ཡོངས་འཛིན་རིག་མཛོད། >ས་ཁམས། >ས་ཁོངས། >ཞིང་ཆེན།

ཐའེ་ཝན་ཞིང་ཆེན།

ཐའེ་ཝན་ཞིང་ཆེན་ནི་ཀྲུང་གོའི་སྐམ་ས་ཆེན་པོའི་ཤར་ལྷོའི་མཚོ་འགྲམ་དུ་ཡོད་ཅིང་། ཤར་ཕྱོགས་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་དང་ཐག་ཉེ་བ་དང་། བྱང་ཤར་ཀྱི་ཕྱོགས་ནས་ལིའུ་ཆིའུ་གླིང་ཚོམ་དང་ཐག་ཉེ་བ་ཡིན། ཡང་ལྷོ་ཕྱོགས་སུ་པ་ཧྲི་མཚོ་འགག་དང་ཧྥི་ལི་ཕིན་གླིང་ཚོམ་གཉིས་དང་ཁ་གཏད་དུ་ཡོད་ལ། ནུབ་ཕྱོགས་སུ་ཐའེ་ཝན་མཚོ་འགག་དང་ཧྥུ་ཅན་ཞིང་ཆེན་གཉིས་ལ་འབྲེལ་ནས་ཡོད། དེ་ཡང་ཐའེ་ཝན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་36000 ཡོད་དེ། ཐའེ་ཝན་གླིང་ཕྲན་དང་ལན་ཡུས། ལིའུ་ཏའོ། ཏིའོ་ཡུས་ཏའོ་སོགས་གླིང་ཕྲན་མང་བོ་འདུ་བ་ཡིན་ཞིང་། ཐའེ་ཝན་ཞིང་ཆེན་གྱི་གཞི་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་35798 ཡོད་པ་དང་། རྒྱལ་ཡོངས་ཀྱི་གླིང་ཕྲན་ཆེས་ཆེ་བ་དེ་ཡིན། ཐའེ་ཝན་ཞིང་ཆེན་ནི་ཚ་ཁུལ་དང་ཚ་ཁུལ་ཕལ་བའི་ནམ་ཟླའི་བར་མཚམས་ཀྱི་སར་གནས་པས། རང་བྱུང་གི་ལྗོངས་རྣམ་དང་སྐྱེ་ཁམས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཡིན་ལ། མི་གྲངས23000000 ཡིན། ཡང་ས་དེའི་གཞིས་ཆགས་མི་རིགས་གམ་ཀའོ་ཧྲན་མི་རིགས་ནི་དུས་རབས17 པར་རྒྱ་རིགས་ས་དེར་གནས་མ་སྤར་བའི་ཡར་སྔོན་ནས་གནས་དེར་འཚོ་སྡོད་བྱས་པ་ཡིན་མོད། མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱ་རབས་ཀྱི་དུས་འགོར། ཧྥུ་ཅན་ལྷོ་ཕྱོགས་དང་ཀོང་ཏུང་ཤར་ཕྱོགས་ཀྱི་མི་རྣམས་དེར་གནས་སྤར་རྗེས། རྒྱ་རིགས་གཙོ་བོར་བྱས་པའི་སྤྱི་ཚོགས་ཤིག་གྲུབ་པ་རེད།

