ཡོངས་འཛིན་རིག་མཛོད། >རིག་གནས། >ཆོས་ལུགས། >གཞན་དག

འབྱུང་ལྔའི་སྒྱུ་འཕྲུལ་དྲྭ་བ།

དངོས་པོ་གང་ཞིག་གྲུབ་པར་ཐོག་མའི་འབྱུང་ཁུངས་གང་ལ་ཐུག་པ་དང་། བར་དུ་སྐྱེ་འཕེལ་གྱི་རྒྱུད་རིམ་ལྡན་ཞིང་། ཐ་མ་སྐྱེ་གནས་འཇིག་གསུམ་གྱི་རང་བཞིན་ལྡན་པའི་ཕུང་པོ་དང་བཅས་པ་ཞིག་གྲུབ་པ་ནི། རང་རང་གི་རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་མཐུན་རྐྱེན་ལས་གྲུབ་པ་དང་། འགལ་རྐྱེན་མེད་པའི་གོ་སྐབས་ངེས་ཅན་ཞིག་དང་ཕྲད་པ་ལས་བྱུང་བ་ཞིག་ཡིན་པས་ན། རྟེན་པ་སྣོད་དང་གཡོ་བ་བཅུད་ཀྱི་ཆགས་གནས་འཇིག་གསུམ་གྱི་རང་བཞིན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན།

རིགས་དབྱེ།  

མདོ་སྔགས་གཉིས།

མདོ་སྔགས་གཉིས་ནི་མཚན་ཉིད་ཐེག་པ་ལ་མདོ་དང་རྡོ་རྗེ་ཐེག་པ་ལ་སྔགས།

རིགས་དབྱེ།  

རི་བོང་འཛིན།

རི་བོང་འཛིན་ནི་ཟླ་བའི་མིང་།

རིགས་དབྱེ།  

མགྲིན་བཅུ་བ།

མགྲིན་བཅུ་བ་ནི་སྲིན་པོའི་རྒྱལ་བོའི་མིང་།

རིགས་དབྱེ།  

ཁོང་ཁྲོ་སྐྱེ་བའི་གཞི་དགུ།

ཁོང་ཁྲོ་སྐྱེ་བའི་གཞི་དགུ་ནི་མདོ་ལས་གསུངས་པའི་མནར་སེམས་ཀྱི་གཞི་དགུ་ཞེས་བ་དང་དོན་འདྲ།

རིགས་དབྱེ།  

ལྷོ་གཏེར་གྱི་ཐེག་པ་རིམ་དགུ།

སྤྱིར་བོན་གྱི་ཐེག་པ་རིམ་དགུ་ལ་དབྱེ་ཚུལ་མི་འདྲ་བ་ཡོད་དེ། འདིར་དེའི་བཞེད་ཚུལ་ལྷོ་གཏེར་གྱི་ཐེག་པ་རིམ་དགུའི་འདོད་ཚུལ་རྣམས་ཉིང་བསྡུས་ཀྱིས་བཀོད་དེ་ངོ་སྤྲོད་རགས་ཙམ་བྱས་ཡོད།

རིགས་དབྱེ།  

སྐྱིད་གྲོགས་སྡུག་གྲོགས་པ།

སྐྱིད་གྲོགས་སྡུག་གྲོགས་པ་ཞེས་པ་ནི། འཇིག་རྟེན་ན་ཉེ་དུ་འབྲེལ་བ་དང་། གྲོགས་དགའ་བཤེས་ལ་སོགས་པ་རྣམས། ཕན་ཚུན་སྐྱིད་སྡུག་ཅི་བྱུང་ཡང་དཀའ་ལས་མཉམ་པོར་སྤྱོད་ཅིང་གཅིག་གིས་གཅིག་ལ་ཁྱད་མེད་པར་གདུང་སེམས་བྱེད་པ་ལྟར་དུ་སེམས་ཅན་ཐམས་ཅད་འོ་སྐོལ་གྱི་ཕུ་ནུ་དང་། གཤེས་གཉེན་དང་། གྲོགས་པོ་དང་། མཛའ་བོར་མ་གྱུར་པ་མེད་དེ། དེ་དག་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་གྱི་རྒྱུ་འབྲས་ལ་ལོངས་མཉམ་པར་སྤྱོད་པའོ། །

