བཟོ་ལས་དཔལ་འབྱོར།

བཟོ་ལས་དཔལ་འབྱོར་ལ་ཐོན་ཁུངས་དཔལ་འབྱོར་ཞེས་ཀྱང་འབོད་ལ། དཔལ་འབྱོར་འཕེལ་རྒྱས་དེ་གཙོ་བོ་རང་བྱུང་ཐོན་ཁུངས་ཀྱི་སྒྲིག་སྦྱོར་ལ་བརྟེན་ནས་བྱུང་པ་ཞིག་ཡིན།

རིགས་དབྱེ།  

སྡོམ་རྩིས་རིག་པ།

སྡོམ་རྩིས་རིག་པ་ནི་ཞིབ་བཤེར་དང་གཙང་བསྒྲིག དབྱེ་ཞིབ། གཞི་གྲངས་ཞིབ་བརྗོད་སོགས་ཀྱི་ཐབས་ལམ་ལ་བརྟེན་ཏེ། རིགས་འདེད་བྱ་ཡུལ་གྱི་ངོ་བོར་ཚད་ལེན་ལག་ལེན་དུ་འཁྱོལ་བར་བྱ་བ་དང་། ཐ་ན་དམིགས་འབེན་ལ་སྔོན་དཔགས་བྱ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་ཅིག་ཡིན། དེའི་ནང་དུ་གྲངས་རིག་ཀྱི་ཤེས་བྱ་མང་པོ་སྤྱོད་ཀྱི་ཡོད་ལ། གཞན་པའི་རིག་ཚན་གྱི་ཆེད་ལས་ཤེས་བྱ་ཡང་སྤྱོད་ཀྱི་ཡོད་པས། དེ་ནི་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་སོ་སོའི་ཁྱབ་ཁོངས་སུ་ཁྱབ་ཡོད་པ་ཞིག་ཡིན།

རིགས་དབྱེ།  

མཉམ་བསྲེས་དཔལ་འབྱོར་རིག་པ།

མཉམ་བསྲེས་དཔལ་འབྱོར་རིག་པ་ནི། མངོན་དུ་གྱུར་བའི་དཔལ་འབྱོར་ལམ་སྲོལ་གྱི་དོན་སྙིང་གང་རུང་ཞིག་གི་སྟེང་། རང་དབང་དཔལ་འབྱོར་དང་འཆར་གཞི་ལྡན་པའི་དཔལ་འབྱོར་གཉིས་མཉམ་དུ་བསྲེས་པ་ཞིག་ཡིན་པ་དང་། དེ་ལ་མཉམ་བསྲེས་དཔལ་འབྱོར་རིག་པ་ཞེས་ཟེར།

རིགས་དབྱེ།  

མི་འབོར་དཔལ་འབྱོར་རིག་པ།

མི་འབོར་དཔལ་འབྱོར་རིག་པ་ནི། སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་མི་འབོར་དང་དཔལ་འབྱོར་ཕན་ཚུན་བར་གྱི་འབྲེལ་བ་དང་། དེ་བཞིན་འགྱུར་ལྡོག་གི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། མི་འབོར་འཁོར་སྐྱོད་དང་དཔལ་འབྱོར་བྱ་འགུལ་གཉིས་ཀྱི་འགལ་བ་གཅིག་གྱུར་གྱིས། མི་འབོར་དཔལ་འབྱོར་བྱ་འགུལ་དང་དེ་བཞིན་བབ་མཚུངས་ཀྱི་མི་འབོར་དཔལ་འབྱོར་གྱི་འབྲེལ་བ་གྲུབ་ཀྱི་ཡོད། མི་འབོར་དཔལ་འབྱོར་རིག་པའི་འོས་འགན་ནི། མི་འབོར་དཔལ་འབྱོར་འབྲེལ་བའི་བྱ་འགུལ་གྱི་ཆོས་ཉིད་གསལ་སྟོན་བྱེད་པ་དེ་ཡིན། མི་འབོར་དཔལ་འབྱོར་རིག་པ་དེ་གསར་བྱུང་བསྡུས་གྲུབ་རིག་ཚན་ཞིག་ཡིན་ལ། དེས་གཙོ་བོ་མི་འབོར་སྤོ་འགྱུར་གྱིས་དཔལ་འབྱོར་གོང་འཕེལ་ལམ་ཡང་ན་འཕེལ་རྒྱས་ལ་ཐེབས་པའི་ཤན་ཤུགས་ལ་རྟོགས་ཞིབ་བྱེད་ཀྱི་ཡོད། སྤྱིར་བཏང་དུ། མི་འབོར་དཔལ་འབྱོར་རིག་པ་ནི་ཉེར་སྤྱོད་དཔལ་འབྱོར་རིག་པའི་ཁོངས་སུ་གཏོགས་པ་ཞིག་ཡིན།

རིགས་དབྱེ།  

མི་རིགས་དཔལ་འབྱོར།

མི་རིགས་དཔལ་འབྱོར (National Economy) ནི་ལོ་རྒྱུས་ངེས་ཅན་གྱི་ཆ་རྐྱེན་འོག་ཏུ། མི་རིགས་གང་རུང་ཞིག་གི་སྤྱི་ཚོགས་དཔལ་འབྱོར་གྱི་སྤྱི་འདུས་ལ་བརྗོད་ཅིང་། དཔེར་ན། མི་རིགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་། འཚོ་རོལ་སྟངས་སོགས་དཔལ་འབྱོར་གྱི་བྱ་བྱེད་དག་ལ་བརྗོད་པ་དང་། དེ་ལ་བཟོ་ལས་དང་ཞིང་ལས། འབྲོག་ལས། འཛུགས་སྐྲུན། འགྲིམ་འགྲུལ། འཕྲིན་གཏོང་། རྫས་འགྱུར་བཟོ་ལས། གློག་རྡུལ་བཟོ་ལས་སོགས་ཡོད།

