ཡོངས་འཛིན་རིག་མཛོད། >མི་སྣ། >གཞན་དག

གཟིམ་ཁང་།

ཁོང་ནི་མཚོ་སྔོན་ཞིང་ཆེན་དགོན་ལུང་ས་ཆར་སྐུ་འཁྲུངས། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

རིགས་དབྱེ།  

ལུའོ་ཁུ་ཧྥེ་ལུ།

ཡུའེ་ཧན•ལུའོ་ཁུ་ཧྥེ་ལུ་ཡིས་མེ་ཧྥུ་རྡོ་སྣུམ་ཀུང་སི་བཙུགས་པ་དང་། མེ་ཧྥུ་རྡོ་སྣུམ་ལས་རིགས་ལ་བརྟེན་ནས། ཨ་རིའི་ལོ་རྒྱུས་སྟེང་དུ་མ་རྩ་ཨ་རིའི་སྒོར་མོ་དུང་ཕྱུར་བཅུ་ཡོད་པའི་ཐོག་མའི་འབྱོར་བདག་ཅིག་ཡིན།

རིགས་དབྱེ།  

ཧྥུའུ་ཐུ།

ཧྥུའུ་ཐུ་ཀུང་སིས་ཐོན་སྐྱེད་བྱས་པའི་ཧྥུའུ་ཐུ་རྟགས་ཅན་གྱི་རླངས་འཁོར་གྱིས་འཛམ་གླིང་གི་རླངས་འཁོར་ལས་རིགས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། ཧྥུའུ་ཐུ་ནི་ཧྥུའུ་ཐུ་ཀུང་སི་གསར་འཛུགས་མཁན་ཡིན།

རིགས་དབྱེ།  

སུང་ཞཱ་ཞིང་ཀྲི་ཀྲུའུ།

སུང་ཞཱ་ཞིང་ཀྲི་ཀྲུའུ་ནི་འཇར་པན་གྱི་ཕུལ་དུ་བྱུང་བའི་ཁེ་ལས་པ་ཞིག་སྟེ། རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མིང་དུ་གྲགས་པའི་སུང་ཞཱ་གློག་ཆས་ཀུང་སི་བཙུགས།

རིགས་དབྱེ།  

གསེར་འོད་ཚེ་རིང་།

གསེར་འོད་ཚེ་རིང་ངམ་དབྱང་ཧྲིན་ཧྭ་ནི1914ལོར་ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་ལིའུ་ལིན་གྲོང་རྡལ་དུ་སྐྱེས་ཤིང་། སློབ་ཆེན་པའི་སློབ་རིམ་ལྡན་པའི་ཁོང1946ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀན་སུའུ་ཞིང་ཆེན་གྱི་བོད་ཀྱི་མཁས་པ་གྲགས་ཅན་དང་ཡིག་རིས་པ་ཡིན།

རིགས་དབྱེ།  

དམག་སྤྱི་ཟུར་པ་སྐལ་བཟང་།

སྐལ་བཟང་ནི་སྤྱི་ལོ1932ལོའི་ཟླ8པར་མཚོ་སྔོན་གྲོ་ཚང་དུ་སྐྱེས་ཤིང་། སྤྱི་ལོ1949ལོར་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་རྒྱལ་ཡོངས་བཅིངས་འགྲོལ་བྱ་རྒྱའི་བཀས་བསྐུལ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་ཚོགས་དང་པོའི་དམག་སྤྱི་ཝང་ཀྲེན་གྱི་སྣེ་ཁྲིད་འོག་ཀན་ལྷོའི་བསང་ཆུ་རྫོང་ཁུལ་བཅིངས་འགྲོལ་བྱས། ས་དེ་གའི་མི་དམངས་མང་ཚོགས་ལ་རེ་བ་གསར་པ་ཞིག་རྒྱས་སུ་བཅུག