རིགས་དབྱེ།  

དམུས་ལོང་འབྲོག་འཁྱམས།

དམུས་ལོང་འབྲོག་འཁྱམས་ཞེས་པ་ནི། དམུས་ལོང་དག་འབྲོག་དགོན་པ་འཇིགས་པ་དང་བཅས་པའི་སར། ལོང་ཁྲིད་པ་དང་ནི་བྲལ། ཟས་དང་གོས་ནི་མེད། ངམ་གྲོག་དང་གཡང་ས་དུ་མ་དང་བཅས་པའི་སར་ལམ་འབྱམས་ན། དེ་ལ་སྡུག་བསྔལ་འབའ་ཞིག་ལས་བདེ་བ་ཡེ་ནས་མེད་པ་དེའོ། །

རིགས་དབྱེ།  

ཡུལ་སྣ་གདོང་།

སེམས་ཅན་ཐམས་ཅད་ལ་མའི་བློ་བཅོས་མ་ཡིན་པ་རེ་སྐྱེས་ན། སེམས་ཅན་གྱི་སྡུག་བསྔལ་མཐོང་ཙམ་ན་སྙིང་རྗེ་ཤས་མི་བཟོད་པ་ཅིག་འོང་སྟེ་གསུང་། དེ་ལྟར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བོ་བཅོས་མ་མ་ཡིན་པ་ཅིག་སྐྱེས་ན། སྨོན་འཇུག་གཉིས་ཀྱི་སེམས་རང་དབང་མེད་པར་སྐྱེ། དེ་སྐྱེས་ཙམ་ན་སྟོང་པ་སྙིང་རྗེ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་ཚེགས་མེད་པའོ། །

རིགས་དབྱེ།  

གྲུ་འདྲེན་ལུག་རྫི་བཞིན།

གྲུ་འདྲེན་ལུག་རྫི་བཞིན་ཞེས་པ་ནི། གདོད་གྲུ་བཟང་པོ་ལ་འགྲོན་པོ་སྒྲོལ་བ་དེ། གྲུ་ལ་ཐག་པ་བཏགས་ནས་སྔོན་ལ་གྲུ་པ་ཁོ་རང་ཀོ་བ་ཅིག་བཏང་སྟེ་ཕ་ཁར་ཐོན། དེ་ནས་གྲུ་ཐག་འཐེན་པ་དང་། མི་ཕྱུགས་མང་པོ་དུས་རེ་ལ་སྒྲོལ་བ་ཡིན་སྐད། ཡང་ལུག་རྫི་ཀུན། ལུག་ཆུ་འཕྲང་ལམ། ཟམ་པ་ལྟ་བུ་ལ་སྒྲོལ་བ་དེ། ལུག་གི་གཉའ་བ་ནས་བཟུང་ནས་རིམ་གྱིས་སྒྲོལ་ཞིང་། ལུག་རྣམས་མ་སྒྲོལ་བར་དུ་ལུག་རྫི་ཕ་ཁར་མི་རྒལ་བ་དེའོ། །

རིགས་དབྱེ།  

མཆོད་ཐང་བསྐྱེད།

མཆོད་ཐང་བསྐྱེད་ཞེས་པ་ནི། ཕྱིས་དགེ་ཚུལ་གྱི་སྡོམ་པ་མཁན་སློབ་གཉིས་ལ་སྐྱེ། དགེ་སློང་གི་སྡོམ་པ་དད་པའི་དགེ་འདུན་ལ་སྐྱེ། ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཚོགས་བསགས་པ་ལས་སྐྱེ་བའོ། །

རིགས་དབྱེ།  

སྐུ་མཐོང་ཤིབ།

སྐུ་མཐོང་ཤིབ་ཅེས་པ་ནི། མངོན་ཤེས་ཀ་མེད་ཀྱང་། སྐྱེ་བ་དྲན་པ་གཅིག་ཡོད་ཀྱང་དངོས་གྲུབ་ཚེགས་མེད་དུ་ཐོབ་སྟེ། རྒྱ་གར་དུ་དགེ་སློང་གཅིག་གིས་མཆོད་ཁང་ཅིག་ན་ཐང་སྐུ་མང་པོ་བཀྲམ་འདུག་པ་ལ། གཡས་ཕྱོགས་ནས་བཟུང་ནས་རིམ་གྱིས་བལྟས་པས། དེ་ན་དཔལ་གཤིན་རྗེ་གཤེད་ཀྱི་ཐང་སྐུ་ཅིག་འདུག་པ་མཐོང་བས་དེ་ཉིད་སྐྱེ་བ་སྔ་མའི་ཡི་དམ་གྱི་ལྷ་ཡིན་པ་དྲན་ནས། དེ་ཀ་ལ་ནགས་གསེབ་ཏུ་སྒྲུབ་ཏུ་ཕྱིན་པས། དངོས་གྲུབ་མོད་ལ་ཐོབ་སྐད་དེའོ། །