རིགས་དབྱེ།  

ཚད་ལྡན་དཔལ་འབྱོར་རིག་པ།

ཚད་ལྡན་འབྱོར་རིག་པ (Normative Economics) ནི་ངེས་གཏན་གྱི་རིན་ཐང་གདམས་གསེས་དག་གཞིར་བཟུང་སྟེ། དཔལ་འབྱོར་གྱི་གནད་དོན་རིགས་ཤིག་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ཚད་འདོན་པ་དེ་ཡིན་པར་མ་ཟད། དེ་ལྟར་དཔལ་འབྱོར་གཞུང་ལུགས་འཛུགས་པའི་རྨང་གཞིའི་སྟེང་། དཔལ་འབྱོར་སྲིད་ཇུས་གཏན་འབེབས་བྱེད་པའི་གཞི་འཛིན་ས་ཡང་ཡིན། ནུབ་ཕྱོགས་དཔལ་འབྱོར་རིག་པ་ལྟར་ན། ཐོན་ཁུངས་ལ་ཧ་ཅང་དཀོན་པའི་རང་བཞིན་ལྡན་པའི་རྐྱེན་གྱིས། རྣམ་པ་མང་པོའི་བགྲོལ་ལམ་སྟེང་གདམས་གསེས་ངེས་ཅན་ཀྱི་གནད་དོན་ལྷག་གི་ཡོད་པ་དང་། གདམས་གསེས་དེར་ཡང་གདམས་གསེས་བྱ་ཚུལ་ཞིག་ཡོད་པ་དང་། གདམས་གསེས་བྱ་ཚུལ་ནི་དཔལ་འབྱོར་བྱ་བའི་ཚད་ལྡན་གྱི་རང་བཞིན་ཡིན། དེ་བས། གནད་དོན་ངོ་མ་ག་འདྲ་ཞིག་ཡིན་པ་ཐག་གཅོད་བྱ་རྒྱུ་ནི་ ཚད་ལྡན་དཔལ་འབྱོར་རིག་པའི་ལས་སུ་ལྷག་ཡོད།

རིགས་དབྱེ།  

ཚན་ཁག་དཔལ་འབྱོར་རིག་པ།

ཚན་ཁག་དཔལ་འབྱོར་རིག་པ (sector economics) ལ་བྱེ་བྲག་དཔལ་འབྱོར་རིག་པའམ་ཡང་ན་ཆེད་ལས་དཔལ་འབྱོར་རིག་ཞེས་ཀྱང་བརྗོད། དེ་ནི་གཞུང་ལུགས་དཔལ་འབྱོར་རིག་པའི་སྤྱིར་བཏང་གི་རྩ་བའི་རིག་པ་སྤྱད་དེ། རྒྱལ་དམངས་དཔལ་འབྱོར་རིག་པའི་ཚན་ཁག་གང་རུང་དང་། ཡང་ན་ཁྱབ་ཁོངས་གང་རུང་གི་དཔལ་འབྱོར་གནད་དོན་དང་དཔལ་འབྱོར་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། ཚན་ཁག་དཔལ་འབྱོར་རིག་པས་དཔལ་འབྱོར་རིག་པའི་སྤྱིར་བཏང་གི་རྩ་བའི་རིག་པ་དེ་གཞུང་ལུགས་ཀྱི་རྨང་གཞིར་འཛིན་གྱི་ཡོད་ལ། དེ་ནི་དཔལ་འབྱོར་རིག་ཚན་སྤྱིའི་མ་ལག་ཁྲོད་དུ་ལྟོས་འཇོག་གིས་ཁེར་ཚུགས་ཀྱི་རིག་ཚན་ཡན་ལག་དང་ལྡན་པ་ཞིག་ཡིན།

རིགས་དབྱེ།  

ཚན་རིག་དཔལ་འབྱོར་རིག་པ།

དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དངོས་ཚུར་སྣང་བྱེད་པའི་དཔལ་འབྱོར་རིག་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ལ་ཚན་རིག་དཔལ་འབྱོར་རིག་པ་ཟེར། ཚན་རིག་དཔལ་འབྱོར་རིག་པས་རང་རྟོགས་སྒོས་ཚན་རིག་གི་བྱེད་ཐབས་སྤྱད་དེ། ཕྱོགས་ཡོངས་ནས་མིའི་རིགས་ཀྱི་དཔལ་འབྱོར་གཉེར་བའི་རིན་ཐང་གི་ཆོས་ཉིད་དམ་ཡང་ན་དཔལ་འབྱོར་གྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན་པ་དང་། དཔལ་འབྱོར་གྱི་ཆོས་ཉིད་ནི་ཚན་རིག་དཔལ་འབྱོར་རིག་པའི་གཙོ་སྙིང་ཡིན། དེ་བས་ཆ་མཉམ་འབྲེལ་བ་ནི་འཇིག་རྟེན་གྱི་ཆེས་རྩ་བར་གྱུར་བའི་ངོ་བོ་ཡིན་ལ། ཆ་མཉམ་ཆོས་ཉིད་ནི་སྤྱི་ཚོགས་ཀྱི་ཆེས་རྩ་བའི་ཆོས་ཉིད་དང་། ཆ་མཉམ་རྩ་དོན་ནི་ཚན་རིག་གི་ཆེས་རྩ་བའི་རྩ་དོན་ཡིན། དེའི་རྐྱེན་གྱིས་ཚན་རིག་དཔལ་འབྱོར་རིག་པ་ནི་ཆ་མཉམ་དཔལ་འབྱོར་རིག་པ་ཞིག་ཀྱང་ཡིན་ནོ། །