རིགས་དབྱེ།  

དྲུང་ཡིག་སྨོན་ལམ་རྒྱ་མཚོ།

དེང་རབས་ཀྱི་ཡིག་རིས་པ་ཆེན་མོ་དྲུང་ཡིག་སྨོན་ལམ་རྒྱ་མཚོ་མཆོག་ནི། ད་ལྟའི་བསང་ཆུ་རྫོང་འབོ་རའི་ལོ་ཡག་ཐང་ཞེས་པའི་གྲོང་སྡེ་རུ་སྤྱི་ལོ1928ལོར་སྐྱེས། ཁོང་གཞོན་ནུའི་དུས་ནས་རིག་གནས་སྦྱོང་བར་དོན་གཉེར་ཆེ་ཞིང་ལྷག་པར་དགུང་ལོ་བཅུ་གཅིག་པ་སྟེ་སྤྱི་ལོ1939ལོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ། སྔ་རྗེས་སུ་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་མོ་ཚུལ་ཁྲིམས་དང་། ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད། དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་དུ་མ་བསྟེན་ཏེ་སློབ་གཉེར་མི་དམན་པ་བྱས།

རིགས་དབྱེ།  

པདྨ་རིན་ཆེན།

ས་མིང་བརྟག་ཞིབ་པ་པདྨ་རིན་ཆེན་ནི1954ལོར་བསང་ཆུ་སྔོན་མོའི་འགྲམ་རྒྱུད་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས། 1977ལོའི་ཟླ་ལྔ་པར་ཀན་ལྷོ་ཁུལ་དམངས་སྲིད་ཅུས་ལ་ལས་བགོས་བྱས་ཤིང་། 1987ལོར་ས་མིང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པར་བསྐོས། 1991ལོ་ནས་ད་བར་དུ་ཀན་ལྷོ་ཁུལ་ས་མིང་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དང་། གཞུང་སྒྲབ་ཁང་གི་ཀྲུའུ་རིན་གཞོན་པ་དང་ཀྲུའུ་རིན་བཅས་ཀྱི་འགན་ཁུར།

རིགས་དབྱེ།  

བསང་ཆུའི་རྫོང་དཔོན་དང་པོ་འཇམ་དབྱངས།

འཇམ་དབྱངས་སམ་ཧོང་ཞང་ནི1898ལོར་བསང་ཆུ་རྫོང་ཙ་ཡུས་ཞང་དུ་སྐྱེས། དགུང་ལོ་བདུན་གྱི་ཐོག་བླ་བྲང་དགོན་པའི་རྒྱུད་སྨད་གྲྭ་ཚང་དུ་རབ་ཏུ་བྱུང་། ཁོང་ཉིད་ལུས་སྟོབས་རྒྱས་ཤིང་སྤྱང་གྲུང་འཛོམས་པས་དགུང་ལོ་བཅུ་བདུན་ཐོག་བླ་བྲང་སྐུ་སྲུང་དུ་བསྐོས།

རིགས་དབྱེ།  

བསོད་ཏེ།

བསོད་ཏེ་ལགས་ནི1948ལོར་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ཀྱི་བོད་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཁོང་ཉིད་ལོ་ན་ཆུང་བའི་དུས་ནས་བློ་རིག་གསལ་བ་དང་། སློབ་འབྲིང་མཐར་ཕྱིན་རྗེས་རིག་གནས་གསར་བརྗེ་ཆེན་པོའི་རླུང་འཚུབ་ལྡང་མགོ་བརྩམས་པ་དང་བསོད་ཏེ་ཡང་ཤེས་ལྡན་ན་གཞོན་གྲོང་གསེབ་ཏུ་བསྐྱོད་པའི་ལས་འགུལ་གྱི་ཚ་རླངས་འོག་འབྲོག་ཁུལ་དུ་ཕྱིན། དཀའ་སྡུག་གི་ཟླའི་ནང་དུ་ཁོང་གིས་ཟོག་ལུག་གི་རྫི་བོ་བྱས་མྱོང་ལ། དམངས་སྒྲུབ་དགེ་རྒན་དང་རྐང་རྗེན་སྨན་པའང་བྱས་མྱོང་།

