ཡོངས་འཛིན་རིག་མཛོད། >མི་སྣ། >སྲིད་འཛིན་མི་སྣ། >རྒྱལ་ནང་།

ཞི་ཅིན་ཕིང་།

ཁོང་ནི་སྤྱི་ལོ1953ལོའི་ཟླ6པར་ཧྲའན་ཞི་ཧྥུའུ་ཕིང་དུ་འཁྲུངས་ཤིང་། སྤྱི་ལོ1969ལོའི་ཟླ1པོར་བྱ་བར་ཞུགས་པ་དང་། སྤྱི་ལོ1974ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཆིང་ཧྭ་སློབ་གྲྭ་ཆེན་མོའི་མི་ཚུལ་སྤྱི་ཚོགས་སློབ་གླིང་ནས་མཐར་ཕྱིན། ལས་ཐོག་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། ཁྲིམས་ལུགས་རིག་པའི་འབུམ་རམས་པའི་བསླབ་གནས་བླངས། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

ལི་ཁེ་ཆང་།

པེ་ཅིང་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་དང་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་རིག་པའི་ཆེད་ལས་སྦྱངས། ལས་ཐོག་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ཁྲིམས་རིག་པའི་རབ་འབྱམས་པ་དང་དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད། སྤྱི་ལོ2023ལོའི་ཟླ10བའི་ཚེས26ཉིན། ཁོང་ཉིད་ལ་གློ་བུར་བའི་སྙིད་ནད་བྱུང་སྟེ། ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་ཚེས27ཉིན་གྱི་ནམ་གུང་གི་ཆུ་ཚོད་བཅུ་གཉིས་དང་སྐར་མ་བཅུའི་སྟེང་གྲོང་ཁྱེར་ཧྲང་ཧའེ་རུ་སྐུ་གཤེགས། དགུང་གྲངས68ལ་འཚོ་བཞུགས་གནང་།

རིགས་དབྱེ།  

ཀྲང་ཏི་ཅང་།

ཁོང་ནི་ཁྲའོ་ཞན་ཅིན་རི་ཁྲེང་ཕྱོགས་བསྡུས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་སྡེ་ཁག་ནས་མཐར་ཕྱིན་པ་དང་སློབ་གྲྭ་ཆེན་མོ་བའི་ཐོབ་ཐང་ཡོད། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ཁྲུང་ཆིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

ལིའུ་ཡུན་ཧྲན།

ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གྲྭ་ཆེན་མོ་བའི་ཐོབ་ཐང་ཡོད། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་པུའུ་ཀྲང་བཅས་ཀྱི་འགན་འཁུར་ཡོད།

རིགས་དབྱེ།  

ཝང་ཆི་ཧྲན།

ཁོང་ནི1948ལོའི་ཟླ7པར་འཁྲུངས། ཧྲན་ཞི་ཞིང་ཆེན་ཐེན་ཀྲིན་ས་ཆའི་མི་ཡིན། 1969ལོའི་ཟླ1པོར་བྱ་བར་ཞུགས། སྤྱི་ལོ1983ལོའི་ཟླ2པར་ཏང་ནང་དུ་ཞུགས། ནུབ་བྱང་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སྡེ་ཁག་ནས་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་མོའི་སྤྱིར་བཏང་འཛིན་གྲྭར་སློབ་གཉེར་བྱས་ལ། མཐོ་རིམ་དཔལ་འབྱོར་པ་ཡིན། ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།

རིགས་དབྱེ།  

ཡུས་ཀྲེང་ཧྲེང་།

ཧ་ར་པིན་དམག་དོན་བཟོ་སྐྲུན་སློབ་གླིང་འཕུར་མདའི་བཟོ་སྐྲུན་སྡེ་ཁག་གི་འཕུར་མདའི་འཕུར་ལམ་རང་འགུལ་ཚོད་འཛིན་ཆེད་ལས་ནས་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་མོ་བའི་ཐོབ་ཐང་ཡོད་ཅིང་། བཟོ་སྐྲུན་པ་ཡིན། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་ཡོད།

རིགས་དབྱེ།  

ཀྲང་ཀའོ་ལི།

ཁོང་ནི་ཞ་མིན་སློབ་གྲྭ་ཆེན་མོའི་དཔལ་འབྱོར་སྡེ་ཁག་གི་འཆར་འགོད་སྡོམ་རྩིས་ཆེད་ལས་ནས་མཐར་ཕྱིན་ཞིང་། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཡིན།