རིགས་དབྱེ།  

ཀན་སུའུ་ཞིང་ཆེན།

ཀན་སུའུ་ཞིང་ཆེན་གྱི་བསྡུས་མིང་ལ་ཀན་དང་ཡང་ན་ལུང་ཟེར་ཞིང་། ཀྲུང་གོའི་ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག་གི་གྲས་ཤིག་ཡིན། རྨ་ཆུའི་སྟོད་རྒྱུད་དུ་ཆགས་པ་དང་། ཀན་སུའུ་ནི་ཀན་ཀྲོའུ་དང་སུའུ་ཀྲོའུ་གཉིས་ཀྱི་ཡི་གེ་སྔ་མ་གཉིས་ལས་གྲུབ་ཅིང་། ཡང་ཞིང་ཆེན་གྱི་ས་ཁོངས་ཀྱི་མང་ཆེ་བ་ནི་ལུང་ཧྲན་གྱི་ནུབ་ཕྱོགས་སུ་ཡོད་པ་དང་། ཐང་རྒྱལ་རབས་ཀྱི་སྐབས་སུ་གནས་འདིར་ལུང་ཡིའུ་ཏའོ་བཙུགས་མྱོང་བའི་རྐྱེན་གྱིས་ལུང་ཞེས་ཀྱང་ཟེར། ཀན་སུའུ་ནི་བྱང་གི་འཕྲེད་ཐིག32°31′-42°57′དང་ཤར་གྱི་གཞུང་ཐིག92°13′-108°46′དང་། རྨ་ཆུའི་སྟོད་རྒྱུད་དུ་ཆགས་ཤིང་། ས་སེར་མཐོ་སྒང་དང་། མདོ་དབུས་མཐོ་སྒང་། ནང་སོག་མཐོ་སྒང་བཅས་ལ་འབྲེལ་ཡོད་པ་དང་། ཤར་དུ་ཧྲན་ཞི་དང་། ལྷོ་རུ་པ་ཧྲུའུ་དང་མཚོ་སྔོན། ནུབ་ཏུ་ཞིན་ཅང་། བྱང་དུ་ནང་སོག་དང་ཉིང་ཞ་བཅས་ལ་འབྲེལ་ཡོད། ཀན་སུའུ་ཞིང་ཆེན་ཤར་ནུབ་ཀྱག་ཀྱོག་ཡིན་ལ་སྤྱི་ལེ1600ལྷག་འདུག་ཅིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ453700དང་། ཀྲུང་གོའི4.72%ཟིན། དེའི་ཁོངས་སུ་ས་གནས་རིམ་པའི་གྲོང་ཁྱེར12དང་རང་སྐྱོང་ཁུལ2གཏོགས་པ་དང་། ཞིང་ཆེན་གྱི་ལྟེ་གནས་ནི་ལན་ཀྲོའུ་གྲོང་ཁྱེར་ཡིན།

རིགས་དབྱེ།  

ཀུའེ་ཀྲོའུ་ཞིང་ཆེན།

ཀུའེ་ཀྲོའུ་ཞིང་ཆེན་གྱི་མིང་བསྡུས་ན་ཆན་ནམ་ཀུའེ་ཞེས་འབོད་པ་ཡིན་ལ། ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་ཡོད་ཅིང་། ཞིང་ཆེན་གྱི་ལྟེ་གནས་ནི་ཀུའེ་དབྱང་ཡིན། དེ་ཡང་ཤར་ཕྱོགས་ནི་ཧུའུ་ནན་ཞིང་ཆེན་དང་ཐག་ཉེ་བ་དང་། ལྷོ་ཕྱོགས་ནི་ཀོང་ཞི་ཞིང་ཆེན་དང་ཐག་ཉེ་བ་ཡིན། ཡང་ནུབ་ཕྱོགས་ནི་ཡུན་ནན་ཞིང་ཆེན་དང་འབྲེལ་ཡོད་པ་དང་། བྱང་ཕྱོགས་སུ་སི་ཁྲོན་དང་ཁྲུང་ཆིང་གཉིས་ལ་འབྲེལ་ཡོད། གཞན་ས་ཁུལ་རིམ་པའི་གྲོང་ཁྱེར་དྲུག་དང་མི་རིགས་གྲངས་ཉུང་གི་རང་སྐྱོང་ཁུལ་གསུམ། རྫོང་རིམ་པའི་ཞིང་ཆེན་གྱི་ཐད་གཏོགས་ལས་ཁོངས་གཉིས་བཅས་ཡོད་པ་ཡིན། ཀུའེ་ཀྲོའུ་ཞིང་ཆེན་གྱི་ས་དབྱིབས་ནི་ཀྲུང་གོའི་ལྷོ་ནུབ་རྒྱུད་ཀྱི་མཐོ་སྒང་རི་ཁུལ་དུ་གཏོགས་ཤིང་། སྤྱིའི་ཆ་ནས་ནུབ་ཕྱོགས་མཐོ་བ་དང་ཤར་ཕྱོགས་དམའ་བ་ཡིན་ལ། དབུས་རྒྱུད་ནས་བྱང་དང་ཤར། ལྷོ་ཕྱོགས་བཅས་སུ་གསེག་ནས་ཡོད། ཡང་མཚོ་འཕགས་ནི་སྨི1100ཡས་མས་ཡིན་པ་དང་། ས་དབྱིབས་ལ་མཐོ་སྒང་དང་རི་ཁུལ། དེའུ་འབུར། གཤོངས་ས་བཅས་རིམ་པ་མི་འདྲ་བ་བཞི་ཡོད་ཅིང་། རྒྱལ་ཡོངས་སུ་བདེ་ཐང་གཏན་ནས་མེད་པའི་ཞིང་ཆེན་དེ་ཡིན། ཀུའེ་ཀྲོའུ་ཞིང་ཆེན་གྱི་གནམ་གཤིས་ནི་ཚ་ཁུལ་ཕལ་བའི་བཞའ་ཚན་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཏེ། དུས་བཞིའི་དབྱེ་མཚམས་ཧ་ཅང་མངོན་གསལ་ཡིན་པ་དང་ཆར་ཆུ་ཤིན་ཏུ་མོད་པ་ཡིན།