རིགས་དབྱེ།  

ཆོས་ཉིད་རྡོ་རྗེ།

ཆོས་ཉིད་རྡོ་རྗེ་རིན་པོ་ཆེ་ནི་སྤྱི་ལོ1940ལོར་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དུ་འཁྲུངས་ཤིང་། ཡབ་མིང་ལ་འུད་རྡོ་དང་ཡུམ་མིང་ལ་ཚེ་དབང་སྒྲོལ་མ་ཟེར། ཁྱད་མཚར་གྱི་སྔ་ལྟས་དང་བསྟུན་ནས་འཁྲུངས།

རིགས་དབྱེ།  

མཁན་ཆེན་ཚེ་དབང་རིག་འཛིན།

མཁན་ཆེན་ཚེ་དབང་རིག་འཛིན་ནི་སྤྱི་ལོ1883ལོར་སི་ཁྲོན་ཞིང་ཆེན་ཧུང་ཡོན་རྫོང་གི་རྨེ་བ་རུ་འཁྲུངས་ཤིང་། ཁོང་ནི་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེའི་བུ་ཆེ་བ་ཡིན་པ་དང་། དགུང་ལོ10ཡི་སྟེང་བཀྲ་ཤིས་ཆོས་གླིང་དུ་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱས། དགུང་ལོ15ཡི་སྟེང་རབ་ཏུ་བྱུང་བ་མ་ཟད་དགེ་ཚུལ་གྱི་སྡོམ་པ་བླངས། རྙིང་མ་བའི་དགོན་སྡེ་དྲུག་གི་ཡ་གྱལ་རྫོགས་ཆེན་དགོན་དུ་མདོ་སྔགས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་བྱས་ཤིང་། དགུང་ལོ25ཡི་སྟེང་ཕུན་ཚོགས་ལྡན་པའི་སྡོམ་པ་བླངས་པ་དང་། དེ་ནས་བཟུང་ཁོས་ཚངས་སྤྱོད་ཀྱི་སྡོམ་པ་ནན་སྲུང་བྱས་པས། གྱོན་ཆས་དང་། འཆིང་བའི་སྐ་རགས་དང་དེ་བཞིན་གདན་གཉེར་སོགས་རྒྱུན་གཏན་གྱི་མཁོ་ཆས་ཚང་མ་དྲི་ངད་ཞིམ་པོ་འཐུལ་ཡོད། དུས་ཡུན་རིང་བོའི་ཆོས་གཉེར་ལམ་དུ་རྙིང་མ་བའི་གྲུབ་ཆེན་མང་བོའི་དབང་ལུང་དང་སློབ་བརྒྱུད་དང་ལེན་བྱས་ཏེ། མདོ་གསང་བསྟན་བཅོས་ལ་མཁས་ཤིང་། འཆར་ཅན་མིན་པའི་བློ་གྲོས་སོགས་ཐུན་མོང་མིན་པའི་ཆ་མང་བོ་མངོན། སྤྱི་ལོ1951ལོར་མཚོ་སྔོན་ཞིང་ཆེན་འབའ་རྫོང་ཁྱུང་ཁྲི་དགོན(སེང་ཁྲི་དགོན)གྱིས་གདན་འདྲེན་ཞུས་ཏེ་དགོན་སྡེའི་ལས་དོན་གཙོ་སྐྱོང་བྱས་ཤིང་། སྐབས་དེར་མཁན་ཆེན་ཚེ་དབང་རིག་འཛིན་གཟི་ཚ་སྡེ་དགུའི་ཉེ་འགྲམ་གསེར་མཚོའི་གནས་རིར་སྒོམ་སྒྲུབ་བྱེད་བཞིན་ཡོད། མཁན་ཆེན་ཁྱུང་ཁྲི་དགོན(སེང་ཁྲི་དགོན)ལ་ཐོན་དུས་ད་རུང་འཛུགས་སྐྲུན་ཚར་མེད་པ་དང་། འགྱུར་མེད་བདེ་ཆེན་རྡོ་རྗེ་སྤྲུལ་སྐུའི་རྒྱབ་སྐྱོར་འོག སྤྱི་ལོ1951ལོའི་ལོ་མཇུག་ཏུ་དགོན་པའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་། དུས་དེ་ནས་བཟུང་རིན་པོ་ཆེ་ཁྱུང་ཁྲི་དགོན(སེང་ཁྲི་དགོན)གྱི་མཁན་པོ་བྱས་ཏེ་སྤྱི་ལོ1958ལོའི་སྔོན་དུ་ཁྱུང་ཁྲི་དགོན(སེང་ཁྲི་དགོན)ནི་མཁན་ཆེན་ཚེ་དབང་རིག་འཛིན་གྱི་སེམས་ཅན་ཐམས་ཅད་ལ་ཆོས་སྤེལ་བའི་ལྟེ་གནས་ཡིན་པ་དང་། དགུང་ལོ76སྟེ་སྤྱི་ལོ1958ལོར་དགོངས་པ་རྫོགས་སོ།།