རིགས་དབྱེ།  

ཧོང་ཀྲེང་ཧུང་།

ཧོང་ཀྲིན་ཧུང་། ཕོ། བོད་རིགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀྲུང་གུང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་བཞེས་ཀྱིན་ཡོད།

རིགས་དབྱེ།  

ཡིན་པའེ།

ཡིན་པའེ་ནི་འཇང་རིགས་ཀྱི་སྐྱེས་པ་ཞིག་ཡིན་ཞིང་སྤྱི་ལོ1969ལོའི་ཟླ4པར་སྐྱེས། པེ་ཅིང་གི་མི་ཡིན། སྤྱི་ལོ1988ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། སྤྱི་ལོ1991ལོའི་ཟླ7པར་ལས་ཀར་ཞུགས། ཡུན་ནན་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གི་མི་རིགས་ཆབ་སྲིད་དང་སྤྱི་པའི་སྲིད་འཛིན་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ཁྲིམས་རིག་པའི་འབུམ་རམས་པ་ཡིན། ད་ལྟ་ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ཨུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

རིགས་དབྱེ།  

ཧུའུ་ཁྲང་ཧྲེང་།

ཁོང་ནི་སྤྱི་ལོ1986ལོའི་ཟླ7པར་བྱ་བར་ཞུགས་ཤིང་། འབུམ་རམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་འཁུར་བཞིན་ཡོད།

རིགས་དབྱེ།  

ལི་ཙའོ་མིང་།

ཁོང་ནི་སྤྱི་ལོ1957ལོའི་ཟླ9བར་ཧྲན་ཏུང་ལུང་ཁོའུ་ནས་སྐྱེས་ཤིང་། སྤྱི་ལོ1980ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1975ལོའི་ཟླ10པར་བྱ་བར་ཞུགས། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་ཁྲིམས་ལུགས་ཆེད་ལས་སུ་སློབ་མཐར་ཕྱིན་ཅིང་། སློབ་ཆེན་རིམ་པའི་སློབ་གཉེར་བརྒྱུད་རིམ་དང་ཁྲིམས་རིག་ཤེས་རམས་པ་ཡིན། ད་ལྟ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཀྱིན་ཡོད།

རིགས་དབྱེ།  

དབྱང་ཁུ་ཉིང་།

སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་གི་བཟོ་ཚོང་དོ་དམ་ཆེད་ལས་སྦྱངས་ནས་མཐར་ཕྱིན། ལས་ཐོག་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། རྔ་བ་ཁུལ་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

རིགས་དབྱེ།  

ཡུས་ཁྲེང་ཧུའེ།

ཁོ་ནི་སྤྱི་ལོ1962ལོའི་ཟླ10བར་ཀན་སུའུ་ཞིང་ཆེན་ཡུང་ཏེང་ས་ཆར་སྐྱེས་ཤིང་། སྤྱི་ལོ1979ལོའི་ཟླ9བར་བྱ་བར་ཞུགས། སྤྱི་ལོ1994ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ད་ལྟ་ཀན་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་སོགས་ཀྱི་འགན་བཞེས་བཞིན་ཡོད།

རིགས་དབྱེ།  

ཀྲའོ་ལིན་ཡུན།

ཁོང་ནི་ཀན་སུའུ་ཞིང་ཆེན་བ་ཙེ་ས་ཆར་སྐྱེས། ཀྲུང་གུང་ཏང་ཡོན། ཀན་སུའུ་ཞིང་ཆེན་ཏང་གི་སློབ་གྲྭའི་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།

རིགས་དབྱེ།  

ཝུའུ་ཡུས་ཀྲང་།

ཁོང་ནི་ཧྲན་ཏུང་བེ་ཧྥང་ས་ཆར་སྐྱེས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས་ཀྱིན་ཡོད།

རིགས་དབྱེ།  

ཉི་མ་སྒྲོལ་མ།

ཉི་མ་སྒྲོལ་མ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་སྐྱེས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་། ད་ལྟ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས་ཡོད།

རིགས་དབྱེ།  

ཞིན་གོ་པིན།

ཁོང་ནི་ཀྲུང་དབྱང་ཏང་གི་སློབ་ཆེན་གྱི་ཞིབ་འཇུག་སློབ་མ། བཟོ་ཚོང་དོ་དམ་རིག་གཞུང་གི་རབ་འབྱམས་པ། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་ཏང་རྩ་འཛུགས་སྡེ་ཁག་གི་ཁག་མི། ཀྲུང་གུང་མཚོ་ནུབ་ཁུལ་ཨུ་ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་ཚྭ་འདམ་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ས་ཁུལ་ཏང་གི་བཟོ་ལས་ཨུ་ཡོན་ཧྲུའུ་ཅི་བཅས་ཡིན།

