ཡོངས་འཛིན་རིག་མཛོད། >ཚན་རིག >རྩིས་དངོས་རྫས། >གཞན་དག

ཀླད་ཀོར།

གྲངས་གནས་ཀྱི་མགོ་རྩོམ་སའི་ཀླད་ཀོར་ཏེ་རྟགས0འདིའི་མིང་།

རིགས་དབྱེ།  

དབྱིབས་རྩིས་རིག་པ།

དབྱིབས་རྩིས་རིག་པ་ནི་བར་སྟོང་ཁྱབ་ཁོངས་འབྲེལ་བར་ཞིབ་འཇུག་བྱེད་པའི་གྲངས་རིག་གི་ཡན་ལག་ཡིན། དེ་ནི་ཨ་རབ་ཡི་གེ་ནས་བྱུང་བ་དང་། དང་ཐོག་དེའི་གོ་དོན་ནི་ས་ཚད་ལེན་བྱེད་པའི་ལག་རྩལ་ཞིག་ཡིན།

རིགས་དབྱེ།  

མཱ་ཡའི་ཨང་ཀི

ཨ་མེ་རི་ཁ་གླིང་དཀྱིལ་མར་འཚོ་བའི་གནའ་བོའི་མཱ་ཡའི་མི་རྣམས་ཀྱིས་ཀྱང་འོད་སྟོང་འཕྲོ་བའི་མཱ་ཡའི་རིག་གནས་གསར་གཏོད་བྱས་མྱོང་། མཱ་ཡའི་མིའི་རྩིས་རྒྱག་པའི་གྲངས་གནས་གོང་འགྲིལ་ལུགས་ལ་ཁྱད་ཆོས་ཆེན་པོ་ཡོད་དེ། ཁོ་ཚོས་གོར་ཐིག་ཆུང་ཆུང་ཞིག་བཀོད་ནས་གྲངས་ཀ1དང་། འཕྲེད་ཐིག་ཅིག་བཀོལ་ནས5མཚོན། ནང་སྒོས་སུ་གྲངས་ཀ་0ཡི་མཚོན་རྟགས་ཆེད་དུ་གསར་གཏོད་བྱས་ཡོད།

རིགས་དབྱེ།  

དངོས་མེད་གྲངས།

ང་ཚོས་གྲངས་ཀ་ཞིག་གསར་གཏོད་བྱས་ཆོག་པ་མ་ཟད། ད་དུང་དེ་ལ་ཆེད་སྤྱོད་ཀྱི་མཚོན་རྟགས་ཞིག་སྤྲད་ཆོག་སྟེ། དཔེར་ན#1ལ། #1འདི་རང་སྒྱུར་བྱས་ཚེ-1ཐོབ་ཐུབ་ཞེས་པའི་མཚན་ཉིད་བཞག་ན། (#1)×(#1)=(-1)ཐོབ། གྲངས་རིག་པ་ཚང་མས་གྲངས་འདིའི་རིགས་ལ“དངོས་མེད་གྲངས”ཞེས་བརྗོད་ཡོད།

རིགས་དབྱེ།  

ཚོད་རྩིས།

རྩིས་རིག་ཐོག་ཡོང་སྲིད་པ་གཅིག་དང་ཡོང་སྲིད་པ་ཡོད་ཚད་ཕན་ཚུན་བསྡུར་བ་བྱས་ནས་ཐོབ་པའི་བསྡུར་ཚད་ལ་ཚོད་རྩིས་ཞེས་བརྗོད།

རིགས་དབྱེ།  

ཨ་རབ་ཀྱི་ཨང་ཀི།

ང་ཚོས་དུས་རྒྱུན་བེད་སྤྱོད་བྱེད་ཀྱིན་པའི་ཨང་ཀི0 1 2 3 4 5 6འདི་དག་གི་མིང་ལ་ཨ་རབ་ཨང་ཀི་ཞེས་འབོད། འདིར་དེའི་སྐོར་གྱི་ངོ་སྤྲོད་ཉུང་ཙམ་བྱ།