རིགས་དབྱེ།  

ཀོང་ཏུང་ཞིང་ཆེན།

ཀོང་ཏུང་ཞིང་ཆེན་ནི་ལིང་ལྷོ་ཤར་ལམ་དང་ཀོང་ལྷོ་ཤར་ལམ་ཡོད་པས་མིང་དུ་གྲགས་པ་དང་། མིང་བསྡུས་ན་ཡུའེ་ཞེས་འབོད་པ་ཡིན་ལ། ཞིང་ཆེན་གྱི་ལྟེ་གནས་ནི་ཀོང་ཀྲོའུ་ཡིན་ཞིང་། དེ་ནི་ཀྲུང་གོའི་སྐམ་ས་ཆེན་མོའི་ལྷོ་རྒྱུད་མཚོ་འགྲམ་གྱི་ཞིང་ཆེན་ཤིག་ཡིན་ཏེ། ནན་ལིང་གི་ལྷོ་ཕྱོགས་དང་ནན་ཧའེ་ཡི་འགྲམ་ངོགས་སུ་ཡོད་པ་དང་། ཞང་ཀང་དང་ཨའོ་མོན། ཀོང་ཞི། ཧུའུ་ནན། ཧྥུ་ཅན་བཅས་ལ་འབྲེལ་ཡོད། ཡང་ཧའེ་ནན་དང་ཁ་གཏད་དུ་ཡོད་པ་དང་། ཀྲུའུ་སན་ཅོ་དང་ཡུའེ་ཤར། ཡུའེ་ནུབ། ཡུའེ་བྱང་བཅས་ས་ཁུལ4རུ་བཀར་ཡོད་ཅིང་། ཞིང་ཆེན་རིམ་པའི་གྲོང་ཁྱེར་ཕལ་བ2དང་ས་ཁུལ་རིམ་པའི་གྲོང་ཁྱེར19 ཐད་གཏོགས་ས་ཁུལ60 རྫོང་རིམ་པའི་གྲོང་ཁྱེར20 རྫོང36 རང་སྐྱོང་རྫོང3བཅས་ཡོད། ཀོང་ཏུང་ཞིང་ཆེན་ལ་སྐད་བརྡའི་གོམས་གཤིས་དང་སྲོལ་རྒྱུན། ལོ་རྒྱུས་རིག་གནས་སོགས་ཀྱི་ཐད་ནས་ཐུན་མོང་མ་ཡིན་པའི་གཤིས་ལུགས་རེ་ཡོད་དེ། ལིང་ནན་རིག་གནས་ཀྱི་རྒྱུད་འཛིན་ས་ཁུལ་གཙོ་བོ་ཞིག་ཡིན་ལ། དེ་ནི་ཀྲུང་གོའི་མི་གྲངས་ཆེས་མང་བའི་ཞིང་ཆེན་ཡང་ཡིན།