རིགས་དབྱེ།  

མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ།

མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ་ནི་སྤྱི་ལོ1890ལོར་དར་རྩེ་མདོའི་སྐྱིད་ལུང་དུ་འཁྲུངས་ཤིང་། ཁོང་ནི་རྙིང་མའི་རིག་འཛིན་རིན་པོ་ཆེ་འགྱུར་མེད་རྙིང་བའི་སྤྲུལ་སྐུ་མདོ་མཁྱེན་བརྩེའི་ཚ་བོ་ཡིན་ལ། ཡབ་ནི་དགེ་ཡོད་རང་གྲུབ་སྤྲུལ་སྐུ་ཡིན། ཁོ་ནི་ཆུང་དུས་ནས་སྤྱིར་བཏང་མ་ཡིན་པའི་སྤྱང་བོ་ཡིན་པ་དང་། རྒྱུན་དུ་ཁྱད་མཚར་གྱི་སྔ་ལྟས་མངོན། དགུང་ལོ7གྱི་སྐབས་སུ་ཡབ་ཀྱི་དངོས་སློབ་རྒྱུད་འཛིན་བྱས་པ་དང་། མུ་མཐུད་དུ་ཨ་གཙང་གྲུབ་པ་སྤྲུལ་སྐུ་སོགས་ཀྱི་དངོས་སུ་སློབ་སྦྱོང་བྱས་ཏེ། ནང་བསྟན་ལ་སྔར་བས་རྒྱུས་གཏིང་ཟབ་པ་ལོན་པ་དང་། ཁོང་ལོ་ན་གཞོན་པའི་དུས་སུ་དཀར་མཛེས་དར་རྩེ་མདོ། མཚོ་སྔོན། ཀན་སུའུ་སོགས་ས་ཁུལ་དུ་སོང་ནས་སངས་རྒྱས་ཆོས་ཁྱབ་སྤེལ་བྱས་པ་དང་ས་ཆ་སོ་སོར་དགོན་སྡེ་ཆེ་ཆུང་མང་པོ་བཞེངས་ཡོད། དེ་ལས་ཁོང་གི་མཚན་སྙན་ས་ཆ་ཀུན་ལ་གྲགས་སོ།།

རིགས་དབྱེ།  

ཉིའུ་ཀྲེང་ཞང་།

ཉིའུ་ཀྲེང་ཞང་ནི་སྤྱི་ལོ1751ལོར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་དུ་སྐྱེས།

རིགས་དབྱེ།  

ཧོ་ཐོག་ཨ་ཁུ་རིག་འཛིན་འཇིགས་མེད་རང་གྲོལ།

ཧོ་ཐོག་ཨ་ཁུ་རིག་འཛིན་འཇིགས་མེད་རང་གྲོལ་ནི་བོད་རབ་བྱུང་བཅོ་ལྔ་བའི་ཤང་གླང་སྟེ་སྤྱི་ལོ1925ལོར་དཔལ་ལུང་ཁུ་སྒར་ཐང་སྟོད་སྨད་གཉིས་སུ་ཕྱེ་བའི་སྟོད་ད་ཁ་འོག་ཚང་གི་ཚོ་བར་ཡབ་སྔགས་འཆང་ལྷ་འབུམ་བཀྲ་ཤིས་དང་ཡུམ་ཚེ་མོ་སྒྲོལ་མའི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་ཆོས་ལ་དད་ཅིང་སྙིང་རྗེ་ཅན་དུ་ལགས་པས་དགུང་ལོ་གཞོན་པའི་སྐབས་སུ་སྔགས་གྲལ་དུ་ཞུགས་ཤིང་། ཡབ་སྔགས་འཆང་ཆེན་པོའི་དྲུང་དུ་ཡི་གེ་འབྲི་ཀློག་དང་ཆོ་གའི་གཞུང་གི་འགྲོས་ལུགས་སྙན་པའི་དབྱངས་ཀྱི་འགྱུར་ཁུགས་འབུད་རྡུང་དཀྲོལ་གསུམ་ལ་སྦྱངས་བརྕོན་བླ་མེད་གནང་བ་དང་། ཚེ་གང་བོར་སློབ་བུ་མང་དུ་བསྐྱངས་ཤིང་མཐར་བོད་རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་ཏེ་སྤྱི་ལོ2004ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་འདས།