རིགས་དབྱེ།  

ཚོང་ལས་དཔལ་འབྱོར་རིག་པ།

ཚོང་ལས་དཔལ་འབྱོར་རིག་པ་ནི་ཆེད་དུ་ཚོང་ལས་ལས་རིགས་ཀྱི་དཔལ་འབྱོར་འབྲེལ་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་པ་དང་། ཚན་ཁག་དཔལ་འབྱོར་རིག་པའི་ཚོང་ལས་དཔལ་འབྱོར་རིག་པ་ནི། དུས་རབས་ཉི་ཤུ་བའི་ཨུ་རུ་སུའི་ཟླ་བཅུ་བའི་གསར་བརྗེའི་རྗེས་སུ་སུའུ་ལེན་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དུ་གསར་འཛུགས་བྱས་པ་ཞིག་ཡིན། སྐབས་དེའི་ཞིབ་འཇུག་གི་ཁྱབ་ཁོངས་ནི་སུའུ་ལེན་ཙམ་ལས་བརྒལ་མེད་ཅིང་། དེ་ལ “སུའུ་ཝེ་ཨེད་ཉོ་ཚོང་དཔལ་འབྱོར” ཞེས་འབོད་ཀྱི་ཡོད། དེའི་རྗེས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ཡུན་རིང་མ་དགོར་བར། ཀྲུང་གོའི་ཚོང་ལས་ཁྱབ་ཁོངས་ལ་ཞིབ་འཇུག་བྱས་ཏེ་ཚོང་ལས་དཔལ་འབྱོར་རིག་པ་གསར་དུ་འཛུག་པའི་མགོ་བརྩམས་པ་དང་། དེ་ལ “ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཚོང་ལས་དཔལ་འབྱོར་རིག་པ” ཞེས་བརྗོད།

རིགས་དབྱེ།  

ཞིང་ལས་དཔལ་འབྱོར།

ཞིང་ལས་དཔལ་འབྱོར་ནི་ཞིང་ལས་ཀྱི་ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་བྱ་བའི་ཆོས་ཉིད་ཀྱི་རིག་ཚན་ཞིག་ཡིན་ཞིང་། དེར་ངལ་རྩོལ་དཔལ་འབྱོར་ཞེས་ཀྱང་བརྗོད། དཔལ་འབྱོར་འཕེལ་རྒྱས་དེ་གཙོ་བོ་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་ཀྱི་དབང་དྲག་དང་སྒྲིག་སྦྱོར་ལ་བརྟེན་དགོས་པ་ཞིག་ཡིན།

རིགས་དབྱེ།  

འགུལ་རྣམ་དཔལ་འབྱོར་རིག་པ།

འགུལ་རྣམ་དཔལ་འབྱོར་རིག་པ་ནི་དུས་ཡུན་རིང་ཐུང་གི་འགྱུར་བར་ཁ་གཏད་པའི་དཔལ་འབྱོར་རིག་པའི་གཞུང་ལུགས་ཤིག་ཡིན། འགུལ་རྣམ་དཔལ་འབྱོར་རིག་པ་ནི་འགུལ་མེད་དཔལ་འབྱོར་རིག་པར་བལྟས་ཏེ་བརྗོད་པ་ཞིག་ཡིན་ལ། འགྱུར་བས་ཕྱི་སྐྱེས་འགྱུར་ཚུལ་འབྱུང་བར་བྱེད་པ་ཞིག་ཡིན་ལ། དཔལ་འབྱོར་རང་སྟེང་གི་གཙོ་གཞི་མི་འདྲ་བའི་རྣམ་པར་འགྱུར་བ་གཏོང་བ་ཞིག་ཀྱང་ཡིན།

རིགས་དབྱེ།  

འཛམ་གླིང་དཔལ་འབྱོར།

འཛམ་གླིང་དཔལ་འབྱོར་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ཕན་ཚུན་དབར་གྱི་འབྲེལ་བ་དང་གཅིག་ལ་གཅིག་བརྟེན་གྱིས་གྲུབ་པའི་འཛམ་གླིང་སྤྱིའི་ཁྱབ་ཁོངས་ཀྱི་དཔལ་འབྱོར་རྣམ་པར་བརྗོད་པ་ཡིན། དེ་ནི་རྒྱལ་སྤྱིའི་ལས་བགོས་དང་འཛམ་གླིང་ཁྲོམ་རའི་རྨང་གཞིའི་སྟེང་དུ། འཛམ་གླིང་ཁྱབ་གི་རྒྱལ་ཁབ་སོ་སོའི་དཔལ་འབྱོར་དེ་ཚོང་ཟོང་འཁོར་རྒྱུག་དང་ངལ་ལས་བརྗེ་རེས། མ་རྩའི་འཁོར་བསྐྱོད། ལག་རྩལ་ཉོ་ཚོང་། རྒྱལ་སྤྱིའི་དཔལ་འབྱོར་གཅིག་གྱུར་ཅན་སོགས་རྣམ་པ་དང་ལམ་ཕྱོགས་མང་པོའི་སྒོ་ནས། རྒྱལ་ཁབ་སོ་སོའི་ཐོན་སྐྱེད་དང་འཚོ་བ། གཞན་པའི་དཔལ་འབྱོར་ཕྱོགས་ནས་མ་ལག་དང་ལྡན་པར་མཉམ་གཅིག་ཏུ་སྦྲེལ་བར་བྱེད་པ་ཞིག་ཡིན།

རིགས་དབྱེ།  

རགས་མཐོང་དཔལ་འབྱོར་རིག་པ།

རགས་མཐོང་དཔལ་འབྱོར་རིག་པ(Macroeconomics)ནི་རྒྱལ་དམངས་ཀྱི་ཡོང་སྒོ་དང་། དཔལ་འབྱོར་སྤྱིའི་མ་དངུལ། འཛད་སྤྱོད་སོགས་ཁྱོན་ཡོངས་རང་བཞིན་གྱི་སྡོམ་རྩིས་རིག་པ་སྤྱད་ནས་དབྱེ་ཞིབ་བྱེད་པའི་དཔལ་འབྱོར་འཁོར་བསྐྱོད་ཆོས་ཉིད་ཀྱི་དཔལ་འབྱོར་རིག་པའི་ཁྱབ་ཁོངས་ཤིག་ཡིན་ལ། དེ་ཡང་གནའ་གཞུང་གི་ཕྲ་མཐོང་དཔལ་འབྱོར་རིག་པར་བལྟས་ནས་བརྗོད་པ་ཞིག་ཡིན། ཕྲ་མཐོང་དཔལ་འབྱོར་རིག་པ་ནི་ཁའེ་ཨུན་སིའི «ལས་ཞུགས་དང་སྐྱེད་ཀ དངུལ་ལོར་བཅས་ཀྱི་ཕྱོགས་བསྡུས་རྣམ་བཤད» ཅེས་པ་ལས་བསྟན་པའི་འཕེལ་རྒྱས་མགྱོགས་པའི་དཔལ་འབྱོར་རིག་པ་ཞིག་ཡིན།

