འདམ་སྐུ་བཞེངས་པའི་ལག་ཤེས།

འབུར་བཟོ་ལེགས་ཉེས་བརྟག་ཐབས་སུ་བཟོ་བའི་ངག་རྒྱུན་དུ། བྲིས་ལ་རྒྱབ་དང་། འབུར་ལ་ལོགས་ཟེར་བ་ཡོད་པས། འབུར་སྐུ་ལ་གཡས་གཡོན་གྱི་ལོགས་ནས་བལྟས་ན་ཤངས་དང་ཨོལ་ཀོ་སོགས་ཀྱི་འབུར་ཚད་ཚད་ལྡན་བྱུང་ཡོད་མེད་ཀྱི་སྐྱོན་མང་བོ་མཐོང་ཐུབ། ཅེས་འབུར་བཟོ་མཁས་པའི་ངག་ལས་ཐོས་སོ། །

རིགས་དབྱེ།  

སངས་རྒྱས་ཀྱི་ཚེམས་གདུང་མཆོད་རྟེན།

སངས་རྒྱས་ཀྱི་ཚེམས་གདུང་མཆོད་རྟེན་ནི་པེ་ཅིན་གྲོང་ཁྱེར་གྱི་ནུབ་ཕྱོགས་པ་ཏ་ཁྲུའུ་ཞེས་པར་ཡོད་པ་དང་། མཆོད་རྟེན་གྱི་བུམ་པའི་ནང་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་དང་ཚེམས་གཅིག་བཞུགས་ཡོད་པས། མཆོད་རྟེན་གྱི་མིང་ལ་སངས་རྒྱས་གྱི་ཚེམས་གདུང་མཆོད་རྟེན་ཟེར།

རིགས་དབྱེ།  

ཤཱཀྱའི་མཆོད་རྟེན།

ཤཱཀྱའི་མཆོད་རྟེན་ནི་ཧྲའན་ཞི་ཞིང་ཆེན་ཡན་མིན་འགག་སྒོའི་བྱང་ཕྱོགས་ཀྱི་ཡུན་རྫོང་དུ་ཡོད་པའི་ལའོ་རྒྱལ་རབས་སྐབས་ཀྱི་ཤིང་བཟོས་མཆོད་རྟེན་མིང་གྲགས་ཅན་ཞིག་ཡིན།

རིགས་དབྱེ།  

བོད་ལ་ཆོས་སྤྱོད་པའི་ཁོད་བཤམས་པའི་ལྷར་འབུལ་ཚན་པ་དྲུག

《ལྡེའུ་ཆོས་འབྱུང》ལས་བྱུང་བའི་བོད་ལ་ཆོས་སྤྱོད་པའི་ཁོད་བཤམས་པའི་ལྷར་འབུལ་ཚན་པ་དྲུག་བསྟན་ཡོད།

རིགས་དབྱེ།