རིགས་དབྱེ།  

ཐ་ག་བཞིན།

རང་ལ་འཁོས་མེད་ཀྱི་སྟེང་དུ། གྲོགས་ངན་གྱི་ཁ་ལ་ཉན་ནས་ཁོའི་སྤྱོད་པ་དང་བསྟུན་ན། ཚེ་འདི་ཕྱི་གཉིས་ཀའི་མདུན་མ་ནོར་ནས་ཆ་གསུང་བ་དང་། དེས་ན་གྲོགས་ངན་པ་སྤངས་ནས་གྲོགས་བཟང་བོ་བསྟེན་པའི་དགོས་པ་དེའོ། །

རིགས་དབྱེ།  

ཁྱི་དང་ཉེ་ན།

ཁྱི་དང་ཉེ་ན་ཞེས་པ་ནི། ཁྱི་དང་ཉེ་ན་རྨ་དང་ཉེ་ཟེར་བ་ལྟར། སྤྱིར་ཆོས་པ་དང་དགོས་རབ་ཏུ་བྱུང་བ་རྣམས་དང་། མོ་བྱིས་དང་ཐག་ཉེ་ན་ཚེ་འདིར་གྲགས་པ་ངན་པ་དང་ཐག་ཉེ་ལ་ཕྱི་མ་ངན་སོང་དང་ཐག་ཉེ་གསུང་བ་དེའོ། །

རིགས་དབྱེ།  

ཝ་གལ་འདྲ།

ཝ་གལ་འདྲ་ཞེས་པ་ནི། ཝ་ལ་གལ་འཛུགས་ཙམ་ན། ཝ་གལ་གྱི་ནང་དུ་བསུར་དུད་བཏང་སྟེ་བཞག་པས། ཝ་སྣ་རྣོ་བས་ཐག་རིང་པོ་ནས་དྲི་ཚོར་ཏེ། སྣ་སྣོམ་གྱིན་དེར་ཡོང་པས། གལ་གྱིས་ཚིར་ཀྱིས་ཟིན་པ་ལྟར། རང་རེ་ཡང་འདོད་ཡོན་ཀྱི་དྲི་ལ་འཁོར་འཁོར་ནས་གྲོགས་ངན་གྱི་གལ་གྱིས་འཛིན་གསུང་བ་དེའོ། །

རིགས་དབྱེ།  

རྒྱལ་ཤེ་བཞིན།

རྒྱལ་ཤེ་བཞིན་ཞེས་པ་ནི། གནས་བརྟན་རྒྱལ་ཤེ་བྱ་བ་ན་རེ། ངེད་སྤུན་ཁ་ཟད་ཟད་འཐབས་ནས། དེ་ནས་ཁོའི་བུ་ཕྲུག་ཀུན་ངས་པང་དུ་བླངས་ནས་འོ་བྱས། བྲང་ལ་གཅེར་བྱས་པས། དེར་ཁོའི་ཞེ་སྡང་ཞི་ནས་སོང་ཟེར་ལོ། ། དེ་བཞིན་དུ་སྔར་ཆོས་དང་འགལ་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མ་མཉེས་པའི་ལས་བསགས་པ་ཐམས་ཅད་ཀྱང་སེམས་ཅན་ལ་གནོད་པ་ལས་ལོག་ནས་བྱང་སེམས་སྐད་ཅིག་མ་གཅིག་སྐྱེས་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་འགྱུར་བ་དེའོ། །