རིགས་དབྱེ།  

རང་བྱུང་དཔལ་འབྱོར།

རང་བྱུང་དཔལ་འབྱོར(Natural Economy) ཞེས་པ་དེ་སྟབས་བདེ་སྒོས་འབྲེལ་ན། རང་མཁོ་རང་འདང་གི་དཔལ་འབྱོར་གཉེར་སྟངས་ཙམ་ལས་ཚོང་ཟོང་གི་བརྗེ་རེས་མེད་པ་ཞིག་ཡིན། ཐོན་སྐྱེད་བྱེད་པ་ནི་ཐད་གར་ཐོན་སྐྱེད་བྱེད་མཁན་མི་སྒེར་རམ་ཡང་ན་དཔལ་འབྱོར་ལས་ཁུངས་ཀྱི་དགོས་མཁོ་སྐོང་བའི་ཆེད་དུ་ཡིན་པ་ལས། བརྗེ་རེས་ཀྱི་དཔལ་འབྱོར་རྣམ་པ་ནི་མིན། རང་བྱུང་དཔལ་འབྱོར་ནི་ཚོང་ཟོང་དཔལ་འབྱོར་གྱི་ལྟོས་ཟླར་གྱུར་བ་ཞིག་ཡིན་ལ། སྒེར་ལ་དབང་བའི་ལམ་ལུགས་དཔལ་འབྱོར་གྱི་སྣང་ཚུལ་ཞིག་ཡིན་ཞིང་། དེ་ནི་ཁྲོམ་རའི་གཞི་ཁྱོན་ཅུང་ཆུང་བའི་དུས་སྐབས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན་པ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བ་དང་སྤྱི་ཚོགས་ལས་བགོས་འཕེལ་རྒྱས་བྱུང་མེད་པའི་སྐབས་ཀྱི་ཐོན་དངོས་ཤིག་ཡིན།

རིགས་དབྱེ།  

རིན་གོང་དཔལ་འབྱོར་རིག་པ།

རིན་གོང་དཔལ་འབྱོར་རིག་པ་ནི་ཚོང་ཟོང་རིན་གོང་གི་གྲུབ་ཚུལ་དང་འགྱུར་བའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་དཔལ་འབྱོར་རིག་པའི་ནང་གསེས་ཀྱི་ཆ་ཤས་ཤིག་ཡིན། རིན་ཐང་ནི་རིན་གོང་གི་རྨང་གཞི་ཡིན་པ་དང་། རིན་གོང་ནི་རིན་ཐང་གི་དངུལ་ལོའི་མཚོན་ཚུལ་ཞིག་ཡིན། རིན་གོང་དཔལ་འབྱོར་རིག་པས་གཞུང་ལུགས་སྤྱད་དེ་རིན་གོང་གྲུབ་ཚུལ་གྱི་དོན་དངོས་རྨང་གཞི་དང་ལོ་རྒྱུས་ཀྱི་འཕེལ་རིམ་གསལ་བཤད་བྱ་དགོས་པ་ཞིག་ཡིན།

རིགས་དབྱེ།  

རྒྱལ་དམངས་དཔལ་འབྱོར་རིག་པ།

རྒྱལ་དམངས་དཔལ་འབྱོར་རིག་པར་ལ་རྒྱུས་ལོན་བྱ་དགོས་ན། ཐོག་མར་རྒྱལ་དམངས་དཔལ་འབྱོར་གྱི་གོ་དོན་རྟོགས་དགོས་པ་ཡིན། རྒྱལ་དམངས་དཔལ་འབྱོར་ནི། རྒྱལ་ཁབ་ཅིག་གི་སྤྱི་ཚོགས་དཔལ་འབྱོར་བྱ་བའི་སྤྱི་འདུས་ལ་བརྗོད་པ་ཡིན་ཞིང་། དེ་ནི་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་ཤན་ཤུགས་ཐེབས་པའི་དཔལ་འབྱོར་གྱི་ལྷུ་ཚིགས་དང་། དཔལ་འབྱོར་གྱི་རིམ་པ། དཔལ་འབྱོར་སྡེ་ཁག་དང་དཔལ་འབྱོར་གྱི་ས་ཁུལ་སོགས་ཀྱིས་གྲུབ་པ་ཞིག་ཡིན། རྒྱལ་དམངས་དཔལ་འབྱོར་ཞེས་པའི་གོ་དོན་འདིས་དཔལ་འབྱོར་གྱི་རྡོག་སྒྲིལ་རང་བཞིན་དང་འབྲེལ་བའི་རང་བཞིན་ནན་གྱིས་སྟོན་པ་ཞིག་ཡིན་པ་དང་། གོ་དོན་འདི་ནི་རྒྱལ་དམངས་དཔལ་འབྱོར་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་སྡེ་ཁག་སོ་སོའི་གྲུབ་ཚུལ་སྤྱིའི་ཚད་ཐིག་ལས་བརྒལ་ཅིང་། ནང་དོན་དེ་སྤྱི་ཚོགས་དཔལ་འབྱོར་བྱ་བའི་ཁྱབ་ཁོངས་སུ་རྒྱ་ཆེར་ཁྱབ་པ་ཞིག་ཡིན། དེ་ལ་དཔེར་ན། ཐོན་སྐྱེད་དང་བརྗེ་རེས། བགོ་བཤའ། འཛད་སྤྱོད་སོགས་ཀྱི་ནང་དོན་འདུ་བ་ཡིན་ལ། དཔལ་འབྱོར་གྱི་རིམ་པ་ནི། ཕྲ་མཐོང་དཔལ་འབྱོར་རིག་པ་དང་སྙོམས་མཐོང་དཔལའ་བྱོར་རིག་པ། རགས་མཐོང་དཔལ་འབྱོར་རིག་པ་སོགས་ཡིན། དཔལ་འབྱོར་གྱི་སྡེ་ཁག་ལ། བཟོ་ལས་དང་ཞིང་ལས། འཛུགས་སྐྲུན་ལས་རིགས། ཚོང་ལས། རིག་གནས། སློབ་གསོ། ཚན་རིག་ཞིབ་འཇུག་སོགས་ཐོན་སྐྱེད་སྡེ་ཁག་དང་ཐོན་སྐྱེད་སྡེ་ཁག་མ་ཡིན་པའི་སྡེ་ཁག་སོགས་ཡོད། དཔལ་འབྱོར་ས་ཁུལ་ལ། རྒྱལ་ནང་གི་མི་འདྲ་བའི་དཔལ་འབྱོར་ས་ཁུལ་དང་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མི་འདྲ་བའི་དཔལ་འབྱོར་ས་ཁུལ། རྒྱལ་སྤྱིའི་རང་བཞིན་གྱི་ས་ཁུལ་སོགས་ཀྱི་དབྱེ་བ་ཡོད།