རིགས་དབྱེ།  

兀ཡི་རྩིས་རྒྱག་སྟངས།

སྒོར་དབྱིབས་ཀྱི་མཐའ་འཁོར་རིང་ཚད་དང་སྒོར་དབྱིབས་ཚངས་ཐིག་ཕྱེད་ཀ་མའི་བསྡུར་ཚད་ལ་སྒོར་མཐའི་རིང་ཚད་ཞེས་བརྗོད། སྒོར་མཐའི་རིང་ཚད་ནི་རྒྱུན་གྲངས་ཤིག་ཡིན་ཏེ། དེ་ནི兀ཡིས་མཚོན་པར་བྱེད། མིའི་རིགས་ཀྱིས་སྤྱི་ལོའི་དུས་རབས་གཉིས་པའི་སྔོན་ནས་སྒོར་མཐའི་རིང་ཚད་རྩིས་རྒྱག་འགོ་ཚུགས་ཡོད། འདིར་དེའི་བྱུང་བ་མདོ་ཙམ་བརྗོད་ཡོད།

རིགས་དབྱེ།  

ཐིག་ཤིང་།

ཐིག་ཤིང་སྟེང་གི་ཚད་ཐིག་རེ་རེས་རིང་ཐུང་ཐ་དད་པ་རེ་མཚོན་པར་བྱེད་དེ། དེ་དག་ནི་རེ་རེ་བཞིན་ཧོ་སྨིད་དང་ལི་སྨིད། ཧྥུན་སྨིད་དང་སྨིད་སོགས་ཡིན། འོ་ན་རིང་ཚད་དེ་ཚོའི་འཇལ་ཚད་ཇི་ལྟར་བྱུང་བ་ཡིན་ནམ། འདིར་དེའི་སྐོར་གྱི་ཤེས་བྱ་ཕྲན་བུ་ངོ་སྤྲོད་བྱ།

རིགས་དབྱེ།  

བརྒྱ་ཆའི་བསྡུར་ཚད།

གྲངས་ཀ་གཅིག་ནི་གྲངས་ཀ་གཞན་ཞིག་གི་བརྒྱ་ཆའི་གྲངས་ག་གེ་མོ་ཞིག་ཡིན་པར་སྟོན་པ་ལ་བརྒྱ་ཆའི་བསྡུར་ཚད་ཅེས་བརྗོད། བརྒྱ་ཆའི་གྲངས་ལ་ཡང་བརྒྱ་ཆའི་ཟིན་ཚད་དམ་ཡང་ན་བརྒྱ་ཆའི་བསྡུར་ཚད་ཅེས་འབོད།

རིགས་དབྱེ།  

གནའ་བོའི་ནམ་ཟླའི་ལོ་ཐོ།

གངས་ཅན་བསིལ་མོའི་ལྗོངས་ཀྱི་ཆེས་གནའ་བོའི་ལུགས་རྙིང་འདུལ་རྒྱུད་དང་ཀླུ་འབུམ་དང་སྨན་འབུམ་བཅས་ཀྱི་ལོ་ཟླ་དང་དུས་གཟེར་རྩི་སྟངས་དང་འདུལ་བ་རྒྱུད་དྲུག་ལས་བྱུང་བའི་ལོ་ཟླ་ཉི་མ་དུས་བཟུང་ལེའུ་དང་འབྲེལ་བའི་རྩིས་གཞི་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

ནམ་ཟླའི་དུས་བཞི་ཁམས་ལྔ།

གསོ་རིག་སྨན་དཀར་ནག་ཁྲ་གསུམ་གྱི་གསོ་བྱའི་སྨན་འབུམ་དཀར་པོའི་ལེའུ་གཉིས་པ་ལས་ནམ་ཟླ་དུས་བཞི་ཁམས་ལྔའི་སྐོར་བརྗོད་ཡོད།