རིགས་དབྱེ།  

མཚོ་སྔོན་ཞིང་ཆེན།

མཚོ་སྔོན་ནི་ཀྲུང་གོའི་མདོ་དབུས་མཐོ་སྒང་གི་གལ་ཆེ་བའི་ཞིང་ཆེན་ཞིག་ཡིན་ཞིང་། ཞིང་ཆེན་གྱི་ལྟེ་གནས་ནི་གནའ་མཁར་ཟི་ལིང་ཡིན། རི་བོ་ཁུ་ནུའི་དབུས་ཁུལ་བརྒལ་ཡོད་ཅིང་། རི་བོ་གདང་ལའི་ལྷོ་རུ་འགྱིང་བ་དང་། རི་བོ་མདོ་ལའི་བྱང་དུ་གནས་ཡོད། མཐའ་ཡས་པའི་རྩྭ་ཐང་མུ་འབྲེལ་དུ་སྣང་བ་དང་། ཚྭ་འདམ་གཞོང་ནི་ཤིན་ཏུ་ས་རྒྱ་ཆེ་བ་ཞིག་ཡིན། རྨ་ཆུ་དང་འབྲི་ཆུའི་འགོ་ཁུངས་མཚོ་སྔོན་དུ་ཡོད་ཅིང་། ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་མཐོ་སྒང་ཚྭ་མཚོ་ཡང་མཚོ་སྔོན་དུ་ཡོད་པས་མཚོ་སྔོན་དུ་ཐོགས། ཀན་སུའུ་དང་། སི་ཁྲོན། བོད་ལྗོངས། ཞིན་ཅང་སོགས་དང་འབྲེལ་ཡོད་པ་དང་། དེར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་བཅས་ས་གནས་རིམ་པའི་གྲོང་ཁྱེར་གཉིས་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་མི་རིགས་རང་སྐྱོང་གི་ཁུལ6གཏོགས་པ་དང་། བསྡོམས་པས་རྫོང་རིམ་པའི་སྲིད་འཛིན་སྡེ་ཁག48ཡོད་ལ། མཚོ་སྔོན་ཞིང་ཆེན་དུ་བོད་རིགས་དང་། ཧུའེ་རིགས། སོག་རིགས། ཧོར་རིགས། ས་ལར་རིགས་སོགས་གྲངས་ཉུང་མི་རིགས43དང་། མི་གྲངས57779 00ཡོད། མཚོ་སྔོན་ལ་འཛམ་གླིང་གི་ཡང་རྩེ་ཞེས་སུ་གྲགས་ཤིང་། མཚོ་སྔོན་གྱི་ཤར་ཕྱོགས་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་ཡིན་པ་དང་། གཙང་གསུམ་འབྱུང་ཡུལ་ལམ་རྨ་འབྲིའི་འབྱུང་ཡུལ། ཆུའི་གཏེར་མཛོད་བཅས་སུ་གྲགས། མཚོ་སྔོན་ཞིང་ཆེན་ནི་མདོ་དབུས་མཐོ་སྒང་གི་ཤར་བྱང་དུ་གནས་ཤིང་། འདི་གའི་ཁྱད་ལྡན་ས་དབྱིབས་ནི་གཞོང་ས་དང་། རི་སྒང་། ཆུ་ལུང་བཅས་འདུས་པའི་མཐོ་སྒང་ཞིག་ཡིན་ལ། དེ་ནི་འཛམ་གླིང་ཡང་རྩེ་ཞེས་པའི་མདོ་དབུས་མཐོ་སྒང་གི་ཁག་ཅིག་ཡིན། སྤྱི་ལོ2013ལོར། མཚོ་སྔོན་ས་ཁུལ་དུ་ཐོན་སྐྱེད་སྤྱི་འབོར་ནི་དུང་ཕྱུར2101.05ཡིན་པ་དང་། བསྡུར་རུང་བའི་རིན་གོང་ལྟར་རྩིས་ན། ལོ་སྔོན་མ་ལས 10.8%འཕར་སྣོན་བྱུང་ལ། འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོའི་ཁྲོད་ཨང9བ་ཟིན།