རིགས་དབྱེ།  

རྒྱལ་སྲུང་དཔལ་འབྱོར་རིག་པ།

དེངས་རབས་རྒྱལ་སྲུང་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་རིག་པ་ལག་ཆར་བཟུང་སྟེ། རྒྱལ་སྲུང་དང་འབྲེལ་ཡོད་ཀྱི་ཐོན་ཁུངས་སྒྲིག་སྦྱོར་དང་། ཡོང་སྒོ་བགོ་འགྲེམ། དཔལ་འབྱོར་འཕར་སྣོན་དང་གཏན་འཇགས་རང་བཞིན་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་པ་དང་། དེ་ཡང་དཔལ་འབྱོར་རིག་པ་དང་འདྲ་བར། རྒྱལ་སྲུང་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་དེ་ཡང་ཐོན་ཁུངས་སྒྲིག་སྦྱོར་གྱི་ལས་ཕྱོད་གནད་དོན་དེ་ཡིན་པ་དང་། ཇི་ལྟར་བྱས་ནས་ཕན་ནུས་ལྡན་པར་བྱ་བ་དང་ལུགས་མཐུན་གྱིས་སྒྲིག་སྦྱོར་བྱས་ཏེ། དཀོན་པའི་རང་བཞིན་ཅན་གྱི་ཐོན་ཁུངས་བེད་སྤྱོད་ཀྱིས་རྒྱལ་སྲུང་བདེ་འཇགས་མངོན་དུ་བྱ་བ་ནི་རྒྱལ་སྲུང་དཔལ་འབྱོར་རིག་པའི་ཡུན་རིང་གི་བརྗོད་གཞི་གཙོ་བོ་དེ་ཡིན།

རིགས་དབྱེ།  

རྩིས་ཁམས་དཔལ་འབྱོར་རིག་པ།

རྩིས་ཁམས་དཔལ་འབྱོར་རིག (Mathematical Economics) ནི་རྩིས་རིག་གི་ཐབས་ཤེས་སྤྱད་ནས་དཔལ་འབྱོར་རིག་པའི་གཞུང་ལུགས་གསལ་འགྲེལ་དང་ཞིབ་འཇུག་བྱེད་པའི་རིག་ཚན་གྱི་ནང་གསེས་ཤིག་ཡིན། དཔལ་འབྱོར་ལོ་རྒྱུས་སྟེང་ལས་དོན་བྱ་ཐབས་འདི་བཀོལ་ནས་ཞིབ་འཇུག་བྱ་མཁན་གྱི་མི་ལ་རྩིས་ཁམས་དཔལ་འབྱོར་རིག་པ་བ་ཟེར་བ་ཡིན། འདི་ནི་རྩིས་ཁམས་དཔལ་འབྱོར་རིག་པའི་གྲུབ་མཐར་གཏོགས་པ་ཞིག་ཡིན་པས། བསྡུས་ཏེ་རྩིས་ཁམས་རིག་པའི་གྲུབ་མཐའ་ཞེས་བརྗོད་པ་ཡིན།

རིགས་དབྱེ།  

རྩིས་གཉེར་རིག་པ།

རྩིས་གཉེར་རིག་པ (Accounting) ནི་ནོར་དོན་བྱ་བར་ཞིབ་འཇུག་དང་རྨང་གཞིའི་རྒྱུ་ཆའི་ཚུར་སྡུད། ད་དུང་རིགས་དབྱེ་དང་། ཕྱོགས་བསྡུས། དབྱེ་ཞིབ་དང་འགྲེལ་བཤད་བྱེད་པ་བཅས་ཀྱི་རྨང་གཞིའི་སྟེང་ཇུས་ཐག་གཅོད་པའི་ཆ་འཕྲིན་མ་ལག་ཏུ་གྲུབ་པ་ཞིག་དང་། ཕན་ནུས་ལྡན་པའི་སྒོ་ནས་དཔལ་འབྱོར་ལ་དོ་དམ་བྱེད་པའི་ཉེར་སྤྱོད་ཀྱི་རིག་ཚན་ཞིག་ཀྱང་ཡིན། དེ་ནི་སྤྱི་ཚོགས་རིག་ཚན་གྱི་གྲུབ་ཆ་ཞིག་ཡིན་ཞེས་བརྗོད་ཆོག་ལ། གལ་ཆེ་བའི་དོ་དམ་རིག་ཚན་ཞིག་ཡིན་ཞེས་ཀྱང་བརྗོད་ཆོག་ཅིང་། རྩིས་གཉེར་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་མ་དངུལ་གྱི་འཁོར་སྐྱོད་དེ་ཡིན།

