ཡོངས་འཛིན་རིག་མཛོད། >སྒྱུ་རྩལ། >རི་མོ། >གཞན་དག

ཚོས།

བཙོད་ལེགས་ཞིབ་བརྡུང་ཆུར་གདུ་ཁུ་བ་ལེགས་པར་འདོན། ལྭ་བ་ཆུ་ཡིས་བཀྲུས་ལ་སྐམ། རབ་ཞུ་མཁན་བཙོས་པའི་ཁུ་བར་ཡུན་ཙམ་བཙོས། བཏོན་ཏེ་སྐམ། འབྲིང་མཚུར། ཐ་མ་ལྕུམ་དང་བསེ་ཡབ་བསྡུས〈གདུས〉ཁུས་ཀྱང་རུང་། དེ་ནས་བཙོ་ཁུ་དྲོན་མོའི་ནང་དུ་ལྭ་བ་བསྲུབས། དེ་འདྲ་སྣོད་མང་པོར་བཙོད་ཁུ་དྲངས་ན་རབ། གསུམ་ཙམ་འབྲིང་། གཅིག་ཐ་མར་འདོད་དེ། འགུག་མཁན་གཞན་མི་དགོས་པ་དབུས་གཙང་གི་ལུགས་སོ། བོད་ཆེན་པོའི་ཁམས་སུ་བཙོད་དཀོན་པས་གཙོད་ཁུ་གཅིག་ལ་དྲངས་རྗེས། ལྕུམ་བསེ་ཡབ་ཆུ་ལོ་ཆང་འོབ་ཚེར་འབྲས་བུ་ལྔ་བོ་སྔ་མ་བཟང་། ཕྱི་མ་རིམ་པར་ཞན་པས་སྐྱུར་ཁུ་བྱེད་ཅིང་བཙོ་ལ་སྣམ་བུ་བཙོས། རབ་བུལ་ཏོག་དེ་འོག་ཤིང་སྲེག་གོ་ཐལ་སླེའུར་བླུག་པ་ཆུས་བྲན་པའི་འཛག་ཁུ།ཐང་ཚྭའི་ཁུ་བ། རྡོ་ཞོ་རྣམས་གང་རྙེད་བཙོད་ཁུ་བསྲེས་པའི་ཚན་མོར་ལྭ་བ་སྲུབས། ཡུན་རིང་ཐུང་སྐབས་དང་སྦྱར། བཙོད་ཁུ་དང་འགུག་གཉིས་ཀར་ནུབ་ཆེ་ཆུང་སྔ་ཕྱི་མ་ཤོར་བ་མ་བྱས་ན་ཁྲ་ཆོ་ལོ་ཚོས་ཟ་ཆེ་ཆུང་ཡོང་བས་ཧྲིལ་ཏེ་ཆ་སྙོམས་བཅུག་དགོས་པ་མཐངོ་རྒྱུས་ལྟར་ཤེས་དགོས་སོ།།

རིགས་དབྱེ།  

ཡིག་ཆས་རྣམ་བཞི།

པིར་དང་། སྣག་ཚ། ཤོག་བུ། སྣག་གཞོང་བཅས་ལ་ཡིག་ཆས་རྣམ་བཞི་ཞེས་ཟེར། སྒྲ་ཡངས་འཇུག་གི་ཡིག་ཆས་རྣམ་བཞིའི་ཁོངས་སུ་ད་དུང་པིར་ཟོམ་དང་། པིར་འཁྲུད། ཤོག་མནོན། པིར་སྒྲོམ། ཐིག་སྤྱད་ལ་སོགས་ཡོ་སྤྱད་ཀྱང་ཚུད་ཡོད། དེ་བས་ཡིག་ཆས་རྣམ་བཞི་ཞེས་པ་ནི་ཀྲུང་གོའི་སྲོལ་རྒྱུན་སུག་བྲིས་དང་རི་མོའི་ཡོ་ཆས་ཀུན་གྱི་སྤྱི་མིང་ཡང་ཡིན།