རིགས་དབྱེ།  

ཧྥུ་ཅན་ཞིང་ཆེན།

ཧྥུ་ཅན་ཞིང་ཆེན་གྱི་མིང་བསྡུས་ན་མིན་ཞེས་ཟེར་ཞིང་། ཞིང་ཆེན་གྱི་ལྟེ་གནས་ནི་ཧྥུ་ཀྲོའུ་ཡིན། ཀྲུང་གོའི་ཤར་ལྷོའི་མཚོ་འགྲམ་དུ་ཆགས་པ་དང་། ཤར་དུ་ཐའེ་ཝན་མཚོ་འགག་དང་འབྲེལ་ཞིང་ཐའེ་ཝན་ལ་རྒྱང་གཟིགས་བྱེད་ཐུབ། ཞིང་ཆེན་གྱི་མང་ཆེ་བ་ནི་ཨེ་ཤ་ཡ་དབུས་མའི་ཚ་ཁུལ་གྱི་གནམ་གཤིས་སུ་གཏོགས། མིན་གྱི་ཤར་ལྷོའི་ས་ཁུལ་འགའ་ཤས་ཨེ་ཤ་ཡ་ལྷོ་མའི་ཚ་ཁུལ་དུ་གཏོགས། ཞིང་ཆེན་ཡོངས་ཀྱི་སའི་རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི་མ་124000ཡིན་པ་དང་། མཚོ་འགྲམ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ136000ཡོད། ཧྥུ་ཅན་ཞིང་ཆེན་ནི་མཚོ་ཁའི་འཚོ་སྡོད་གཙོར་བྱེད་ཅིང་། བརླན་པའི་སྐབས་ཀྱི་མཚོ་དང་མཚེའུ། ཆུ་བོའི་རྒྱ་ཁྱོན་ནི་ཧ་ལམ་སྤྱི་ཆིང200000དང་། ཐང་ངོས་ནི་འདམ་དང་བྱེ་འདམ་གཙོར་ཡིན་པའི་མཚོ་ཁུག་གཙོ་བོ་མང་དུ་འདུག གླིང་ཕྲན་ཁྲ་ལམ་མེར་བསྡོམས་པས1500ལྷག་ཡོད་ལ། ཧའེ་ཐན་གླིང་ཕྲན་ནི་ཞིང་ཆེན་ཡོངས་ཀྱི་གླིང་ཕྲན་གྲགས་ཆེ་ཤོས་དེ་ཡིན། ཧྥུ་ཅན་ཞིང་ཆེན་ནི་ཀྲུང་གོའི་ཤར་ལྷོའི་མཚོ་འགྲམ་དུ་ཆགས་ཤིང་། ཤར་བྱང་ནི་ཀྲེ་ཅང་ཞིང་ཆེན་དང་ཉེ་འབྲེལ་དུ་གནས་པ་དང་། ནུབ་དང་། ནུབ་བྱང་ནི་ཅང་ཞི་ཞིང་ཆེན་དང་འབྲེལ་ཡོད། ལྷོ་ནུབ་ནི་ཀོང་ཏུང་ཞིང་ཆེན་དང་འབྲེལ་བ་དང་། ཤར་ནི་ཐའེ་ཝན་མཚོ་འགག་དང་དབར་ཕྱེ་ཞིང་ཐའེ་ཝན་ལ་རྒྱང་གཟིགས་བྱེད་ཐུབ། སྐམ་སའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ124000ཡོད་ཅིང་། དེར་ཞིང་ཆེན་ཟུར་རིམ་པའི་གྲོང་ཁྱེར1དང་ས་གནས་རིམ་པའི་གྲོང་ཁྱེར8གཏོགས། ཧྥུ་ཅན་ཞིང་ཆེན་གྱི་རྒྱུན་སྡོད་མི་གྲངས་ནི37480000དང་། སྤྱི་ལོ2013ལོར། ཐོག་མར་སྔོན་རྩིས་བྱས་པའི་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་སྤྱི་གྲངས་ནི་སྒོར་དུང་ཕྱུར31910ཡིན་ལ། 11%འཕར་སྣོན་བྱུང་། སྤྱི་ལོ2013ལོར། ཧྥུ་ཅན་ཞིང་ཆེན་གྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར3428.76མངོན་འགྱུར་བྱུང་། ཧྥུ་ཅན་ནི་རི་ལ་བརྟེན་ཞིང་མཚོ་ཁར་ཉེ་བ་དང་། སྐམ་སའི་རྒྱ་ཁྱོན་མང་ཆེ་ཤོས་ནི་དེའུ་འབུར་གྱི་ས་ཁུལ་ཡིན་ཞིང་། ཧྥུ་ཅན་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང65.95%ཟིན། ཧྥུ་ཅན་གྱི་མཚོ་འགྲམ་ཀྱག་ཀྱོག་ཆེ་ཞིང་སྐམ་སའི་མཚོ་ཁའི་རིང་ཚད་ནི་སྟོང་སྨི3751.5ལ་བསླེབས།