རིགས་དབྱེ།  

ལག་རྩལ་དཔལ་འབྱོར་རིག་པ།

ལག་རྩལ་དཔལ་འབྱོར་རིག་པ་ནི་ལག་རྩལ་ཁྱབ་ཁོངས་ཀྱི་དཔལ་འབྱོར་གནད་དོན་དང་དཔལ་འབྱོར་གྱི་ཆོས་ཉིད་ལ་ཞིབ་འཇུག་དང་། ལག་རྩལ་གོང་འཕེལ་དང་དཔལ་འབྱོར་ཡར་རྒྱས་གཉིས་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན་པ་དང་། ལག་རྩལ་ཁྱབ་ཁོངས་ཀྱི་ཐོན་ཁུངས་ཀྱི་ཆེས་བཟང་བའི་སྒྲིག་འགོད་དང་། ལག་རྩལ་འཚོལ་ཞིབ་དང་དཔལ་འབྱོར་གྱི་ཆེས་བཟང་བའི་གཅིག་བསྡུས་ཀྱིས་འཕེལ་རྒྱས་རྒྱུན་སྐྱོང་གི་ཚན་རིག་ཅིག་ཡིན།

རིགས་དབྱེ།  

ཤར་ཕྱོགས་དཔལ་འབྱོར་རིག་པ།

ཤར་ཕྱོགས་དཔལ་འབྱོར་རིག་པ་ནི་ཉེ་རབས་སུའུ་ལེན་དུས་སྐབས་སུ་མར་ཁེ་སི་རིང་ལུགས་གཙོ་སྙིང་དུ་བཟུང་བའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རིག་པར་ཟེར་བ་ཡིན། ཡིན་ཡང་ཤར་ཕྱོགས་དཔལ་འབྱོར་རིག་པ་དེ་ནུབ་ཕྱོགས་སྒེར་བཙུགས་དཔལ་འབྱོར་རིག་པ་དང་མི་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་ཡིན།

རིགས་དབྱེ།  

སྐྱེལ་འདྲེན་དཔལ་འབྱོར།

སྐྱེལ་འདྲེན་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་རིག་པའི་གཞུང་ལུགས་ཀྱི་ཐབས་ལམ་སྤྱད་ནས་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་གནད་དོན་སྣ་ཚོགས་ལ་དཔྱད་ཞིབ་བྱེད་པའི་ཚན་རིག་ཅིག་ཡིན་པ་དང་། དེ་ནི་དཔལ་འབྱོར་རིག་པའི་ནང་གསེས་ཀྱི་ཆ་ཤས་ཤིག་ཡིན། སྐྱེལ་འདྲེན་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་རིག་པའི་ནང་གསེས་ཤིག་ཡིན་ལ། དེས་དཔལ་འབྱོར་རིག་པའི་གཞུང་ལུགས་དང་ཐབས་ལམ་སྤྱད་དེ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་གནད་དོན་སྣ་ཚོགས་ལ་དཔྱད་ཞིབ་བྱེད་པའི་ཚན་རིག་ཅིག་ཡིན། དེ་ནི་སྣོལ་སྡེབ་ཀྱི་རིག་ཚན་ཞིག་ཡིན་པས། སྤྱི་ཚོགས་ཚན་རིག་གི་ཁྱབ་ཁོངས་སུ་གཏོགས་པ་ཞིག་ཡིན། སྐྱེལ་འདྲེན་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་ནི། སྐྱེལ་འདྲེན་ཐོན་ལས་ཀྱི་གཞི་རྩའི་གཞུང་ལུགས་དང་། སྐྱེལ་འདྲེན་དཔལ་འབྱོར་གྱི་ཆོས་ཉིད། སྐྱེལ་འདྲེན་གྱི་དགོས་མཁོ་བཅས་གཞིར་བཟུང་གཞུང་ལུགས་ཀྱི་མཚོན་ཚུལ་གསལ་སྟོན་བྱ་བའི་ཆོས་ཉིད་དང་འདོན་སྤྲོད། དགོས་མཁོའི་རྩ་བའི་རྩ་དོན། ལམ་ལུགས་དང་བྱེ་བྲག་གི་ཐབས་ལམ་སོགས་ཡིན།

རིགས་དབྱེ།  

སྒེར་གཉེར་དཔལ་འབྱོར།

སྒེར་གཉེར་དཔལ་འབྱོར་ནི་ཐོན་སྐྱེད་རྒྱུ་ཆ་ངལ་རྩོལ་པ་སྒེར་ལ་དབང་བའི་རྨང་གཞིའི་སྟེང་། སྒེར་གཉེར་ངལ་རྩོལ་དང་སྒེར་མིས་ལས་གཉེར་བྱེད་པའི་སྒེར་དབང་ལམ་ལུགས་ཀྱི་དཔལ་འབྱོར་ཞིག་ཡིན། སྒེར་གཉེར་དཔལ་འབྱོར་གྱི་ཁྱབ་རྒྱ་ཆུང་བ་དང་། ལག་ཆ་ཉུང་བ། བེད་སྤྱོད་སྟབས་བདེ་བ། སྟབས་བསྟུན་ལས་གཉེར་བཅས་ཀྱི་ཁྱད་ཆོས་ལྡན། གཞི་རྩའི་སྟེང་དེ་ལ་བཤུ་གཞོག་གི་སྣང་ཚུལ་མེད་ཅིང་། དེ་ལ་མངོན་གསལ་གྱི་ཁྱད་ཆོས་གཉིས་ལྡན་ཏེ། དང་པོ་ནི། ཐོན་སྐྱེད་རྒྱུ་ཆ་དང་ངལ་རྩོལ་འབྲས་བུ་མི་སྒེར་ལ་དབང་བ། གཞན་དེ་ནི། ངལ་རྩོལ་པས་རང་ཉིད་ཀྱི་ངལ་རྩོལ་རྨང་གཞིར་འཛིན་པ་ཞིག་ཡིན། སྒེར་གཉེར་དཔལ་འབྱོར་གྱི་གོ་རིམ་དུ། ཐོན་སྐྱེད་མཁན་ནི་ཐད་ཀའི་ངལ་རྩོལ་བྱེད་མཁན་དེ་ཡིན་ལ། ཐོན་སྐྱེད་རྒྱུ་ཆ་ཡང་དེ་ལ་དབང་བ་ཡིན། ངལ་རྩོལ་པས་གཙོ་བོ་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཡོང་སྒོ་རག་ཐུབ་བྱེད་ཀྱི་ཡོད། དེ་ནི་བཤུ་གཞོག་གི་འབྲེལ་བ་མེད་པའི་སྒེར་དབང་དཔལ་འབྱོར་གྱི་རིགས་ཤིག་ཡིན།

