ཡོངས་འཛིན་རིག་མཛོད། >ཚན་རིག >རྩིས་དངོས་རྫས། >དབྱིབས་རྩིས།

མཉམ་འགྲོ་མཐའ་བཞི་དབྱིབས།

མཉམ་འགྲོ་མཐའ་བཞི་དབྱིབས་ཀྱི་གཏད་མཐའ་དང་གཏད་ཟུར་མཚུངས་པ་དང་། གཏད་ཟུར་ཐིག་ཕན་ཚུན་སྙོམས་བགོད་ཡིན།

རིགས་དབྱེ།  

དབྱིབས་རྩིས་རྣམ་བཤད།

དབྱིབས་རྩིས་རྣམ་བཤད་ནི་གནའ་བོའི་ཀེ་རི་སིའི་གྲངས་རིག་མཁས་ཅན་ཨོའུ་ཅི་ལེ་ཏེ་ཡི་མིང་དུ་གྲགས་པའི་བརྩམས་ཆོས་ཤིག་ཡིན་ལ། དུས་རབས་ཀྱི་དབྱེ་མཚམས་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་ཀྱང་ཡིན། དེ་ནི་ཆེས་སྔ་མོར་སྤྱི་སྲོལ་ཐབས་ལ་བསྟེན་ནས་དབྱེ་འབྱེད་བྱེད་པའི་གྲངས་རིག་ཁྱབ་ཁོངས་ཀྱི་དམིགས་དཔེར་གྱུར། ལག་བྲིས་མ་ཡིག་དེ་ཕལ་ཆེར་ལོ་ངོ1700ལྷག་ལ་བེད་སྤྱོད་བྱས་ཟིན་པ་རེད།

རིགས་དབྱེ།  

ཉེར་སྤྱོད་གྲངས་རིག

ཉེར་སྤྱོད་གྲངས་རིག་ནི་གྲངས་རིག་གི་ཐབས་ལ་བརྟེན་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་རིག་ཚན་ཞིག་ཡིན་ལ། དཔལ་འབྱོར་དངུལ་རྩ་དང་བཟོ་སྐྲུན་ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད། ཉེར་སྤྱོད་གྲངས་རིག་ཆེད་ལས་ཀྱིས་གྲངས་རིག་རིག་པའི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ཐབས་ཤེས་ཁོང་དུ་ཆུད་པ་དང་། གྲངས་རིག་ཤེས་བྱ་དང་རྩིས་འཁོར་སྤྱད་དེ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ལྡན་པ། ཚན་རིག་ཞིབ་འཇུག་གི་ཐོག་མའི་སྦྱོང་བརྡར་ཐེབས་པ། ཚན་རྩལ་དང་སློབ་གསོ། དཔལ་འབྱོར་བཅས་སྡེ་ཁག་ཏུ་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ལས་ཀ་བྱེད་ཐུབ་པའམ་ཡང་ན་ཐོན་སྐྱེད་གཉེར་སྐྱོང་དང་དོ་དམ་སྡེ་ཁག་ཏུ་དངོས་སུ་ཉེར་སྤྱོད་དང་གསར་སྤེལ་ཞིབ་འཇུག དོ་དམ་བཅས་ཀྱི་ལས་ཀ་བྱེད་ཐུབ་པའི་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས།

རིགས་དབྱེ།  

མཉམ་འགྲོ་མཐའ་བཞི་དབྱིབས་ཀྱི་ཐག་གཅོད།

གཏད་མཐའ་ཆ་གཉིས་སོ་སོ་མཚུངས་པའི་མཐའ་བཞི་དབྱིབས་དང་གཏད་ཟུར་ཐིག་ཕན་ཚུན་སྙོམས་བགོད་ཡིན་པའི་མཐའ་བཞི་དབྱིབས་ནི་མཉམ་འགྲོ་མཐའ་བཞི་དབྱིབས་ཡིན།

རིགས་དབྱེ།  

དམིགས་བསལ་ཅན་གྱི་མཉམ་འགྲོ་མཐའ་བཞི་དབྱིབས།

ཟུར་གཅིག་དྲང་ཟུར་ཡིན་པའི་མཉམ་འགྲོ་མཐའ་བཞི་དབྱིབས་ལ་གྲུ་བཞི་དབྱིབས་ཟེར།

རིགས་དབྱེ།  

སྐས་དབྱིབས།

གཏད་མཐའ་ཆ་གཅིག་མཉམ་འགྲོ་ཡིན་ལ་ཆ་ཅིག་ཤོས་མཉམ་འགྲོ་མིན་པའི་མཐའ་བཞི་དབྱིབས་ལ་སྐས་དབྱིབས་ཟེར།

རིགས་དབྱེ།