རིགས་དབྱེ།  

ལྡེབས་རིས།

ལྡེབས་རིས་ནི་འབྲི་བ་དང་བརྐོ་བའམ་གཟུགས་འགོད་ཀྱི་ཐབས་གཞན་དག་སྤྱད་དེ་རང་བྱུང་ངམ་རྩོལ་བྱུང་གི་ལྡེབས་ངོས་སུ(གཙོ་བོར་ཨར་བསྐྲུན་གྱི་ཕྱི་ནང་གི་བརྩིགས་ལྡེབས)བཀོད་པའི་རི་མོ་ལ་ཟེར་བ་དང་། དེ་ནི་ཨར་བསྐྲུན་གྱི་ཞོར་གཏོགས་ཆ་ཤས་ཡིན།

རིགས་དབྱེ།  

ཧྥུ་ཧྲི་རི་མོ།

ཧྥུ་ཧྲི་ཞེས་པ་ནི་འཇར་པན་སྐད་ཀྱི“浮世”ཞེས་པ་སྟེ་ལེགས་སྦྱར་སྐད་ཀྱི་སྲིད་པའམ་འཇིག་རྟེན་གྱི་སྒྲ་དོད་ཡིན། ཧྥུ་ཧྲི་རི་མོ་ཞེས་པ་ནི་འཇར་པན་གྱི་ཡུལ་སྲོལ་རི་མོ་རེད།

རིགས་དབྱེ།  

བཀྲ་ཤིས་རྟགས་བརྒྱད།

སྤྱིར་རྟགས་བརྒྱད་དེ་ཡུལ་དུས་གནས་སྐབས་ཀུན་དང་བྱ་བ་ཆེ་ཆུང་། སྤྱི་སྒེར། མི་ཆོས་དང་ལྷ་ཆོས་གང་ཡིན་ཡང་ཁ་དགེ་བཀྲ་ཤིས་ཡོང་བའི་མཚོན་དོན་ཡིན་པ་ལ་ཐེ་ཚོམ་མེད་པ་ཕ་ཚ་བུ་རབས་ནས་བཞག་པའི་བག་ཆགས་བརྟན་པོའི་རྗེས་འགྲོ་བྱེད་ཀྱི་ཡོད་པ་སྨོས་མེད་རེད། དེ་ལྟར་བྱེད་དགོས་དོན་ནི། ཚད་ལྡན་གྱི་ལོ་རྒྱུས་དང་མ་འབྲེལ་བར་གནའ་བོའི་མི་རྣམས་ཀྱིས་རྒྱུ་མཚན་མེད་པར་རྨོངས་པའི་མོས་ཕྱོགས་ཙམ་གྱིས་མི་ཡི་འཚོ་བའི་ནང་རྒྱུན་ཆགས་སུ་གནས་པ་ཤིག་མ་ཡིན་པར། ཁུངས་ལྡན་ལོ་རྒྱུས་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུས་རིག་གནས་ཀྱི་སྣ་བརྒྱའི་མེ་ཏོག་བཞད་པའི་སྐྱེད་ཚལ་དུ་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཨུཏྤལ་ཞིག་དང་གཉིས་སུ་མ་མཆིས།

རིགས་དབྱེ།  

རྣམ་བཅུ་དབང་ལྡན།

རྣམ་བཅུ་དབང་ལྡན་ནི་ཁམས་གསུམ་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས། གཙུག་ལག་ཁང་དང་ཁང་ཁྱིམ་གྱི་རྩེར་བཏགས་པས་ས་དཔྱད་ངན་པ་གནོན། གཟའ་སྐར་ངན་པའི་གནོད་པ་སྲུང་། ཁྱིམ་དུ་འཆང་ན་རྐྱེན་ངན་དང་བར་ཆད་བཟློག་ནས་དགེ་ཞིང་བཀྲ་ཤིས་པར་བྱེད་པར་གསུངས་སོ།།