རིགས་དབྱེ།  

ལིག་ཁྲོན་ཀྲི།

ཁོང་ནི་སྤྱི་ལོ1944ལོར་ཅང་སུའུ་ཞིང་ཆེན་དུ་སྐྱེས་ཤིང་། ཀུན་གྱིས་ཀྲུང་གོའི་ཤུགས་རྐྱེན་ཆེས་ཆེ་བའི་ཁེ་ལས་སྣེ་ཁྲིད་པར་བགྲང་པར་བྱེད། སྤྱི་ལོ1984ལོར། ཁོང་དང་ཞིབ་འཇུག་པ་བཅུ་གཅིག་མཉམ་འབྲེལ་སྒོས་ཁང་མིག་གྱན་གཅིག་ཏུ་ལེན་ཞང་ཀུང་ཟི་ཐོག་མར་བཙུགས། ཁོང་གི་སྣེ་ཁྲིད་འོག ཀུང་ཟི་དེ་ཉིད་རིམ་གྱིས་རྒྱ་ཆེར་འཕེལ་རྒྱས་བྱུང་སྟེ། ད་ལྟ་ཡན་ལག་ཀུང་ཟི་ཁ་ཤས་ཀྱིས་གྲུབ་ཅིང་། ལས་རིགས་འདྲ་མིན་སྣ་ཚོགས་སུ་ཁྱབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཁེ་ལས་ཆེ་གྲས་ཤིག་ཏུ་གྱུར་འདུག།

རིགས་དབྱེ།  

ཅ་ཅ་ལིན།

ཅ་ལིན་སུའུ་ལེན་ནས་སྐྱེས་པའི་འཇིག་རྟེན་འཕུར་སྐྱོད་པ་ཐོག་མ་ཡིན།

རིགས་དབྱེ།  

ཧྥུ་ཐེ།

ཨེར་ལན་ནས་ཨ་མེ་ཁར་གནས་སྤར་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཁོང་ཆུང་དུས་ནས་འཕྲུལ་ཆས་ཀྱི་རིགས་ལ་ཧ་ཅང་དགའ་སྟེ། ཧྥུ་ཐེ་ཀུང་ཟི་གསར་འབྱེད་བྱས་པ་མ་ཟད། མུ་འབྲེལ་ཐོན་སྐྱེད་གསར་གཏོད་པའང་ཡིན།

རིགས་དབྱེ།  

ལུའོ་ཁོ་ཧྥེ་ལེ།

ཁོང་ནི་ཨ་རིའི་རྡོ་སྣུམ་ཁེ་ལས་པ་གྲགས་ཆེན་ཞིག་ཡིན་ལ། རྗེས་སུ་ཚད་ལྡན་གྱི་རྡོ་སྣུམ་ཀུང་ཟི་བཙུགས་ནས་ཨ་སྒོར་དུང་ཕྱུར་བཅུའི་མ་རྩ་ཡོད་པའི་འབྱོར་བདག་ཆེན་མོར་གྱུར།