རིགས་དབྱེ།  

ཟླ་བ་བཅུ་གཉིས།

གངས་ཅན་བསིལ་མོའི་ལྗོངས་ཀྱི་ཆེས་གནའ་བོའི་ལུགས་རྙིང་འདུལ་རྒྱུད་དང་ཀླུ་འབུམ། སྨན་འབུམ་བཅས་ཀྱི་ལོ་ཟླ་དང་དུས་གཟེར་རྩི་སྟངས་ལས། གསུམ་པ་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་གཙང་མ་ཀླུ་འབུམ་དཀར་པོའི་ལེའུ་གསུམ་པ་ལས་ནམ་ཟླའི་དུས་ཚོད་བཟུང་བའི་སྐོར་ལས་འཕྲོས་ཏེ་རྩིས་གཞུང་གི་ཟླ་བ་བཅུ་གཉིས་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

རྒྱུ་སྐར་ཉེར་བདུན་ནམ་ཉེར་བརྒྱད།

གངས་ཅན་བསིལ་མོའི་ལྗོངས་ཀྱི་ཆེས་གནའ་བོའི་ལུགས་རྙིང་འདུལ་རྒྱུད་དང་ཀླུ་འབུམ་དང་། སྨན་འབུམ་བཅས་ཀྱི་ལོ་ཟླ་དང་དུས་གཟེར་རྩི་སྟངས་ལས་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་གཙང་མ་ཀླུ་འབུམ་དཀར་པོའི་ལེའུ་གསུམ་པ་ལས་ནམ་ཟླའི་དུས་ཚོད་བཟུང་བའི་རྒྱུ་སྐར་ཉེར་བདུན་ནམ་ཉེར་བརྒྱད་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

གཏེར་ཚུལ་དངོས་པོ།

གཟན་ཆས་འབར་འཛད་ལས་མེ་དྲོད་དུ་བསྒྱུར་བའི་ལྷག་འཕྲོ་དེ་ནི་གཏེར་ཚུལ་དངོས་པོ་ཞེས་ངོས་འཛིན་ལ། ཐལ་འགྱུར་ཆ་ཤས་ཀྱང་ཟེར་རོ།། ལུག་གི་ལུས་ན་གཏེར་ཚུལ་དངོས་པོའི་རྫས་སྣ་ཚོགས་ཡོད་དེ། ད་ལྟ་དཔྱད་གྲུབ་བྱུང་བ་ལ་སྣ་ཀ15ལོངས་ཚོད་ཡོད་པ་དག་ནི་ངེས་པར་དགོས་པའི་རྫས་ཡིན་ལ། དེ་དག་ལས་རྒྱུན་འཇགས་ཚུལ་དུ་ནཱ་དང་ཁིལ། ཀལ། ལིན། རྨེ། ཅཱ། མུ་ཟི་སོགས་སྣ་ཀ7ཡོད་པ་དང་། ཚོད་ཉུང་རྫས་ལ་ཏེན་དང་ལྕགས། ཟངས། ཁོབ། མཱན། ཏི་ཚ། མོལ། སེ་སོགས་སྣ་ཀ8ཡོད་དོ།།