རིགས་དབྱེ།  

ནོར་བུ་ཞིན།

ཁོང་ནི་མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་དུ་སྐྱེས། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ཏང་ཙུའུ་ཧྲུའུ་ཅི་དང་། ཐིང་ཀྲང་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

ཁྲིན་ལི་ཧྭ།

ཁྲིན་ལི་ཧྭ་ནི་ལིའོ་ཉིང་ནོར་སྲིད་དཔལ་འབྱོར་སློབ་གླིང་རྩིས་གཉེར་སྡེ་ཁག་བཟོ་ལས་རྩིས་གཉེར་ཆེད་ལས་ནས་སློབ་མཐར་ཕྱིན། སློབ་ཆེན་དཔལ་འབྱོར་རིག་པའི་ཤེས་རམས་པ་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མ་ཡིན། ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་གྲབས་ཨུ་ཡོན་དང་། ཨན་ཧུའེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི(ཨན་ཧུའེ་སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

ཧའོ་ཕེང་།

ཁོང་ནི་སྤྱི་ལོ1960ལོའི་ཟླ7པར་སྐྱེས་ཤིང་། ཧྲན་ཞི་ཧྥེང་ཞང་གི་མི་ཡིན་ལ། སྤྱི་ལོ1976ལོའི་ཟླ1པོར་བྱ་བར་ཞུགས་པ་དང་། ཀྲུང་གུང་ཏང་ཡོན་ཡིན་ལ། ནུབ་བྱང་བཟོ་ལས་སློབ་ཆེན་གྱི་རང་འགུལ་ཚོད་འཛིན་ཚན་ཁག་གི་མཁའ་འགྲུལ་མ་ལག་གི་བཟོ་སྐྲུན་ཆེད་ལས་ནས་་མཐར་ཕྱིན་པ་དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ་དང་། མཐོ་རིམ་དཔལ་འབྱོར་པ་བཅས་ཡིན་ལ། ད་ལྟ་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། ལིའོ་ཉིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་བཞིན་ཡོད།

རིགས་དབྱེ།  

ལིའུ་ཀྲི་ཆང་།

ཁོང་ནི་ཧྲན་ཏུང་ཅོན་ཁྲེང་གི་མི་ཡིན། ཞིབ་འཇུག་སློབ་མའི་བསླབ་གནས་ལྡན། ད་ལྟ་ཁྲིམས་འཛིན་པུའུ་པུའུ་ཀྲང་དང་། ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

ལུའོ་ཧུའེ་ཉིང་།

ཁོང་ནི་སྤྱི་ལོ1954ལོའི་ཟླ10པར་སྐྱེས་པ་དང་། ཨན་ཧུའེ་དབྱི་ཝུའུ་ཡི་ཡིན། 1970ལོའི་ཟླ9པར་བྱ་བར་ཞུགས། ལས་ཐོག་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པ་ཡིན། ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། ཧྲན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲན་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཀྱིན་ཡོད་པ་རེད།

རིགས་དབྱེ།  

མཱ་ཧྲུན་ཆིང་།

ཁོང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་མི་ཡིན། མཚོ་སྔོན་མི་རིགས་སློབ་གླིང་གི་རྒྱ་ཡིག་སྡེ་ཁག་ཏུ་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ལ་སློབ་སྦྱོང་མཛད་པ་དང་། སློབ་གྲྭ་ཆེན་མོའི་རྩོམ་རིག་ཤེས་རམས་པའི་མིང་བཏགས་ཐོབ་ཡོད།ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་པུའུ་ཞིབ་འཇུག་སློབ་མའི་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་ལ་སློབ་སྦྱོང་མཛད་པ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

རིགས་དབྱེ།  

སུའུ་ཉིང་།

སུའུ་ཉིན་ནི་སྤྱི་ལོ1955ལོའི་ཟླ6པར་སྐྱེས། ཀྲུང་དབྱང་ཏང་གི་སློབ་གྲྭའི་རབ་འབྱམས་པའི་སློབ་གནས་ཐོབ། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བཟོ་ལས་དང་འགྲིམ་འགྲུལ་ཏང་ཨུའི་རྩ་འཛུགས་པ་དང་རྩ་འཛུགས་ཁྲུའུ་ཁྲུའུ་ཀྲང་། ཏང་ཨུའི་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ལྕི་པའི་བཟོ་ལས་ཅུའུ་ཏང་ཨུ་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཅུའུ་ཀྲང་གཞོན་པ། མཚོ་ཤར་ས་ཁུལ་ཏང་ཨུའ་ཧྲུའུ་ཅིའི་ལས་རོགས་པ་བཅས་ཀྱི་འགན་བཞེས།