རིགས་དབྱེ།  

གཏེར་རྙེད་བཞིན།

གཏེར་རྙེད་བཞིན་ཞེས་པ་ནི། དབུལ་བོའི་བུས་གཏེར་རྙེད་ན། ཕའི་བསམ་པ་ལ་རང་གིས་རྙེད་པ་དང་ཁྱད་མེད་དུ་དགའ་སྟེ། ཕ་ཡང་མཉམ་པོར་ལོངས་སྤྱོད་དུ་འོང་པ་ཡིན། དེ་བཞིན་དུ་གཞན་གྱི་བསོད་ནམས་བསགས་པ་ལ། རང་གི་བསགས་པ་དང་ཁྱད་མེད་ཀྱི་དགའ་བ་དང་རྗེས་སུ་རི་རང་སྐྱེས་ན། བསོད་ནམས་དེ་དང་མཉམ་པའམ་དེ་བས་ཀྱང་ལྷག་པ་ཐོབ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་བསོད་ནམས་བསགས་པ་ལ་བདག་གི་རྗེས་སུ་ཡི་རང་བ་དེ་དག་སེམས་ཅན་གྱི་དོན་དུ་ཡོངས་སུ་བསྔོས་ནས། བསོད་ནམས་དེ་དག་མཉམ་པོར་ཐོབ་ལ། ཉན་ཐོས་དང་རང་སངས་རྒྱས་དང་སོ་སོ་སྐྱེ་བོ་རྣམས་ཀྱི་དགེ་བའི་རྩ་བ་ཅི་བསགས་པ་ལ་བདག་གི་དགའ་བས་རྗེས་སུ་ཡི་རང་བས་དེ་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡོངས་སུ་བསྔོས་ན། བསོད་ནམས་དེ་བས་ཆེས་ལྷག་པ་ཐོབ་པ་དེའོ། །

རིགས་དབྱེ།  

རླན་གྱིས་སྡུད་བསྐྱེད།

རླན་གྱིས་སྡུད་བསྐྱེད་ཞེས་པ་ནི། རླན་གྱིས་དངོས་པོ་ཐམས་ཅད་སྡུད་ཅིང་བསྐྱེད་པ་ལྟར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སྡུད་ཅིང་བསྐྱེད་པའོ། །

རིགས་དབྱེ།  

རྐང་མིག་ལྡན།

རྐང་མིག་ལྡན་ཞེས་པ་ནི། མིག་དང་རྐང་པར་ལྡན་པའི་མིས་ས་ཕྱོགས་གང་དུ་ཕྱིན་ཀྱང་ལམ་རྙེད་ཅིང་འགྲོ་སར་མྱུར་དུ་གཏོལ་བ་ཡིན། དཔེ་དེ་བཞིན་དུ་སྦྱོར་བ་བྱམས་པ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ཅིང་། རྗེས་མི་དམིགས་པའི་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔས། དངོས་གཞི་དགེ་བའི་ལས་གང་ཅི་སྤྱད་པ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྱུར་བའོ། །

རིགས་དབྱེ།  

ཟླ་གྲགས།

ཟླ་གྲགས་ཅེས་པ་ནི། ཕོ་ཧྲེང་པོ་ཅིག་ལ་བཟའ་རྒྱུ་མེད་ནས་སྤྲང་དུ་ཕྱིན་པས། ནས་ཕད་བུ་གང་རྙེད་དེ། དེ་ཁྱིམ་མིག་ཅིག་ཡོད་པའི་གདུང་ལ་བཏགས་ཏེ། ཡང་སྤྲང་དུ་ཕྱིན་པས། ཡང་ནས་ཕད་གང་རྙེད་པས། ཁོ་རེ་བ་སྐྱེས་ཏེ། ད་ནི་ཟས་ནོར་བཙལ་བ་ལ་ཚེགས་མི་འདུག ཆུང་མ་ཅིག་རང་བླངས་དགོས་སྙམ། དེར་ཆུང་མ་ཞིག་ལ་བུ་ཅིག་སྐྱེས་ན། མིང་ཇི་སྐད་དུ་གདགས་སྙམ་ནས་ཡོད་ཙམ་ན། ཉའི་ཟླ་བ་ལྷག་གིས་ཤར་ནས་བྱུང་མཐོང་བས། བུའི་མིང་ཟླ་གྲགས་བྱ་བར་དགོས་སྙམ་པ་དེའོ། །