རིགས་དབྱེ།  

འཚོ་སྐྱེད་རྫས།

འཚོ་སྐྱེད་རྫས་ཟེར་བ་འདི་ནུས་ཚོད་ཀྱི་འབྱུང་ཁུངས་མིན་ལ། ལུས་ཀྱི་གྲུབ་ཆ་ཡང་མིན་ཏེ། རྩབས་ལ་རམ་འདེགས་དང་འགྱུར་སྐུལ་རྫས་ཀྱི་ཚུལ་དུ་ཁྱབ་ཆེ་བར་ལུས་ཁམས་ནས་འབྱུང་བའི་གསར་རྙིང་བརྗེ་ཚབ་ཀྱི་རྫས་རིགས་འགྱུར་འབྱུང་ལ་ཞུགས་པ་ཡིན་ཞིང་། ལུག་ལུས་ཀྱི་ཚུལ་མཐུན་སྐྱེ་ལྡན་ཕུང་པོའི་རྒྱུན་འཁྱོངས་པར་ངེས་པར་དགོས་པའི་གྲུང་སྐྱེད་ནུས་པ་ཤིན་ཏུ་མཐོ་བའི་སྐྱེ་ལྡན་གྱུར་འདྲེས་དངོས་པོ་ཡིན་ལ། སྲོག་རྒྱུན་འཁྱོངས་པའི་གཞི་རྩའི་རྫས་རིགས་གལ་ཆེན་ནོ།། ལུག་ལ་ངེས་པར་དགོས་པའི་འཚོ་སྐྱེད་རྫས་ནི་ཚིལ་བཞུ་ཚུལ་གྱི་འཚོ་སྐྱེད་རྫས་དང་ཆུར་བཞུ་ཚུལ་གྱི་འཚོ་སྐྱེད་རྫས་ཞེས་ནས་བཀར་ཡོད་ཅིང་། Bཚན་འཚོ་སྐྱེད་རྫས་ལB1.B2.B3.B6.B5.B4.B12བཅས་ཡོད་དོ།།

རིགས་དབྱེ།  

རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས།

རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས་འདི་ནི་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་ཡིག་སློབ་གཞི་རྩོམ་སྒྱུར་སྡེ་ཁག་དང་། འབྲེལ་ཡོད་ཀྱི་སློབ་གྲྭ་ཆེ་འབྲིང་། བོད་ཀྱི་སྐད་ཡིག་སློབ་ཁྲིད། ཚན་རིག་ཞིབ་འཇུག། ཡིག་སྒྱུར་སོགས་ཀྱི་ལས་ཁུངས་མང་པོའི་ཆེད་མཁས་བརྒྱ་ཕྲག་ལྷག་གིས་ཐུགས་གཟབ་ནན་སྒོས་ཚན་རིག་དང་མཐུན་པའི་སྤྱོད་སྟངས་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པ་ལས་གྲུབ་པའི་དཔེ་ཚོགས་ཤིག་ཡིན།

རིགས་དབྱེ།  

རྒྱ་མཚོའི་ཚན་རིག

རྒྱ་མཚོའི་ཚན་རིག་ནི་རྒྱ་མཚོའི་རང་བྱུང་སྣང་ཚུལ་དང་ངོ་བོ། དེའི་འགྱུར་ལྡོག་ཆོས་ཉིད་བཅས་ལ་ཞིབ་འཇུག་བྱེད་པའི་ཤེས་བྱའི་མ་ལག་ཅིག་ཡིན།

རིགས་དབྱེ།  

རླུང་ཁམས་ཆེན་མོའི་ཚན་རིག

རླུང་ཁམས་ཆེན་མོའི་ཚན་རིག་ནི་རླུང་ཁམས་ཆེན་མོའི་སྣང་ཚུལ་སྣ་ཚོགས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། སྣང་ཚུལ་འདི་དག་གི་རིམ་འགྱུར་ཆོས་ཉིད་དང་། དེ་མིན་ཆོས་ཉིད་འདི་དག་ཇི་ལྟར་བེད་སྤྱོད་བྱས་ནས་མིའི་རིགས་ལ་ཞབས་འདེགས་ཞུ་བའི་རིག་ཚན་ཞིག་ཡིན། རླུང་ཁམས་ཆེན་པོའི་ཚན་རིག་ནི་སའི་གོ་ལའི་ཚན་རིག་གི་གྲུབ་ཆ་ཞིག་ཡིན། རླུང་ཁམས་ཆེན་པོའི་ཚན་རིག་གི་ཡན་ལག་རིག་ཚན་ལ་གཙོ་བོ་རླུང་ཁམས་འཚོལ་ཞིབ་དང་། རླུང་སྒུག་རིག་པ། རང་བྱུང་རླུང་ཁམས་རིག་པ། སྒུལ་ཤུགས་གནམ་གཤིས་རིག་པ། རླུང་ཁམས་ཆེན་མོའི་དངོས་ལུགས་རིག་པ། རླུང་ཁམས་ཆེན་མོའི་རྫས་འགྱུར་རིག་པ། མིས་བཟོས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པ། གནམ་གཤིས་རིག་པ་བཀོལ་སྤྱོད་སོགས་ཡོད།