རིགས་དབྱེ།  

སྤྱི་ཚོགས་ངལ་རྩོལ།

སྤྱི་ཚོགས་ངལ་རྩོལ་ནི་སྒེར་དབང་ལམ་ལུགས་རྨང་གཞིར་བྱས་པའི་ཚོང་ཟོང་དཔལ་འབྱོར་ཁྲོད་དུ་ཚོང་ཟོང་ཐོན་སྐྱེད་བྱེད་པའི་ངལ་རྩོལ་ལ་སྤྱི་ཚོགས་ཀྱི་རང་བཞིན་ལྡན་པ་ཡིན། དེ་དང་སྒེར་དབང་ངལ་རྩོལ་ནི་འགལ་ཟླར་གྱུར་བ་ཞིག་ཡིན།

རིགས་དབྱེ།  

སྤྱི་ཚོགས་དཔལ་འབྱོར་རིག་པ།

སྤྱི་ཚོགས་དཔལ་འབྱོར་རིག་པའི་ལྟེ་བའི་གནད་དོན་ནི། ང་ཚོས་ཁྲོམ་རའི་འགྲན་རྩོད་ཁྲོད་ཀྱི་སྟོབས་ཞན་ཚོ་ཁག་དེ་འཕྲུལ་བཟོ་རུ་འགྱུར་བར་ཐག་གཅོད་བྱ་རྒྱུ་དེ་སྤྱི་ཚོགས་དཔལ་འབྱོར་རིག་པིའི་ཞིབ་འཇུག་བྱ་ཡུལ་དུ་བཟུང་ཞིག་ཡིན་ཞིང་། དེ་ལ་སྔ་གཞུག་དང་འབྲེལ་བ་ཡོད་པའི་གནད་དོན་གཉིས་ཡོད་དེ། དང་པོ་ནི་ཁྲོམ་རའི་དཔལ་འབྱོར་ཁྲོད་ཀྱི་སྟོབས་ཞན་ཚོ་ཁག་གནད་དོན་དེ་ཇི་ལྟར་བྱུང་བ་དང་། གཉིས་པ་ནི་དེ་ལྟར་བསམ་བློ་གཏོང་བའི་གཞི་འཛིན་ས་དེ་ཅི་ཞིག་ཡིན་པ་དེ་རེད།

རིགས་དབྱེ།  

སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར།

སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ཞེས་པ་ནི། དབང་བའི་ལམ་ལུགས་ཀྱི་ངོ་བོའི་ཟུར་ཚད་ནས་ཐག་གཅོད་བྱས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་དང་གཅིག་བསྡུས་དཔལ་འབྱོར། ཐུན་མོང་མ་རྐང་ཚོད་འཛིན་གྱི་དབང་བའི་ལམ་ལུགས་བཅས་མཉམ་བསྲེས་བྱས་པའི་དཔལ་འབྱོར་ཞིག་ཡིན།

རིགས་དབྱེ།  

སྲིད་གཞུང་གི་འགྲོ་སྒོ།

སྲིད་གཞུང་གི་འགྲོ་སྒོ་ཞེས་པ་ནི། རྒྱལ་ཁབ་ཅིག་གམ་ཡང་ན་ས་ཁུལ་ཞིག་གིས་ཕྱོགས་ཡོངས་ཀྱི་འགན་ནུས་ལེགས་འགྲུབ་བྱེད་པའི་ཆེད་དུ། ཉོ་སྒྲུབ་ལ་མཁོ་བའི་ཚོང་ཟོང་དང་ངལ་ལས་ལ་གཏོང་བའི་ནོར་སྲིད་མ་དངུལ་སྣ་ཚོགས་ཀྱི་བྱ་འགུལ་དང་། སྲིད་གཞུང་གིས་སྤྱི་ཚོགས་ཀྱི་ཕྱོགས་ལ་ངེས་པར་དུ་གཏོང་དགོས་པའི་རྨ་རྩ་དེ་ཡིན། རིམ་པ་སོ་སོའི་སྲིད་གཞུང་གི་འགྲོ་སྒོ་དེ་རྣམ་པ་གཉིས་ཀྱིས་གྲུབ་ཡོད་དེ། གཅིག་ནི་སྲིད་གཞུང་གི་ཉོ་སྒྲུབ་ཡིན་པ་དང་། དཔེར་ན། རྒྱལ་ཁབ་ཀྱིས་རྒྱ་ལམ་ཞིག་གསོ་དང་ཁྲིམས་ལས་སྒྲིག་འཛུགས། རྒྱལ་སྲུང་སྐུལ་འདེད། སློབ་གྲྭ་འཛུགས་པ་སོགས་ཀྱི་ཕྱོགས་ལ་མ་དངུལ་གཏོང་བ་ལྟ་བུ་ཡིན། རྣམ་པ་འདི་ནི GDP ཡི་ཁོངས་གཏོགས་ཡིན། རྣམ་པ་གཞན་དེ་ནི GDP ཡི་ཁོངས་གཏོགས་མིན་ལ། བསྐོར་འགུལ་འགྲོ་སྒོ་དང་གཞུང་བུན་སྐྱེད་ཀ་སོགས་ལྟ་བུ་ཡིན།

