ཡོངས་འཛིན་རིག་མཛོད། >ཚན་རིག >དཔལ་འབྱོར་རིག་པ། >ཀུང་ཟི།

རང་ས་གནས་ཀྱི་ཁེ་ལས།

རང་ས་གནས་ཀྱི་ཁེ་ལས་ནི་རྒྱལ་ཁབ་གཅིག་གི་མངའ་ཁོངས་ནང་གཙོ་བོ་རྒྱལ་ནང་གི་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་གཙོ་བོ་རྒྱལ་ནང་དུ་ཐོན་སྐྱེད་དང་།ཕྱིར་ཚོང་།ངལ་ནུས་སོགས་དཔལ་འབྱོར་བྱེད་སྒོ་སྤེལ་བའི་ཁེ་གཉེར་རང་བཞིན་གྱི་རྩ་འཛུགས་ལ་ཟེར།

རིགས་དབྱེ།  

དངུལ་རྩའི་ཞབས་ཞུ་ཀུང་སི།

དངུལ་རྩའི་ཞབས་ཞུ་ཀུང་སི་ཞེས་པ་ནི་ལས་སྒོ་སྤེལ་ནས་མཁོ་མཁན་ལ་དངུལ་རྩའི་རིགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་མཁན་ཀུང་སི་ལ་ཟེར། ཀུང་སི་དེ་རིགས་ཀྱིས་དངུལ་ལོར་ཉོ་ཚོང་བྱེད་ཐབས་སྤྱད་དེ་རིན་ཐང་ལྡན་པའི་དངོས་རྫས་བསྲེས་ནས་དངུལ་རྩའི་བྱེད་སྒོའི་ནང་ཞུགས་མཁན་དང་སྐུ་མགྲོན་ལ་ཐུན་མོང་ཐོག་ཕན་པ་ཐོབ་པའི་བྱེད་སྒོ་ཞིག་རེད། འཛམ་གླིང་ཚོང་དོན་ཚོགས་པའི་ཟུར་བཀོད་ཡིག་ཆའི་ནང་དོན་ལྟར་ན། དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་གཤམ་གསལ་གྱི་རིགས་གྲས་ལས་ཁུངས་ཚུད་ཡོད་དེ། འགན་བཅོལ་དང་དེའི་འབྲེལ་ཡོད་ཞབས་ཞུའི་ནང་ད་དུང་དངུལ་ཁང་ཡོད་ཚད་དང་དངུལ་རྩའི་ཞབས་ཞུ་གཞན་དག(འགན་བཅོལ་ཕུད)ཚུད་ཡོད།

རིགས་དབྱེ།  

སློབ་མའི་དངུལ་བུན་ཁྲོམ་རའི་ལྷན་ཚོགས།

མཐོ་རིམ་སློབ་གསོའི་སློབ་ཡོན་སྤྲོད་མི་ཐུབ་པའི་སློབ་མས་དངུལ་བུན་ལས་སླ་མོར་ལེན་ནུས་པའི་ཕྱིར་དུ། སྤྱི་ལོ1972ལོར་ཨ་རི་ནས་སློབ་མའི་དངུལ་བུན་ཁྲོམ་རའི་ལྷན་ཚོགས་བཙུགས།(Student Loan Marketing Associationསྟེ། བསྡུས་མིང་ལSallie Maeཟེར) དེའང་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པའི་ལས་ཁུངས་ཡིན་ཞིང་། དེའི་བྱེད་ནུས་གཙོ་བོ་ནི་སྒེར་གྱི་ལས་ཁུངས་ཀྱིས་སློབ་མར་དངུལ་བུན་བཏང་བ་ཉོས་ནས། མ་དངུལ་མང་པོ་ཞིག་སློབ་མའི་དངུལ་བུན་ཁྲོམ་རར་འགུགས་པར་བྱེད་པ་དེའོ༎