རིགས་དབྱེ།  

གློག་འཕྲུལ་དང་གློག་ཆས།

གློག་འཕྲུལ་དང་གློག་ཆས་ནི་གློག་ཤུགས་ལས་གྲྭའི་འོག་གི་རིམ་པ་གཉིས་པའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་རིག་ཚན་ཞིག་ཡིན། རིག་ཚན་འདིས་གཙོ་བོ་གློག་འཕྲུལ་གློག་ཆས་དང་དེའི་ཚོད་འཛིན་མ་ལག་གི་འཁོར་སྐྱོད་གཞུང་ལུགས་དང་། གློག་ཁབ་ལེན་གནད་དོན། ཇུས་འགོད་དང་ཚོད་འཛིན་གཞུང་ལུགས་བཅས་ལ་ཞིབ་འཇུག་བྱེད་བཞིན་ཡོད། དེ་ནི་གློག་འཕྲུལ་གློག་ཆས་ཀྱི་གཞི་རྩའི་གཞུང་ལུགས་དང་། གློག་འཕྲུལ་དང་དེའི་ཚོད་འཛིན་མ་ལག གློག་འཕྲུལ་གྱི་རམ་འདེགས་ཇུས་འགོད་དང་ལེགས་སྒྱུར་ལག་རྩལ། གློག་འཕྲུལ་ཁབ་ལེན་ར་བའི་རྩིས་རིག་དཔེ་དབྱིབས་དང་གྲངས་ཐང་དབྱེ་ཞིབ། གློག་འཕྲུལ་ཚོད་འཛིན་གཞུང་ལུགས་དང་བྱ་ཐབས། དམིགས་བསལ་གློག་འཕྲུལ་ཇུས་འགོད་ཞིབ་འཇུག་ཁྱབ་ཁོངས་སོགས་འདུ།

རིགས་དབྱེ།  

གློག་ཤུགས་མ་ལག་དང་དེའི་རང་འགུལ་ཅན།

གློག་ཤུགས་ལས་གྲྭའི་རིམ་པ་གཉིས་པའི་རིག་ཚན་ནི་གློག་ཤུགས་མ་ལག་དང་དེའི་རང་འགུལ་ཅན་གྱིས་དེང་རབས་ཅན་གྱི་གློག་འདོན་བཟོ་གྲྭ་ཆེ་འབྲིང་དང་གློག་ཤུགས་མ་ལག་གི་དགོས་མཁོ་དང་འཚམ་པའི་མཐོ་རིམ་ཆེད་ལས་ལག་རྩལ་འཇོན་མི་གསོ་སྐྱོང་བྱེད་པའི་རིག་ཚན་ཞིག་ཡིན། གཙོ་བོ་གློག་ལམ་གཞུང་ལུགས་དང་། གློག་སྒུལ་རིག་པ། རང་འགུལ་ཚོད་འཛིན་གཞུང་ལུགས། བཟོ་སྐྲུན་གློག་སྡུད་ར་བ། གློག་རྡུལ་རིག་པ། བརྡ་རྟགས་དབྱེ་ཞིབ་དང་ཐག་གཅོད། རྩིས་འཁོར་ལག་རྩལ། གློག་འདོན་བཟོ་གྲྭའི་གློག་ཤུགས་ཆ་ཤས། གློག་ཤུགས་མ་ལག་དབྱེ་ཞིབ། གློག་ཤུགས་མ་ལག་གི་གློག་མཐུད་སྲུང་སྐྱོང་། གློག་ཤུགས་མ་ལག་རང་འགུལ་ཅན། གློག་ཤུགས་གློག་རྡུལ་ལག་རྩལ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད།