རིགས་དབྱེ།  

རུབ་ཆོས་བཞིན།

རུབ་ཆོས་བཞིན་ཞེས་པ་ནི། སྔོན་འཕན་ཡུལ་སྟོད་ཀྱི་དགོན་པ་མང་པོ་དགྲས་བཅོམ་པས། དེར་དགོན་པ་ཐམས་ཅད་ཀྱིས་རུབ་ཆོས་བྱས་ཏེ། མཁར་ལན་ཟིང་ཟིང་བྱས་པས། དགེ་བཤེས་འབན་གུང་རྒྱལ་གྱིས་བདོག་པའི་དངོས་པོ་ཕྲན་ཚེགས་ཚུན་ཆད་མེད་པར་མཛད་ནས། ཆོས་གོས་གསོལ། ཆུ་བུམ་ཕྱག་ཏུ་བསྣམས་ནས། ད་ངའི་རུབ་ཆོས་འདི་ལས་བྱ་ཐམས་ཅད་ཅང་ཡོད་དམ་གསུང་སྐད་དེའོ། །

རིགས་དབྱེ།  

མཁར་བརྩིགས་ཁེབས་འབྱིན།

མཁར་བརྩིགས་ཁེབས་འབྱིན་ཞེས་པ་ནི། བདག་མེད་ཀྱི་དོན་དེ་ཉིད་བསྒོམ་པའི་ཚེ། དང་པོ་ནས་བདག་མེད་ཅིག་ཅར་དུ་བསྒོམས་པས་རྒྱུད་ལ་མི་སྐྱེ་ལ། ཆོས་ཐམས་ཅད་གཅིག་ལ་གཅིག་བརྟེན་ནས་སྐྱེ་བས། དང་པོ་དལ་འབྱོར་རྙེད་དཀའ་བ་ནས་བཟུང་། སྐྱེས་བུ་གསུམ་གྱི་ལམ་ལ་རིམ་གྱིས་བསྒོམས་ཏེ། ཐ་མ་བདག་མེད་ཀྱི་དོན་ལ་བློ་མཉམ་པར་བཞག་ནས་བསྒོམས་པས་གདོད་འོང་པ་ཡིན། བདག་མེད་དེ་ཡང་སྔོན་ལ་གང་ཟག་གི་བདག་མེད་བསྒོམ་དགོས་པ་དེའོ། །

རིགས་དབྱེ།  

ཆུ་ཁར་བོར་བཞིན།

ཆུ་ཁར་བོར་བཞིན་ཞེས་པ་ནི། འཁོར་བའི་སེམས་ཅན་རྣམས། སྔར་འདས་པའི་སངས་རྒྱས་གྲངས་མེད་པ་བྱོན་པས་ཀྱང་བསྒྲལ་བར་མ་ནུས་པ་སྟེ། ངས་བསྒྲལ་བར་མི་ནུས་སྙམ་པ་དང་། སེམས་ཅན་རང་མང་ཆེས་པས་བསྒྲལ་གྱིས་མི་ལང་སྙམ་པ་དང་། སེམས་ཅན་གྱི་དོན་ལ་སྐྱོ་ཞིང་། ཉན་ཐོས་ཀྱི་སེམས་སྐྱེ་བའི་ཉེན་ཡོད་པས། སེམས་ཅན་རྣམས་དེ་ལྟར་འདུག་པ་ཉིད་ཀྱིས་བསྒྲལ་དགོས་པ་ཡིན། དེ་མིན་ན་བསྒྲལ་ཅི་ལ་དགོས་སྙམ་དུ་བསམ་འཚལ་བ་དེའོ། །

རིགས་དབྱེ།  

ཆུ་མཐོང་།

ཆུ་མཐོང་ཞེས་པ་ནི། མི་ཞིག་སྐོམ་ནས་གདུངས་པའི་ཚེ། ཆུ་མ་འཐུང་བར་དུ་ཆུ་མིག་གིས་མཐོང་བའམ་ཆུའི་སྒྲ་ཐོས་པ་ཙམ་གྱིས་སྐོམ་པ་མི་སེལ་བ་དང་། དཔེ་དེ་བཞིན་དུ་ཐོས་བསམ་གྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཏན་ལ་ཕབ་ཀྱང་། དེ་ཉིད་གོམ་འདྲིས་མ་བྱས་ན། ཐོས་པ་དང་རྟོགས་པ་ཙམ་གྱིས་འཁྲུལ་པའི་ཉོན་མོངས་བ་མི་སྤོངས། དེ་མ་སྤོངས་པར་ཟག་པ་མེད་པའི་ལམ་དུ་མི་འགྱུར་ཞིང་། བདེན་པ་མཐོང་བར་མི་འགྱུར་བ་དེའོ། །