རིགས་དབྱེ།  

གཙགས་རིས།

གཙགས་རིས་ལ་དབྱིན་སྐད་ཀྱིསtattooཟེར། དེ་ནི་ཁ་དོག་ཅན་གྱི་ཁབ་ཀྱིས་སྐྱི་པགས་ཀྱི་ནང་རིམ་ལ་གཙགས་ནས་སྤྱི་པགས་ལ་རི་མོའམ་ཡི་གེ་འགོད་པ་ལ་གོ གཙགས་རིས་ནི་འཛམ་གླིང་གི་ས་ཁུལ་མང་ཤས་སུ་དར་བ་ཞིག་ཡིན། མི་མདོག་སྨུག་པོ་ཡིན་པའི་མི་རིགས་ལ་དེ་ལྟ་བུའི་གོམས་སྲོལ་མེད། ཉེ་པའི་ལོ་བརྒྱ་ཕྲག་ཁ་ཤས་ནང་ཀྲུང་གོ་རུ་གཙགས་རིས་མཐོང་བར་དཀོན། ཡིན་ཡང་འཛམ་གླིང་སྟེང་མི་རིགས་མང་པོ་ཞིག་གི་དེས་ནད་དང་བགེགས་ལྡོག་པར་སེམས། དེ་མ་ཟད་མི་རིགས་ལ་ལས་གཙགས་རིས་ཀྱིས་གོ་གནས་དང་ཐོབ་ཐང་མཚོན་པ་དང་། ཡང་ན་ཚོགས་པ་ཞིག་གི་ཚོགས་མི་ཡིན་པར་སེམས་བཞིན་ཡོད། ཡིན་ཡང་ཡོངས་ཁྱབ་ཀྱི་ཀུན་སློང་ནི་མཛེས་དཔྱོད་ཀྱི་ཆེད་དུ་ཡིན།

རིགས་དབྱེ།  

སྒྲ་ཚིགས་ཡི་གེ།

བརྡ་རྟགས་གཅིག་གིས་སྒྲ་ཚིགས་གཅིག་མཚོན་པའི་ཡི་གེ་ལ་ཟེར།

རིགས་དབྱེ།  

སྟག་སེང་ཁྱུང་འབྲུག

སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་རིས་བྲིས་པའི་རླུང་རྟ་བསྐྱེད་པའི་རི་མོ་ཞིག་སྟེ། སྟག་སེང་ཁྱུང་འབྲུག་གི་རི་མོ་འདི་དག་ནི་གནའ་བོའི་བོན་གྱི་རིག་གནས་ནང་དུ་ས་ཆུ་མེ་རླུང་གི་འབྱུང་བ་བཞི་མཚོན་བྱེད་ཀྱི་རི་མོ་ཞིག་ཡིན་ལ། སྡེ་བཞིའི་གཟུགས་སུ་བཀོད་པ་དེས་མི་འཇིགས་པ་སྟེ་རྣམ་པར་རྒྱལ་བ་མཚོན་པ་ཞིག་ཡིན་ཞེས་བཤད་སྲོལ་འདུག

རིགས་དབྱེ།  

རྟགས་བརྒྱད་བུམ་གཟུགས།

བཀྲ་ཤིས་པའི་རི་མོ་བརྒྱད་པོ་འདི་ནི་བོད་རང་ཉིད་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་ཡོད་པའི་གནའ་ནས་ད་ལྟའི་བར་དུ་དར་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པ་དང་། མཚོན་བྱ་ནི་འདོད་པ་ཐུན་མོང་བ་སྟེ། བཀྲ་ཤིས་པའི་མཚོན་བྱེད་རྟགས་བརྒྱད་མཉམ་དུ་སྡེབ་ཏེ་བུམ་པའི་གཟུགས་བྲིས་པ་ཞིག་ལ་གོ། །

རིགས་དབྱེ།  

སྒྱུ་རྩལ་རིག་པའི་ཆེད་ལས།

སྒྱུ་རྩལ་རིག་པའི་ཆེད་ལས་ཀྱིས་མཛེས་རྩལ་ལོ་རྒྱུས་སྨྲ་བ་དང་། མཛེས་རྩལ་སློབ་གསོའི་ཁྱབ་ཁོངས་སུ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག མཛེས་རྩལ་དཔྱད་འཇོག་དང་རྩོམ་སྒྲིག སྒྱུ་རྩལ་དོ་དམ། དངོས་མང་བཤམས་སྟོན་ཁང་སོགས་ཐད་ཀྱི་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་། སློབ་མ་དག་སློབ་མཐར་ཕྱིན་རྗེས་མཛེས་རྩལ་སློབ་གསོ་དང་། མཛེས་རྩལ་ཞིབ་འཇུག རིག་གནས་དངོས་མང་སྒྱུ་རྩལ་དོ་དམ། གསར་འགྱུར་དཔེ་སྐྲུན་སོགས་ཀྱི་ལས་ཀ་བྱེད་ཐུབ།