རིགས་དབྱེ།  

རྫས་འགྱུར་བཟོ་ལས་ཀྱི་འཕྲུལ་ཆས།

རྫས་འགྱུར་བཟོ་ལས་ཀྱི་བརྒྱུད་རིམ་འཕྲུལ་ཆས་རིག་ཚན་ལ། གཙོ་བོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་དང་། རྡོ་སྣུམ་བཙོ་སྦྱང་དང་རང་བྱུང་སོལ་རླངས་ལས་སྣོན། ཡང་བའི་བཟོ་ལས། ཉིང་རྡུལ་གློག་དང་མེ་གློག ལྕགས་བཞུ། ཁོར་ཡུག་ལས་གྲྭ། བཟའ་བཅའ་དང་སྨན་བཟོ་སོགས་རྒྱུག་རྒྱུན་རང་བཞིན་གྱི་བཟོ་ལས་ཁྲོད་ཀྱི་རླངས་དང་། གཤེར་གཟུགས། ཕྱེ་མ་བཅས་ཐག་གཅོད་བྱེད་པའི་སྒྲིག་ཆས་དང་འཕྲུལ་ཆས་ལ་ཞིབ་འཇུག་བྱེད་པ། རིག་ཚན་འདི་ནི་ཆེད་ལས་ཀྱི་ཁྱབ་རྒྱ་ཆེ་བ་ཞིག་ཡིན་ཞིང་། རྒྱལ་དམངས་དཔལ་འབྱོར་གྱི་ལས་རིགས་མང་པོར་ཞབས་འདེགས་ཞུ་བའི་རིག་ཚན་སྣ་ཚོགས་ཀྱི་སྣོལ་འདྲེས་རྣམ་པའི་རིག་ཚན་ཞིག་ཡིན། སྲ་གཟུགས་ཤུགས་རིག་དང་། རྒྱུག་གཟུགས་ཤུགས་རིག་པ། ཚ་ཤུགས་རིག་པ། ཚ་བརྒྱུད་རིག་པ། སྤུས་བརྒྱུད་རིག་པ། རྫས་འགྱུར་བཟོ་ལས་བརྒྱུད་རིམ་གྱི་རྩ་བའི་རིགས་པ་སོགས་རིག་ཚན་གྱི་རྨང་གཞི་ལས་རིག་ཚན་འདིའི་གཞུང་ལུགས་ཀྱི་རྨང་གཞི་གལ་ཆེན་གྲུབ་ཡོད།

རིགས་དབྱེ།  

རྒྱུག་གཟུགས་འཕྲུལ་ཆས་དང་ལས་གྲྭ།

རྒྱུག་གཟུགས་འཕྲུལ་ཆས་དང་ལས་གྲྭའི་ཆེད་ལས་ཀྱིས་རྒྱུག་གཟུགས་དེ་བཟོ་རྫས་དང་ནུས་ཚད་ཀྱི་གཞི་རྟེན་ཡིན་པའི་འཕྲུལ་ཆས་སྒྲིག་ཆས་ཀྱི་རྒྱུག་གཟུགས་སྒུལ་ཤུགས་རིག་པའི་རྩ་བའི་རིགས་པ་དང་ཇུས་འགོད། དེ་བཞིན་དངོས་བཤེར་དང་གྲངས་ཐང་ལད་ཟློས་བཅས་ལ་ཞིབ་འཇུག་བྱེད་བཞིན་ཡོད།

རིགས་དབྱེ།  

《བཟོ་ལས་རྩིས་གཉེར་རིག་པ》

《བཟོ་ལས་རྩིས་གཉེར་རིག་པ》ནི་ཀྲུང་གོའི་ནོར་སྲིད་དཔལ་འབྱོར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན།