རིགས་དབྱེ།  

གླིང་གི་གཅེས་ཕྲུག་སྣང་ངུ་བཅོ་ལྔ།

གླིང་རྒྱལ་གྱི་ཁྲག་རྒྱུད་འབྲེལ་བའི་ཐད་ནས་ཤིན་ཏུ་རྙོག་དྲ་ཆེ་ལ། སྡེ་ཤོག་སོ་སོའི་བར་ལ་ཉེ་ཡ་མང་པོ་ཡོད་པས། ཕན་ཚུན་བར་འབྲེལ་བ་ཡང་ཟབ་ནན་ཞིག་བཟུང་ཡོད་དེ། ཁོ་ཚོའི་བུ་རྒྱུད་ཡང་ཧ་ཅང་མང་། འདིར་གཙོ་ཆེ་བ་གཅེས་ཕྲུག་བཅོ་ལྔ་ཡོད།

རིགས་དབྱེ།  

གླིང་གི་དཔོན་ཆེན་བཅུ་གསུམ།

གླིང་རྒྱལ་ནི་སྡེ་ཤོག་ཚོ་བ་མནའ་འབྲེལ་རྩ་འཛུགས་ཅན་གྱི་དམག་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པས། གེ་སར་རྒྱལ་པོ་ནི་སྤྱི་ཁྱབ་བཀོད་འདོམས་པ་ཞིག་ཡིན།

རིགས་དབྱེ།  

ཀྲང་ཀྲི་ལུའུ།

ཁོང་ནི་པེ་ཅིང་གྲོང་ཁྱེར་དུ་སྐྱེས་ཤིང་། སྤྱི་ལོ1968ལོར་པེ་ཅིང་དགེ་ཐོན་སློབ་ཆེན་གྱི་དངོས་ལུགས་སྡེ་ཁག་ནས་མཐར་ཕྱིན། དེའི་རྗེས་དམག་ཁུལ་གྱི་ཞིང་རར་ངལ་རྩོལ་སྦྱོང་བརྡར་དུ་བསྐྱོད། ཕྱིས་སུ་སློབ་འབྲིང་གི་དགེ་རྒན་ལོ་བཅུ་ལྷག་གི་རིང་ལ་བྱས།

རིགས་དབྱེ།  

ཀྲང་ཨའེ་ལེན།

མཚན་དངོས་ལ་ཀྲང་ཨའེ་ཞུ་བ་རེད། ཁོང་མོ་ནི་ཀྲུང་གོའི་དེང་རབས་ཀྱི་མིང་དུ་གྲགས་པའི་རྩོམ་པ་པོ་དང་། སྒྲུང་གཏམ་འབྲིང་ཐུང་མང་པོ་བརྩམས་ཏེ་ཧྲང་ཧའེ་རྩོམ་སྟེགས་ཧྲིལ་བོར་སྙན་པས་ཁྱབ།

རིགས་དབྱེ།  

ལང་ཡུན་ཁྲའོ།

ཁོང་ནི་སྤྱི་ལོ1969ལོར་ཀྲུང་ཧྲན་སློབ་ཆེན་བཟོ་ཚོང་དོ་དམ་ཆེད་ལས་ཀྱི་རབ་འབྱམས་སློབ་མ་ཡིན། སྤྱི་ལོ1991ལོར་ཀྲུང་ནན་ནོར་སྲིད་སློབ་ཆེན་ནས་མཐར་ཕྱིན་པ་དང་། སྤྱི་ལོ1996ལོར་ཚོང་ལས་གཉེར་མགོ་བརྩམས་ཏེ། འཚོ་བཅུད་ཐོན་རྫས་གསར་སྤེལ་དང་ཐོན་སྐྱེད། ཚོང་གཉེར་བཅས་ཀྱི་བྱ་བ་བསྒྲུབས།

རིགས་དབྱེ།  

ཝུའུ་ཁྲང་ཅང་།

ཁོང་ནི་སྤྱི་ལོ1965ལོར་ཁྲུང་ཆིན་གྲོང་ཁྱེར་དུ་སྐྱེས་ཤིང་། ད་ལྟ་ལའེ་ཧྲི་གློག་སྒྲོན་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བའི་འགན་བཞེས་ཡོད།

རིགས་དབྱེ།  

ཁུང་ཧྥན་སེན།

ཁོང་ནི་ཁུང་ཙི་ལགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་གྲས་ཏེ། ཧྲན་ཏུང་ཞིང་ཆེན་དུ་སྐུ་འཁྲུངས། སྤྱི་ལོ1961ལོའི་ཟླ7པར། བོད་ལྗོངས་སུ་ཕྱིན་ཅིང་འབྲོང་པ་རྫོང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