རིགས་དབྱེ།  

ཨ་རིའི་སྒེར་གྱི་ཕྱི་ཕྱོགས་མ་འཇོག་ཀུང་སི།

སྤྱི་ལོ1971ལོར་ཨ་མེ་རི་ཁར་སྒེར་གྱི་ཕྱི་ཕྱོགས་མ་འཇོག་ཀུང་སི་ཚུགས། ཀུང་སི་འདི་ནི་ཨ་རིའི་སྲིད་གཞུང་གི་རྒྱལ་སྤྱིའི་སྒོ་འབྱེད་ལས་ཁུངས་ཀྱི་ཆ་ཤས་བཅོས་སྒྲིག་གིས་གྲུབ་ཅིང་། དེའི་བྱེད་སྒོ་གཙོ་བོ་ནི་མི་སྒེར་གྱི་ཕྱི་ཕྱོགས་མ་འཇོག་ལས་གཞིའི་རྣམ་གྲངས་ལ་ཐེབས་པའི་ཆབ་སྲིད་ཉེན་ཁ་འགོག་པ་དེ་ཡིན།

རིགས་དབྱེ།  

རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཁེ་ལས།

རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཁེ་ལས་ཞེས་པ་ནི་ཁེ་ལས་ཀྱི་མ་རྩ་ཡོངས་རྫོགས་ནང་རྒྱལ་ཁབ་ཀྱི་མ་རྩའི་རྐང་དངུལ་གྱིས་བསྡུར་ཚད་ཅུང་མཐོ་བ་ཟིན་པར་མ་ཟད། རྒྱལ་ཁབ་ཀྱིས་དངོས་སུ་ཚོད་འཛིན་བྱེད་པའི་ཁེ་ལས་ལ་ཟེར། མ་རྐང་ཚོད་འཛིན་བལྟོས་མེད་བྱེད་པའི་ཁེ་ལས་དང་མ་རྐང་ཚོད་འཛིན་བལྟོས་བཅས་བྱེད་པའི་ཁེ་ལས་ཚུད་ཡོད།

རིགས་དབྱེ།  

ཀུང་སིའི་དཔྱ་ཁྲལ་ལམ་ལུགས།

ཀུང་སིའི་དཔྱ་ཁྲལ་ལམ་ལུགས་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཐོབ་ཁྲལ་ལམ་ལུགས་ཀྱི་རིགས་ཤིག་ཡིན། དཔྱ་ཁྲལ་བསྡུ་ཡུལ་ནི་ཀུང་སིའི(ཁྲིམས་མི)ཐོབ་ཆ་ཡིན། དེའི་ནང་གཉེར་སྐྱོང་གི་ཐོབ་ཆ་དང་། སྐྱེད་ཀའི་ཐོབ་ཆ། ཁྱབ་དཔང་སྤྱད་པ་ལས་བྱུང་བའི་ཐོབ་ཆ། མ་རྩའི་ཁེ་སྤོགས་ཀྱི་ཐོབ་ཆ། ངལ་ལས་ཀྱི་ཐོབ་ཆ། ཐོབ་ཆ་གཞན་དག་སོགས་ཚུད་ཡོད།

རིགས་དབྱེ།  

སྤྱིའི་ཐོབ་ཆ།

སྤྱིའི་ཐོབ་ཆ་ནི་མི་སྒེར་དང་། ཁྲིམས་མི། སྤྱི་ཚོགས་ཀྱི་ཚོགས་པ་གཞན་དག་བཅས་ཀྱིས་དུས་ཡུན་ངེས་ཅན་ཞིག་གི་ནང་ངལ་རྩོལ་དང་། གཉེར་སྐྱོང་། མ་དངུལ་འཇོག་པ་བཅས་སམ་ཡང་ན་རྒྱུ་ནོར་དང་ཁེ་དབང་མི་གཞན་ལ་སྤྲད་ནས་བེད་སྤྱོད་བྱེད་དུ་བཅུག་ནས་ཐོབ་པའི་ཡོངས་འབབ་དང་ངལ་རྩོལ་གྱི་ཐོབ་ཆ་ཡིན་ཞིང་། དེ་ནི་ལེན་མཁན་གྱིས་བཀོལ་སྤྱོད་བྱེད་པའི་སྤྱིའི་ཐོབ་ཆ་ཡིན། ཐོབ་ཆ་གཙང་མ་དེ་གཞི་ནས་ཐོབ་ཁྲལ་གྱི་ཁྲལ་འཇལ་བྱ་ཡུལ་དུ་བརྩིས་ཆོག