རིགས་དབྱེ།  

ཨན་ཧུའེ་ཞིང་ཆེན།

ཨན་ཧུའེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤར་ཕྱོགས་སྐམ་ས་ཆེན་མོའི་ཞིང་ཆེན་ཞིག་ཡིན་ཞིང་། བསྡུས་མིང་ལ་ཝན་ཟེར། ཆིང་གི་གོང་མ་ཁང་ཞི་ཁྲི་ལོ་དྲུག་པ་སྟེ་སྤྱི་ལོ1667ལོ་བཙུགས་པ་དང་། ཞིང་ཆེན་གྱི་མིང་ལ་སྐབས་དེར་ཨན་ཆིང་ཧྥུ་དང་ཧུའེ་ཀྲོའུ་ཧྥུ་ཞེས་པའི་ཧྥུ་གཉིས་ཀྱི་ཐོག་མའི་ཡི་གེ་གཉིས་བླངས་ཏེ་སྦྱར་བས་ཨན་ཧུའེ་སུ་གྲུབ། སྤྱི་ལོ2012ལོའི་བར། ཨན་ཧུའེ་ཞིང་ཆེན་དུ་ས་གནས་རིམ་པའི་གྲོང་ཁྱེར16 དང་རྫོང 62 རྫོང་རིམ་པའི་ས་ཁུལ43ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་ལས་དོན་ཁང་བཅས1522 ཡོད། གཞན་སྐྱེ་དངོས་ཀྱི་ཐོན་ཁུངས་དང་། སྲོག་ཆགས་ཀྱི་ཐོན་ཁུངས། གཏེར་ཁའི་ཐོན་ཁུངས། ཆུའི་ཐོན་ཁུངས། སའི་ཐོན་ཁུངས་སོགས་ཡོད་པ་ཡིན།

རིགས་དབྱེ།  

ལིའོ་ཉིང་ཞིང་ཆེན།

ལིའོ་ཉིང་ཞིང་ཆེན་གྱི་བསྡུས་མིང་ལ་ལུའོ་ཞེས་ཟེར་བ་ཡིན་ལ། ས་ཁུལ་རིམ་པའི་གྲོང་ཁྱེར14དང་། ཞིང་ཆེན་རིམ་པའི་གྲོང་ཁྱེར་ཕལ་བ2ཡོད་པ་ཡིན། དེ་ནི་ཀྲུང་གོའི་བྱང་ཤར་ས་ཆའི་ལྷོ་རྒྱུད་དུ་ཡོད་དེ། ལྷོ་ཕྱོགས་སུ་ཧོང་ཧའེ་དང་པོ་ཧའེ་གཉིས་ལ་སྦྲེལ་ཡོད་ཅིང་། ཤར་ཕྱོགས་སུ་ཁྲའོ་ཞན་གྱི་གཙང་བོ་ཞིག་གིས་བཅད་ཡོད། ཡང་ཉི་ཧོང་དང་ཁོ་རེ་ཡའི་རྒྱ་མཚོར་ཐུག་ཡོད་པས། བྱང་ཤར་ས་ཆའི་མཚོ་འགྲམ་རྒྱུད་དུ་གནས་པའི་ཞིང་ཆེན་གཅིག་པུ་དེ་ཡིན།