རིགས་དབྱེ།  

བཟོ་རིག་པ་སྦྱོང་བའི་དགོས་པ།

བཟོ་རིག་པ་ནི་གཞན་རྗེས་སུ་འཛིན་པའི་རིག་པའོ༎ གླུ་དང་གར། རི་མོ་ལ་སོགས་པའི་སྒྱུ་རྩལ་གྱི་གཙུག་ལག་སྟེ་བཟོ་ལས་ཀྱི་རིག་པ་ལ་ངག་བཟོ་དང་ཡིད་བཟོ། ལུས་བཟོ་གསུམ་འདུས་པ་ཡིན་ནོ༎

རིགས་དབྱེ།  

རི་མོའི་མ།

རི་མོའི་མ་ནི་གཙོ་བོ་གཟུགས་གང་བྲིས་པ་དེའི་ཁྱད་རྟགས་སམ་ཉམས་འགྱུར་ཐོག་མ་གྲུབ་པར་བྱེད་པའི་རི་མོ་གཙོ་བོ་ཞིག་ལ་ཟེར།

རིགས་དབྱེ།  

རི་མོའི་བུ།

རི་མོའི་བུ་ནི་གཙོ་བོ་མ་ལ་བརྟེན་ནས་འབྲི་དགོས་པ་ཞིག་ཡིན་ལ། དེའི་བར་ཐག་དང་ཉམས་འགྱུར། ཚུགས་ཀ་སོགས་གསར་སྣོན་གྱི་སྐབས་བབས་དང་བསྟུན་ནས་འབྲི་ཤེས་པར་བྱ་དགོས།

རིགས་དབྱེ།  

རི་མོ།

རི་མོ་ནི་གནའ་སྔོ་མོ་ཞིག་ལ། ཨ་དགའ་ཞེས་པའི་རྫི་བོ་རི་མོ་འབྲི་རྒྱུར་དགའ་བ་ཞིག་ཡོད་པ་དེས། ཉིན་ཞིག་ཆར་རྗེས་ཀྱི་འཇའ་གུར་ཁྲོད་ལྷ་མོ་ཞིག་མཐོང་བ་རི་མོར་བྲིས་ནས། ཀུན་གྱིས་འདྲི་དུས། འདི་ནི“རི་མགོའི་ལྷ་མོ”རེད་ཅེས་བརྗོད་པ་ལ། མི་རྣམས་ཀྱིས་ཚིག་བསྡུ་བྱས་ཏེ“ཨ་དགས་རི་མོ་ཞིག་བྲིས་འདུག”ཅེས་ཀུན་ལ་བསྒྲགས་པ་ནས་བྱུང་བ་ཞིག་ཡིན།

རིགས་དབྱེ།  

བོད་ཀྱི་བྲག་བརྐོས་རི་མོ།

བོད་ཀྱི་བྲག་བརྐོས་རི་མོ་ནི་གདོད་མ་ནས་ད་ལྟའི་བར་དུ་བོད་རིང་གི་འཚོ་བ་མཚོན་པའི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་རིག་གནས་སྒྱུ་རྩལ་ཞིག་ཡིན།

རིགས་དབྱེ།  

བཟོ་བཀོད།

བཟོ་བཀོད་ནི་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ལྡན་འདུག

རིགས་དབྱེ།  

སྲོག་ཆགས་འབྲི་བའི་རྒྱུན་ཤེས།

འཛམ་གླིང་དུ་རིགས་མི་འདྲ་བའི་སྲོག་ཆགས་ནི་ཧ་ཅང་མང་འདུག ཐང་གར་འབྲི་བའི་སྲོག་ཆགས་ནི་ཐང་གའི་ནང་དོན་ལ་གཞིགས་ཏེ་འུད་བརྗོད་དང་སྒྲོ་འདོགས་གང་ལེགས་བྱ་དགོས།