རིགས་དབྱེ།  

སྨིག་རྒྱུ་སྙེག

སྨིག་རྒྱུ་སྙེག་ཅེས་པ་ནི། རི་དྭགས་ཀྱིས་སྨིག་རྒྱུ་ལ་ཆུར་མཐོང་ནས་སྙེག་པ་ལྟར། ཐར་པའི་བྱང་ཆུབ་ལ་དངོས་པོར་ཞེན་པ་ཡང་དེ་དང་འདྲ་བ་སྟེ། སྡོམ་པ་གསུམ་བསྟན་པའི་མདོ་ལས། གང་བྱང་ཆུབ་ལ་དངོས་པོར་བྱེད་པ་དེ་ནི་བདག་གི་འདུ་ཤེས་ཅན་ནོ། ། བདག་གི་འདུ་ཤེས་ཅན་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ཞེས་མི་བྱ་ཅེས་པའོ། །

རིགས་དབྱེ།  

རང་ལྟ་མཆོག་འཛིན་པ།

རང་ལྟ་མཆོག་འཛིན་པ་ནི་ལྟ་བ་མཆོག་འཛིན་ཏེ། ཤེས་རབ་ཉོན་མོངས་ཅན་གྱི་ལྟ་བ་ལྔའི་ཡ་གྱལ། ལྟ་ངན་དང་། དེ་གང་ལས་འབྱུང་བའི་ཕུང་པོ་སོགས་ལ་དམིགས་ནས་རྣམ་པ་མཆོག་ཏུ་འཛིན་ཅིང་བྱེད་ལས་ལྟ་ངན་ལ་མངོན་པར་ཞེན་པའི་རྟེན་བྱེད་པའོ། །

རིགས་དབྱེ།  

མཁའ་ལྡིང་སྙིང་།

མཁའ་ལྡིང་སྙིང་ནི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོའི་རྒྱུར་འགྱུར་བའི་བྱ་ཁྱུང་གི་སྙིང་སྟེ། དེ་ཡང་རིག་བྱེད་ཀྱི་གཏམ་རྒྱུད་དུ། མཁའ་ལྡིང་གིས་ཀླུ་ཟས་སུ་བྱེད་ཅིང་མཐར་རང་ཉིད་རྒས་འཁོགས་ཀྱིས་རྒྱ་མཚོར་ལྷུང་ནས་ལྟོགས་ཤིར་སོང་རྗེས་དེའི་སྙིང་རྒྱ་མཚོའི་ནང་དུ་ལོ་མང་བོར་ལུས་པ་དེ་ནི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་པར་འགྱུར་བར་གྲགས་སོ། །

རིགས་དབྱེ།  

ཡེ་ངམ་གཉིས་ཀྱི་ས་མཚམས།

ཡེ་ངམ་གཉིས་ཀྱི་ས་མཚམས། ཞེས་པ་ནི་རྫོགས་ཆེན་དུ། འཁོར་འདས་རྒྱ་མ་གྱེས་པའི་སྔོན་རོལ། ཞེས་པ་དང་དོན་གཅིག་པ་སྟེ། དོན་དུ“ཡེ”ཞེས་པ་ནི་སྣང་བ་དང་མཐུན་པའི་ཕྱོགས་ཀྱི་ཡིན་ལུགས་དེ་ལ་ཟེར་ཞིང་། “ངམ”ཞེས་པ་ནི་མུན་པའམ་མི་མཐུན་ཕྱོགས་ཀྱི་ཡིན་ལུགས་དེ་ལ་ཟེར་བ་ཡིན།

རིགས་དབྱེ།  

ལོ་ཙཱ་བ་ཚུལ་ཁྲིམས་བརྩེགས་ཀྱི་འགྱུར་བྱང་།

འདིར་སློབ་དཔོན་ཆེན་པོ་དངོས་གྲུབ་ཐོབ་པ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་ཅིང་ལོ་ཙཱ་བ་ཚུལ་ཁྲིམས་བརྩེགས་ཀྱི་བོད་སྐད་དུ་བསྒྱུར་བའི་འགྱུར་བྱང་བཀོད་ཡོད།

རིགས་དབྱེ།  

བྲམ་ཟེའི་རིགས་རྣམ་པ་བདུན།

སྟག་རྣའི་རྟོགས་པ་བརྗོད་པ་ལས་བྱུང་བའི་བྲམ་ཟེའི་རིགས་རྣམ་པ་བདུན་རྒྱས་བར་བསྟན་ཡོད།

རིགས་དབྱེ།