རིགས་དབྱེ།  

ཕེང་ལའེ།

ཕེང་ལའེ་ནི་མཚོ་ཡིས་བསྐོར་བའི་གནའ་མཁར་ཞིག་ཡིན། གྲོང་ཁྱེར་ཕེང་ལའེ་ཡི་མཁར་བྱང་གི་མཚོ་ངོས་སུ། སྐབས་འགར་བཙན་རྫོང་དང་གྲུ་གཟིངས། ཁང་བརྩེགས་དང་འཕྲུལ་འཁོར་སོགས་ཀྱི་སྣང་བརྙན་གསལ་བོར་མཐོང་ཐུབ་པ་དང་། འདི་ལྟ་བུའི་འཕྲུལ་སྣང་དུས་རྒྱུན་དུ་ཆུ་ཚོད་སྐར་མ་བཅུ་ཕྲག་ལྷག་ལ་རྒྱུན་འཁྱོངས་བྱེད་པ་ཡིན། ད་དུང་སྐབས་འགར་ཆུ་ཚོད་འགའ་ལའང་རྒྱུན་འཁྱོངས་བྱེད་པ་ཡིན་པས། མི་རྣམས་ཀྱིས་དེ་ལ་ལྷ་ཡུལ་ལྟ་བུའི་ཕེང་ལའེ་ཞེས་འབོད་པ་རེད།

རིགས་དབྱེ།  

ཀླུ་བདུད་བཙན་གསུམ།

ཀླུ་བདུད་བཙན་གསུམ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་རྫ་རི་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ70ཡས་མས་ཀྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི5100ཡོད།

རིགས་དབྱེ།  

ཀླུ་མང་།

ཀླུ་མང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་མགོ་མང་ས་ཞིག་སྟེ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད།

རིགས་དབྱེ།  

གཡི་ཚང་།

གཡི་ཚང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ10ཙམ་གྱི་མཚམས་ན་ཡོད་ཅིང་། རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་གྲུ་བཞི་མ20ལྷག་ཡོད།

རིགས་དབྱེ།  

གླ་ལུང་།

གླ་ལུང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་ལུང་བ་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་ན་ཡོད། ལུང་བ་ཁ་བྱང་ལྟ་ཞིག་ཡིན།

རིགས་དབྱེ།  

ཐང་ཕྲོམ།

ཐང་ཕྲོམ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོ་མངའ་ཁོངས་ཀྱི་ལུང་བ་ཞིག་ཡིན་ལ། ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཐར་ཤུལ།

ཐར་ཤུལ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཚོ་སྡེ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ20ཡི་མཚམས་ན་ཡོད།

རིགས་དབྱེ།  

ཐེབ་རྒྱ།

ཐེབ་རྒྱ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་ཚོ་སྡེ་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ26གི་མཚམས་ན་ཡོད་ལ། སྤྱི་ཉིན་ལུང་ཚོ་སྡེ་ཉེར་གསུམ་གྱི་ནང་ཚན་ཡང་ཡིན།

རིགས་དབྱེ།  

དཀར་ལ།

དཀར་ལ་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་སྡེ་བ་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ13ཙམ་གྱི་མཚམས་ན་ཡོད་ཅིང་། སྤྱི་ཉིན་ལུང་ཚོ་སྡེ་ཉེར་གསུམ་གྱི་ཁོངས་སུ་གཏོགས་པའི་འབྲོག་སྡེ་ཞིག་ཡིན།