རིགས་དབྱེ།  

འཚོང་སྒྲུབ་དངུལ་རྩའི་ཀུང་སི།

འཚོང་སྒྲུབ་དངུལ་རྩའི་ཀུང་སི་ནི་སིལ་འཚོང་ཚོང་པ་ཆེ་གྲས་དང་བཟོ་སྐྲུན་ཚོང་བ་ཁག་ཅིག་གིས་བཙུགས་པ་རེད། དེ་ནི་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་ཐབས་ཤེས་ལ་བརྟེན་ནས་ཁེ་ལས་ཐོན་རྫས་འཚོང་བར་སྐུལ་བའི་ཀུང་སི་ཡིན།

རིགས་དབྱེ།  

འཛད་སྤྱོད་པའི་དངུལ་རྩའི་ཀུང་སི།

འཛད་སྤྱོད་པའི་དངུལ་རྩའི་ཀུང་སིས་ཆེད་དམིགས་ཀྱིས་འཛད་སྤྱོད་པར་དངུལ་བུན་ཉུང་ཉུང་གཏོང་བར་བྱེད། དངུལ་བུན་གྱི་གཞི་རྒྱ་ཆུང་ན། དེའི་སྐྱེད་ཚད་སྤྱིར་བཏང་དུ་ཅུང་མཐོ། དེའི་བྱེད་ནུས་གཙོ་བོ་ནི་ཐབས་ལམ་གཞན་པ་ནས་དངུལ་བུན་ཐོབ་དཀའ་བའི་འཛད་སྤྱོད་པར་མ་དངུལ་མཁོ་འདོན་བྱས་ནས། དེ་ཚོ་བུ་ལོན་སྐྱེད་ལྕིའི་དཀའ་ཁག་ལས་སྐྱོབ་ཕྱིར་རོ༎ འཛད་སྤྱོད་པའི་དངུལ་རྩའི་ཀུང་སི་ནི་ཀུང་སི་སྒེར་ཚུགས་ཡིན་ཆོག་པ་དང་། ཡང་ན་དངུལ་ཁང་གི་ཟུར་གཏོགས་ལས་ཁུངས་ཡིན་ཆོག་གོ།

རིགས་དབྱེ།  

ཚོང་ལས་དངུལ་རྩའི་ཀུང་སི།

ཚོང་ལས་དངུལ་རྩའི་ཀུང་སིས་གཙོ་བོ་ཁེ་ལས་ལ་མ་དངུལ་ཆད་ཀ་དང་། དངོས་རྫས། སྒྲིག་ཆས་བཅས་གཏའ་མར་འཇོག་པའི་དངུལ་བུན་གཏོང་བ་ཡིན། ཡིན་ཡང་། ཆད་དངུལ་ཚབ་སྤྲོད་དངུལ་ཁང་ཞེས་གྲགས་པའི་ཚོང་ལས་དངུལ་རྩའི་ཀུང་སི་ནི་དེ་འདྲ་ཡེ་ནས་མ་ཡིན། དེ་ཚོས་ཁེ་ལས་ལ་ཆེད་དུ་ཆད་དངུལ་ཚབ་སྤྲོད་མ་དངུལ་མཁོ་འདོན་བྱེད་པ་རེད།

རིགས་དབྱེ།