པན་བཙན་འཛུལ་པ་དང་། དམག་ཤེད་ཅན། ཞིང་བདག་བཅས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཞུགས། མཉྫུ་ལྷོའི་འཇར་འགོག་ངེས་མེད་རྒོལ་རྡུང་རུ་ཁག་གི་སྲོལ་འབྱེད་མཁན་གཙོ་བོ་ཡིན་ལ། བྱང་ཤར་འཇར་འགོག་མཉམ་འབྲེལ་བཀོད་འདོམས་པུའུ་ཡི་དྲག་ཇུས་དམག་དཔོན་གྱི་འགན་ཁུར་མྱོང་།

རིགས་དབྱེ།  

ཏེང་ཐེ་མེ།

ཏེང་ཐེ་མེ།(སྤྱི་ལོ1892ལོའི་ཟླ10ཚེས29ཉིན་ནསསྤྱི་ལོ1934ལོའི་ཟླ་9པའི་ཚེས28ཉིན་བར)ལིའོ་ཉིང་ཞིང་ཆེན་པེན་ཞི་རྫོང(དེང་གི་པེན་ཞི་གྲོང་ཁྱེར) མའོ་ཧྲི་ཡུས་ཏེང་ཅ་གྲོང་ཚོར་སྐྱེས་ཤིང། འཇར་འགོག་དཔའ་བོ་གྲགས་ཅན་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཞིག་ཡིན།

རིགས་དབྱེ།  

དབྱང་ཅིང་ཡུའུ།

དབྱང་ཅིང་ཡུའུ(སྤྱི་ལོ1905ལོའི་ཟླ2པ་ནས་སྤྱི་ལོ1940ལོའི་ཟླ2པའི་ཚེས23ཉིན)ནི་ཧུ་ནན་ཞིང་ཆེན་ཆུའེ་ཧྲན་རྫོང་ལི་ཝན་སྡེ་བའི་མི་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་ཡིན། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ་དང་དམག་དོན་པ། སྐད་གྲགས་ཆེ་བའི་འཇར་འགོག་དཔའ་བོ་བཅས་ཡིན་པ་དང་། ཨོ་ཡུའུ་ཝན་སུའུ་ཁུལ་དང་དམར་དམག་གསར་འཛུགས་བྱེད་མཁན་གྱི་གྲས་ཤིག་ཡིན་ལ། བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་གསར་འཛུགས་པ་དང་འགོ་ཁྲིད་པའི་གྲས་ཤིག་ཡིན།

རིགས་དབྱེ།  

ཁྲེན་ཝུན་པིན།

ཁྲེན་ཝུན་པིན(སྤྱི་ལོ1911ལོ་ནས་སྤྱི་ལོ1940ལོའི་བར)དམག་སྡེ་བརྒྱད་པའི་ཅིན་ནན་འཇར་འགོག་རང་སྲུང་དམག་གི་ཆབ་སྲིད་ཨུ་ཡོན་ཡིན་པ་དང་། དམངས་སྲིད་པུས་འཇར་འགོག་སྔོན་གཤེགས་དཔའ་བོ་གྲགས་ཅན་ཁག་དང་པོ་ཁྱབ་བསྒྲགས་བྱས།

རིགས་དབྱེ།  

ཁྲིན་ཧན་ཀྲང་།

ཁོང་ནི་སྤྱི་ལོ1913ལོར་སྐྱེས་ཤིང་། ཅི་ལིན་ཏུན་ཧྭའི་མི་ཡིན་པ་དང་། མན་ཇུ་རིགས་ཡིན། སྤྱི་ལོ1932ལོའི་ཟླ8པར་ཅི་ལིན་ཀྲུང་གོའི་རྒྱལ་དམངས་རྒྱལ་སྐྱོབ་དམག་ལ་ཞུགས་པ་དང་། སྤྱི་ཁྱབ་དམག་སྤྱི་ཁང་གི་དྲུང་ཡིག་ཆེན་མོའི་འགན་བཞེས་ཤིང་། ལོ་དེའི་དགུན་ཁར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1940ལོའི་ཟླ12པའི་ཚེས8ཉིན་ངོ་ལོག་པས་གསང་བ་བསྒྲགས་པས་བསད་པ་དང་། སྐབས་དེར་དགུང་ལོ་ཉེར་བདུན་ཡིན། སྤྱི་ལོ2013ལོའི་ཟླ4བར་ཧན་ཀྲང་འཁྲུངས་ནས་ལོ་བརྒྱ་འཁོར་བའི་སྔོན་གཤེགས་དཔའ་བོའི་མགོ་བོ་ཅི་ལིན་ཞིང་ཆེན་ཏུན་ཧྭ་ཕ་ཡུལ་དུ་ཐོག་མར་དུར་འཇུག་བྱས།

རིགས་དབྱེ།  

ཀོན་ཁྲུའུ་དབྱིན།

ཀོན་ཁྲུའུ་དབྱིན(སྤྱི་ལོ1909ལོ་ནས་སྤྱི་ལོ1940ལོའི་བར)ནི་སྤྱི་ལོ1909ལོར་སྐྱེས་ཤིང་། ཧུ་ནན་ཀོང་ཧྲན་རྫོང(ད་ལྟའི་ཧུ་ནན་ཞིན་རྫོང་)ཀུའོ་ཅ་ཧོ་ཞང་ཡེ་ཝན་སྡེ་བའི་མི་ཡིན་ལ། ཀྲུང་གུང་ཏང་ཡོན་ཡིན་པ། ཞིན་སི་ཅུན་ཡུས་ཧུའུ་རུ་སྐྱོད་ཙུང་ཏུའེ་ལམ་ཤར་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་གྱི་འགན་ཁུར་བཞེས་མྱོང་བ་དང་། དམངས་སྲིད་པུས་འཇར་འགོག་སྔོན་གཤེགས་དཔའ་བོ་གྲགས་ཅན་ཁག་དང་པོ་ཁྱབ་བསྒྲགས་བྱས།

རིགས་དབྱེ།  

ལུའོ་ཧྭ་ཁྲེང་།

ལུའོ་ཧྭ་ཁྲེང(སྤྱི་ལོ1895ལོ་ནས་སྤྱི་ལོ1940ལོའི་ཟླ2པའི་ཚེས20ཉིན)ནི་ཧྥུའུ་ཅན་ཞིང་ཆེན་ཧྲང་ཧང་གི་མི་ཡིན་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོ་ཞིག་ཡིན། དེ་སྔོན་དམར་དམག་མྱུལ་མའི་རུ་ཆེན་གྱི་རུ་དཔོན་དང་། དམར་དམག་མིང་ཞི་སྨན་ཁང་གི་ཡོན་ཀྲང་། ཐིང་ཀྲོའུ་ཧྥུ་སྨན་ཁང་གི་སྨན་པ་དཀའ་བཅུ་བ། ཧྥུའུ་ཅན་ཞིང་ཆེན་སུའུ་ཝེ་ཨེད་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། དམར་དམག་ཧྥུའུ་ཅན་དམག་ཁུལ་གྱི་རྒྱབ་ཕྱོགས་གཞིས་སྲུང་ཁྲུའུ་ཡི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སོགས་ཀྱི་འགན་བཞེས།

རིགས་དབྱེ།  

ལི་ལན་ཁྲི།

ལི་ལན་ཁྲི་ནི་ཧྲན་ཏུང་ཞིང་ཆེན་ཧྲོའུ་ཀོང་གྲོང་ཁྱེར་དུ་སྐྱེས་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཞིག་ཡིན།

རིགས་དབྱེ།