རིགས་དབྱེ།  

ཁང་ཡིག་ཝེ།

ཀོང་ཏུང་ཞིང་ཆེན་དུ་སྐུ་འཁྲུངས་ཤིང་། ཆིང་རྒྱལ་རབས་དུས་མཇུག་ཏུ་བྱོན་པའི་འབྱོར་ལྡན་གྲལ་རིམ་གྱི་ལེགས་བཅོས་སྨྲ་བའི་དེད་དཔོན་ཆེན་པོ་ཡིན། ཁོང་ཉིད་བཀས་བཀོད་རྒྱུད་འཛིན་གྱི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་པ་དང་། ཡབ་ནི་ཅང་ཞི་ཞིང་ཆེན་གྱི་རྫོང་དཔོན་ཞིག་ཏུ་བཞུགས་མྱོང་། སྐུ་ན་ཕྲ་དུས་ནས་བཟུང་རུའུ་ལུགས་ཀྱི་ལྟ་གྲུབ་གཞན་དྲིང་མི་འཇོག་པའི་སྦྱངས་པ་གནང་།

རིགས་དབྱེ།  

ཚའེ་ཡོན་ཕེ།

ཁོང་ནི་ཀྲའེ་ཅང་ཞིང་ཆེན་དུ་སྐུ་བལྟམས་ཤིང་། དམངས་གཙོ་རིང་ལུགས་ཀྱི་གསར་བརྗེ་པ་དང་སློབ་གསོ་པ་ཡིན། སྤྱི་ལོ1917ལོ་ནས་བཟུང་སྟེ། ཁོང་ཉིད་བགྲང་བྱ་བཅུ་གཅིག་ལྷག་གི་རིང་ལ་པེ་ཅིང་སློབ་ཆེན་གྱི་སློབ་གཙོར་བཞུགས་པ་དང་། མི་རྣམས་ཀྱིས་པེ་ཅིང་སློབ་ཆེན་གྱི་སྲོག་ཤིང་དུ་བཀུར་བ་རེད།

རིགས་དབྱེ།  

སུང་ཆིང་ལིང་།

ཁོ་མོའི་ཕ་ཡུལ་ནི་ཧའེ་ནན་ཞིང་ཆེན་ཡིན། ཀུན་གྱིས་རྒྱལ་ཡུམ་དུ་བསྔགས་ཤིང་། ཀྲུང་གོའི་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་དམངས་གཙོ་རིང་ལུགས་པ། རྒྱལ་སྤྱི་རིང་ལུགས་པ། གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་བཅས་ཡིན་པར་མ་ཟད། དུས་རབས་ཉི་ཤུ་པའི་རླབས་ཆེ་བའི་མཛངས་མའི་གྲས་ཀྱང་རེད།

རིགས་དབྱེ།  

ལྭིང་སི་ཁྲེང་།

ཁོང་ནི་ལིང་ཆི་ཁྲའོ་ཡི་སྐུ་སྲས་ཡིན་ལ། ཀོང་ཏུང་ཞིང་ཆེན་དུ་སྐུ་འཁྲུངས། ཀྲུང་གོའི་མིང་དུ་གྲགས་པའི་བཟོ་སྐྲུན་ལོ་རྒྱུས་སྨྲ་བ་དང་བཟོ་སྐྲུན་མཁས་ཆེན་ཡིན། གྲོང་ཁྱེར་འཆར་འགོད་པ་དང་། སློབ་གསོ་པ་བཅས་ཡིན། ཁོང་གིས་མི་ཚེ་གང་བོར་གནའ་རབས་བཟོ་བཀོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་དོ་སྣང་ཆེན་པོ་མཛད་ཅིང་། གནའ་རབས་རིག་ཚན་གྱི་གསར་གཏོད་པ་དང་རྨང་འདིང་མཁན་དུ་གྱུར།

རིགས་དབྱེ།  

གཞན་དག  བརྡ་འགྲེལ 2146 ཡོད།