རིགས་དབྱེ།  

དགྲ་འདུལ་སྒང་།

དགྲ་འདུལ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་སྒང་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ42.5ཡི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4740ཡོད།

རིགས་དབྱེ།  

དཔའ་ཐུལ་རྡོ་མཁར།

དཔའ་ཐུལ་རྡོ་མཁར་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་མངའ་ཁོངས་ཀྱི་མཁར་ཤུལ་ཞིག་ཡིན་ལ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད། འདིའི་ཤར་ནས་ནུབ་ཏུ་སྨི120དང་། ལྷོ་ནས་བྱང་ཏུ་སྨི120ཡོད།

རིགས་དབྱེ།  

དུང་དཀར་ཆུ་མགོ།

དུང་དཀར་ཆུ་མགོ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་མགོ་ཞིག་ཡིན་ལ། ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

དེའུ་མགོ་གུར།

དེའུ་མགོ་གུར་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ས་གྲུ་བཞི་ཡུལ་ཚོ་མངའ་ཁོངས་ཀྱི་དེའུ་མགོ་ཞིག་སྟེ། ས་གྲུ་བཞི་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

དྲེད་ལུང་།

དྲེད་ལུང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ལུང་བ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ19ཡི་མཚམས་ཏེ། ཚྭ་ཆུ་ཐང་གི་ལྷོ་ཕྱོགས་ན་ཡོད་ཅིང་། ལུང་བ་ཁ་ཤར་ལྟ་ཞིག་ཡིན།

རིགས་དབྱེ།  

ཕུ་ནུ་དེའུ་རྒན།

ཕུ་ནུ་དེའུ་རྒན་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་སྒང་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་ན་ཡོད།

རིགས་དབྱེ།  

ཕོ་རོག་གད་པ།

ཕོ་རོག་གད་པ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་མངའ་ཁོངས་ཀྱི་གད་པ་ཞིག་ཡིན་ལ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཕྱུག་རི་མཐོན་པོ།

ཕྱུག་རི་མཐོན་པོ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་རི་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་ན་ཡོད། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4684ཡོད།

རིགས་དབྱེ།  

བ་ཝོ་རྫ་དམར།

བ་ཝོ་རྫ་དམར་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་རྫ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ70ལྷག་གི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི5031ཡོད།

རིགས་དབྱེ།  

བ་ཝོ།

བ་ཝོ་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་སྡེ་བ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ47གྱི་མཚམས་ན་ཡོད།

རིགས་དབྱེ།  

བ་ཡན་ཆུ།

བ་ཡན་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ58ཀྱི་མཚམས་ཏེ། རི་བོ་ངང་ལའི་བྱང་ངོས་ནས་བཞུར་འོང་བ་ཡིན་ཞིང་། ཕལ་ཆེར་སྤྱི་ལེ8ཀྱི་རིང་ཚད་ལ་བཞུར་བའི་མཚམས་ནས་ས་འོག་ཏུ་ཐིམ། ཆུ་འདི་དར་ཆགས་པའི་དུས་ནི་ལོ་རེའི་ལུགས་གསར་གྱི་ཟླ11པ་ཡིན་ཞིང་། དར་བཞུ་བའི་དུས་ནི་ཕྱི་ལོའི་ལུགས་གསར་གྱི་ཟླ5བ་ཡིན།

རིགས་དབྱེ།  

ཁྱ་ཆེན།

ཁྱ(ཁྲ)ཆེན་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ལུང་བ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ20ཡི་མཚམས་ན་ཡོད།

རིགས་དབྱེ།  

ཁྱ་ཚང་གོང་མ།

ཁྱ(ཁྲ)ཚང་གོང་མ་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ས་གྲུ་བཞི་ཡུལ་ཚོ་གྲུ་བཞི་སྡེ་བའི་ཁོངས་གཏོགས་ཀྱི་སྡེ་ཆུང་ཞིག་ཡིན་ལ། གྲུ་བཞི་སྡེ་བའི་ཤར་ཕྱོགས་ན་ཡོད།

རིགས་དབྱེ།