རིགས་དབྱེ།  

《བཟོ་ལས་ལག་རྩལ་དཔལ་འབྱོར་རིག་པ》

《བཟོ་ལས་ལག་རྩལ་དཔལ་འབྱོར་རིག་པ》ནི་སྤྱི་ལོ1996ལོའི་ཟླ9བར་ཆིང་ཧྭ་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་ལ། རྩོམ་པ་པོ་ནི་ཧྥུའུ་ཅཱ་ཅི་དང་ཐུང་ཡུན་ཧོན་གཉིས་ཡིན།

རིགས་དབྱེ།  

《བཟོ་སྐྲུན་ལག་རྩལ་དཔལ་འབྱོར་རིག་པ》

《བཟོ་སྐྲུན་ལག་རྩལ་དཔལ་འབྱོར་རིག་པ》ནི་སྤྱི་ལོ1900ལོར་ཀྲུང་གོའི་བཟོ་སྐྲུན་བཟོ་ལས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་ལ། རྩོམ་པ་པོ་ནི་ལིའུ་ཞའོ་ཅུན་ཡིན།

རིགས་དབྱེ།  

འགྲིམ་འགྲུལ་སྐྱེལ་འདྲེན་རྩིས་གཉེར།

འགྲིམ་འགྲུལ་སྐྱེལ་འདྲེན་རྩིས་གཉེར་ནི་རྩིས་གཉེར་རིག་པའི་རྩ་བའི་རིགས་པ་རྨང་གཞིར་བྱས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ཁྱད་ཆོས་དང་གཉེར་སྐྱོང་དོ་དམ་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་ཁེ་ལས་ལ་སྤྱོད་པའི་ཆེད་ལས་རྩིས་གཉེར་ལ་ཟེར།

རིགས་དབྱེ།  

《ཞིང་ལས་རྩིས་གཉེར་རིག་པ》

《ཞིང་ལས་རྩིས་གཉེར་རིག་པ》ནི་སྤྱི་ལོ2010ལོའི་ཟླ7པར་ཀྲུང་གོ་ཞིང་ལས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་རྩོམ་པ་པོ་ནི་ཝང་ཧྲུའུ་ཀྲེན་ཡིན།

རིགས་དབྱེ།  

《སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པ》

《སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པ》ཞེས་པ་ནི་སྤྱི་ལོ2003ལོར་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་། རྩོམ་པ་པོ་ཅུན་ཀྲི་ཚའེ་ཡིན་ལ། སློབ་དེབ་དེའི་ནང་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པའི་གཞི་རྩའི་རྩ་བའི་རིགས་པ་དང་བྱེད་ཐབས་བརྗོད་ཡོད།

རིགས་དབྱེ།  

《མཁའ་འགྲུལ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》

《མཁའ་འགྲུལ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》ནི་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཡིན་ཞིང་། ISBNནི97-807-110-828-9ཡིན།

རིགས་དབྱེ།  

བརྟག་དཔྱད་བསྡོམས་རྩིས་བྱེད་ཐབས།

བརྟག་དཔྱད་བསྡོམས་རྩིས་བྱེད་ཐབས་ཞེས་པ་ནི་གླེང་མོལ་དང་། འདྲི་ཤོག་། འབྲེལ་ཡོད་དཔྱད་ཡིག་ལྟ་ཀློག་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་དཔྱད་ཡིག་འཚོལ་བསྡུ་དང་བསྡོམས་རྩིས་ཀྱི་བྱེད་ཐབས་སྤྱད་དེ་གཞི་གྲངས་ཐག་གཅོད་བྱས་ཏེ་བྱ་དངོས་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཆོས་ཉིད་ཐོབ་པའི་ཐབས་ཤེས་ལ་ཟེར།

རིགས་དབྱེ།