རིགས་དབྱེ།  

བོད་ཀྱི་ལྡེབས་རིས།

བོད་ཀྱི་ལྡེབས་རིས་ཟེར་བ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས་ཤེས་བྱ། ཆོས་ལུགས་སོགས་མཚོན་པའི་གྱང་ངོས་སུ་བྲིས་པའི་རི་མོ་ལ་འབོད་པ་ཡིན་ཞིང་། མིང་གི་རྣམ་གྲངས་ལ་ལྡེབས་བྲིས་དང་། ལོགས་བྲིས། གྱང་བྲིས་ཡང་ན་བྲིས་དང་རིས་གང་བདེར་སྤྱད་དེ་ལྡེབས་རིས་དང་། ལོགས་རིས། གྱང་རིས་སོགས་སུ་འབྲི་ཚུལ་མང་དུ་ཡོད།

རིགས་དབྱེ།  

འབུར་སྐུའི་ངོས་འཛིན་གྱི་རྣམ་བཞག

སྐུ་བརྙན་ངོས་འཛིན་པར་བྱ་བའི་རྟགས་སམ་དངོས་པོ་གཙོ་བོ་ནི་དེ་དག་སོ་སོར་དབང་བའི་ཕྱག་རྒྱ་དང་། ཕྱག་མཚན། སྐུ་མདོག སྟངས་སྟབས་སོགས་ཡིན་ཞིང་། དེ་བཞིན་བླ་སྐུ་སོགས་ཡིན་ཚེ་དབུ་ཞྭའི་དབྱིབས་དང་དེའི་ཚོན་མདོག ན་བཟའི་བཟོ་ལྟ་དང་དེའི་ཚོན་མདོག་བཅས་ཀྱང་གལ་ཆེ་བའི་གཞི་འཛིན་ས་ཡིན།

རིགས་དབྱེ།  

བཀྲ་ཤིས་རྫས་བརྒྱད།

བཀྲ་ཤིས་པའི་རྫས་བརྒྱད་ནི་མེ་ལོང་དང་གི་ཝང་། ཞོ། རྩྭ་དུརྦ། བིལ་བ། དུང་གཡས་འཁྱིལ། ལི་ཁྲི། ཡུངས་དཀར་བཅས་ལ་ཟེར་བ་སྟེ། མཚོན་བྱ་ནི་འགྲོ་དོན་འགྲུབ་པ་དང་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་སྲིད་ཞིའི་དཔལ་འབྱོར་ལ་མངའ་མཛད་པ་དེ་ཡིན།

རིགས་དབྱེ།  

གཉྫིར།

དེ་ནི་རྒྱ་གར་གྱི་སྐད་ཡིན། བོད་སྐད་དུ་མཛོད་ལྡན་ཞེས་ཟེར་ཞིང་། བོད་དུ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་ཁག་དང་གཙུག་ལག་གི་ཡང་སྟེང་དུ་རྒྱལ་བ་རིགས་ལྔའི་མཚོན་དོན་ཚང་བའི་མཛེས་རྒྱན་ཞིག་འཛུགས་སྲོལ་ཡོད་པ་དེ་ཡིན།

རིགས་དབྱེ།  

ཚོན་གྱི་འབྱུང་ཁུངས།

ཚོན་རིགས་མི་འདྲ་བ་རེ་ལ་འབྱུང་ཁུངས་ཡང་མི་འདྲ་བ་རེ་ཡོད་པ་ཡིན་ནོ༎

རིགས་དབྱེ།  

ཚོན་མདོག་གི་ཉམས་འགྱུར།

ཁ་དོག་ལས་བྱུང་བའི་ཉམས་འགྱུར་ཞེས་པ་ནི། གསེར་ཀྱི་བུམ་པ་ཁ་དོག་བཙོ་མ་ལྟ་བུའི་ཉམས་འགྱུར་དེ་དང་། དངུལ་གྱི་བུམ་པ་ཁ་དོག་དཀར་པོ་ལྟ་བུའི་ཉམས་འགྱུར་གཉིས་གཅིག་མཐུན་མེད་པ་ལྟ་བུ་སོགས་ཡིན། ང་ཚོས་གཟུགས་དབྱིབས་མི་འདྲ་བ་མང་པོ་ཞིག་དང་ཁ་དོག་མི་འདྲ་བ་མང་པོ་ཞིག་ལ་དབྱེ་འབྱེད་རྟོག་ཞིབ་བྱས་པ་བརྒྱུད་ནས་བྱ་དངོས་མང་པོ་ཞིག་གི་རང་བཞིན་དང་ངོ་བོ་རྟོགས་ཐུབ།