རིགས་དབྱེ།  

སྲིད་གཞུང་གི་ཡོང་སྒོ།

རྒྱལ་ཁབ་ཀྱིས་གྲབས་གསོག་བྱས་པའི་ཡོང་སྒོ་ལ་མཚོན་ན། སྲོལ་རྒྱུན་དཔལ་འབྱོར་རིག་པས་ནོར་སྲིད་ཡོང་སྒོའམ་ཡང་ན་རྒྱལ་ཁབ་ཀྱི་ཡོང་སྒོ་སོགས་ཀྱི་ནང་དོན་ལྟར་འགྲེལ་བཤད་བྱེད་ཀྱི་ཡོད། ནུབ་ཕྱོགས་དཔལ་འབྱོར་རིག་པ་ནང་འདྲེན་བྱས་པའི་རྗེས་སུ་ད་གཟོད་ཐུན་མོང་གི་ནོར་སྲིད་དང་སྲིད་གཞུང་གི་ཡོང་སྒོའི་གོ་དོན་དེ་རྒྱ་ཁྱབ་ངང་དང་ལེན་བྱས་པ་ཞིག་ཡིན། སྲིད་གཞུང་གི་ཡོང་སྒོ་ཞེས་པ་ནི། སྲིད་གཞུང་གིས་འགན་ནུས་ལག་བསྟར་བྱ་ཆེད་གྲབས་གསོག་བྱས་པའི་མ་དངུལ་སྤྱི་ལ་ཟེར་བ་དང་། ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་སྲིད་གཞུང་གི་ཡོང་སྒོ་ནི། རྒྱལ་ཁབ་ཀྱིས་རྣམ་པ་དང་ཐབས་ལམ་ངེས་ཅན་གཅིག་བསྡུས་བྱས་པ་བརྒྱུད། དེ་ལས་བྱུང་བའི་དངུལ་ལོར་མཚོན་རྟགས་ཀྱིས་འཇལ་བའི་སྤྱི་ཚོགས་ཐོན་རྫས་ཀྱི་རིན་ཐང་དེ་ཡིན། དེ་ལས་གཙོ་ཆེ་བ་ནི། ཐོན་རྫས་ལྷག་མའི་རིན་ཐང་དེ་ཡིན་ཞིང་། དེ་ནི་སྲིད་གཞུང་གིས་བྱ་གང་ཞིག་བསྒྲུབ་པའི་བྱེད་ལས་ཀྱི་དངོས་པོའི་སྔོན་འགྲོའི་ཆ་རྐྱེན་དེ་ཡང་ཡིན།

རིགས་དབྱེ།  

ཁེ་ལས་རྩིས་གཉེར།

དེ་ནི་རྩིས་གཉེར་གྱི་ཡན་ལག་གལ་ཆེན་ཞིག་ཡིན། ཁེ་ལས་མ་དངུལ་གྱི་འཁོར་སྐྱོད་དང་ཡོང་ཁུངས། ཁེ་ལས་ཀྱི་མ་གནས་དང་འགྲོ་སོང་། ཚོང་གཉེར་ལས་ཐོབ་པའི་ནོར་དོན་གྲུབ་འབྲས་བཅས་སུ་རྩིས་བཤེར་དང་ལྟ་སྐུལ་བྱེད་ཅིང་། དེར་བརྟེན་ནས་ཐོབ་ཤོར་ལ་དབྱེ་ཞིབ་དང་། ལས་གཉེར་དོ་དམ་ལེགས་བཅོས། དཔལ་འབྱོར་ཁེ་ཕན་མཐོ་རུ་གཏོང་བ་བཅས་ཀྱི་དོ་དམ་བྱ་བ་ཞིག་ཡིན། ཁེ་ལས་ཀྱི་ངོ་བོ་ལྟར་ན། ཚོང་ལས་ཁེ་ལས་ཀྱི་རྩིས་གཉེར་དང་བཟོ་ལས་ཁེ་ལས་ཀྱི་རྩིས་གཉེར། ཞིང་ལས་ཁེ་ལས་ཀྱི་རྩིས་གཉེར། ཨར་ལས་ཁེ་ལས་ཀྱི་རྩིས་གཉེར། འགྲིམ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཀྱི་རྩིས་གཉེར་སོགས་སུ་དབྱེ་ཡོད་པ་དང་། རྩིས་གཉེར་གྱི་ནང་དོན་དང་གཙོ་གནད་ལྟར་ན། ནོར་དོན་རྩིས་གཉེར་དང་དོ་དམ་རྩིས་གཉེར་གཉིས་སུ་དབྱེ་ཡོད།

རིགས་དབྱེ།  

ཁྱིམ་ཚང་དཔལ་འབྱོར་རིག་པ།

ཁྱིམ་ཚང་དཔལ་འབྱོར་རིག་པ་ནི་དེང་རབས་དཔལ་འབྱོར་རིག་པའི་ཞིབ་འཇུག་དེ་ཞིབ་ཕྲའི་གནས་སུ་གཞུག་ཅིང་། ཁྱིམ་ཚང་དེ་ཞིབ་འཇུག་བྱ་ཡུལ་དུ་བཟུང་བའི་དཔལ་འབྱོར་རིག་པའི་ཡན་ལག་ཅིག་ཡིན། ཁྱིམ་ཚང་དཔལ་འབྱོར་རིག་པས་གཙོ་བོ་ཁྱིམ་ཚང་གི་འཛད་སྤྱོད་དང་ཐོན་སྐྱེད། རྒྱུ་ནོར་དོ་དམ་སོགས་ཀྱི་དཔལ་འབྱོར་བྱ་བར་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། སྤྱི་ཚོགས་ཀྱི་གནས་ཚུལ་དབྱེ་ཞིབ་བྱ་བ་དང་སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་གཞོགས་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད།

རིགས་དབྱེ།