རིགས་དབྱེ།  

ཝང་ཅན་ཅུན།

ཁོང་ནི་སྤྱི་ལོ1958ལོའི་ཟླ6པར་སྐྱེས་ཤིང་། ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྱི་མི་ཡིན། སྤྱི་ལོ1978ལོའི་ཟླ1པོར་བྱ་བར་ཞུགས། སྤྱི་ལོ1984ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ཤིང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་རབ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པའི་འགན་བཞེས་ཡོད།

རིགས་དབྱེ།  

ཝང་ལིང་ཅུན།

ཁོང་ནི་སྤྱི་ལོ1965ལོའི་ཟླ5བར་སྐྱེས། ཅང་ཞི་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་དང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་གླིང་དམངས་ཁྲིམས་ཆེད་ལས། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་ཁྲིམས་རིག་སློབ་གླིང་རྒྱལ་སྤྱིའི་ཁྲིམས་རིག་ཆེད་ལས་བཅས་ནས་སློབ་མཐར་ཕྱིན། ཁྲིམས་རིག་པའི་འབུམ་རམས་པ་དང་རམ་འབྱམས་པའི་སློབ་གནས་ཐོབ། ཁྲིམས་རྩོད་པའི་ཐོབ་ཐང་ལྡན། ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་འདུམ་གཅོད་པའི་འགན་བཞེས། ད་ལྟ་མཚོ་འགག་སྤྱི་ཁྱབ་ཁང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའུ་ཁོངས་མི། མཚོ་འགག་གི་ལྟ་སྐུལ་བ་གཞོན་པ་བཅས་ཡིན།

རིགས་དབྱེ།  

ཝང་ཞའོ་ཆིང་།

ཁོང་ནི་ཧྲའན་ཞི་ལན་ཐེན་གྱི་མི་ཡིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་རབ་འབྱམས་པའི་སློབ་གནས་ཐོབ། འདུ་འགོད་པ་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

ཝང་ཞའོ།

ཝང་ཞའོ་ནི་རྒྱ་རིགས་ཀྱི་སྐྱེས་པ་ཞིག་ཡིན་ཞིང་སྤྱི་ལོ1968ལོའི་ཟླ5པར་སྐྱེས། ཧྲན་ཏུང་ཙའོ་ཀྲོང་གི་མི་ཡིན། སྤྱི་ལོ1991ལོའི་ཟླ7པར་བྱ་བར་ཞུགས། སྤྱི་ལོ1987ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། པེ་ཅིང་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། དོ་དམ་རིག་པའི་རབ་འབྱམས་པ་དང་དཔལ་འབྱོར་རིག་པའི་འབུམ་རམས་པ་བཅས་ཡིན། ད་ལྟ་ཧྲའན་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཡི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་གྱི་མགོ་འཛིན་གཞོན་པའི་འགན་བཞེས་ཡོད།

རིགས་དབྱེ།  

ཝུའུ་ཡུས་ཏི།

ཁོང་ནི་ཧྲི་ཅ་ཀྲོང་མཐོ་རིམ་སྐམ་དམག་བཀོད་འདོམས་སློབ་གྲྭ་ནས་མཐར་ཕྱིན། སློབ་ཆེན་དངོས་གཞིའི་སློབ་གནས་ཐོབ་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན། ཏང་ཨུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

རིགས་དབྱེ།  

ཡན་ཅིན་ཧའེ།

ཁོང་ནི་སྤྱི་ལོ1962ལོའི་ཟླ3པར་སྐྱེས་ཤིང་། མཚོ་སྔོན་མིན་ཧོའི་མི་ཡིན་ལ། སྤྱི་ལོ1982ལོའི་ཟླ7པར་བྱ་བར་ཞུགས། སྤྱི་ལོ1983ལོའི་ཟླ12པར་ཀྲུང་གོ་གུང་ཁྲང་ཏང་ལ་ཞུགས། མཚོ་སྔོན་མི་རིགས་སློབ་གླིང་གི་རྒྱའི་སྐད་ཡིག་སྡེ་ཁག་གི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ནས་སློབ་མཐར་ཕྱིན་ལ། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞིའི་འགན་བཞེས་ཡོད།

རིགས་དབྱེ།