རིགས་དབྱེ།  

དྲོད་མདོག་གྲང་མདོག

ཚོན་ལ་དྲོད་མདོག་གྲང་མདོག་གཉིས་སུ་སྣང་།། དྲོད་མདོག་དམར་ཞིང་གྲང་མདོག་སྔོ་བ་ཡིན༎ དྲོ་གྲང་གང་ལའང་མ་གཏོགས་སེར་པོའི་མདོག།

རིགས་དབྱེ།  

མཚོན་མདངས་གྲུབ་སྟངས་ཀྱི་གོ་རིམ།

མཚོན་མདངས་གྲུབ་སྟངས་ཀྱི་གོ་རིམ་བསྟན་པ་ལ། དེ་ཡང་ནམ་མཁའི་སྟོང་ཆ་ལ་ཐོག་མར་ནམ་མཁའི་སྔོ་སི་སྲབ་ལ་ཁོད་སྙོམས་ཐེངས་གཉིས་བྱུགས་རྗེས། ནམ་མཁའི་སྔོ་སངས་ཀྱིས་ཆུ་མདངས་ཐེངས་གཉིས་བརྒྱབ་ཐོག་ཕྲ་འཇམ་དཀྲུག་རྒྱག་དགོས། ཕྲ་དཀྲུག་སྐབས་པིར་རྩེ་ཡང་ལ་བྲེལ་བ་བྱས་ཏེ་ཐོག་མར་ཕྲ་ཆེ་ཙམ་དང་རིམ་བཞིན་ཆུང་དུ་གཏོང་བ་མ་ཟད། འཕྲེད་ལ་རིང་ཐུང་སྙོམས་པ་ཞིག་དཀྲུག་དགོས།

རིགས་དབྱེ།  

མདངས་རྒྱག་ལུགས།

མདངས་ཞེས་པ་ནི་གྲིབ་གཟུགས་ནག་ས་ནས་རིམ་བཞིན་སྐྱ་རུ་སོང་སྟེ་མཐར་དཀར་ཆ་མངོན་པ་དེ་ཡིན། ནག་ཆ་ལ་ཚོ་དང་དཀར་ཆ་ལ་སྐྱ་ཞེས་འབོད་པ་ཡིན་ནོ།།

རིགས་དབྱེ།  

མེ་ཏོག་གི་མདངས་རྒྱག་ལུགས།

མེ་ཏོག་གི་མདངས་རྒྱག་སྟངས་ལ་མཚོན་ན་འདབ་མའི་རྩ་བར་ཚོ་བརྒྱབ་སྟེ་རིམ་བཞིན་སྐྱ་རུ་གཏོང་བ། ཡལ་མཚམས་ལེགས་ཤིང་གད་པ་མེད་པ། མེ་ལོང་ལ་ཧ་བཏབ་པ་བཞིན་དགོས། མེ་ཏོག་གི་འདབ་མ་རྣམས་ཅི་ཙམ་རྒྱབ་ཏུ་གནས་པ་དེ་ཙམ་གྱིས་མདངས་ཚོ་རུ་གཏོང་བ་དང་མདུན་དུ་གནས་པའི་འདབ་མ་རྣམས་ཅི་ཙམ་མདུན་དུ་གནས་པ་དེ་ཙམ་གྱིས་མདངས་སྐྱ་རུ་གཏོང་དགོས།

རིགས་དབྱེ།  

སྤྲིན་པའི་མདངས་རྒྱག་སྟངས།

སྤྲིན་པའི་མདངས་རྒྱག་སྟངས་ནི་སྤྲིན་མིག་གི་མཚམས་ནས་ཚོ་བརྒྱབ་སྟེ་རིམ་བཞིན་ཧལ་ནས་སྐྱ་རུ་གཏོང་བ། སྤྲིན་མིག་དང་སྤྲིན་པའི་དཔུང་པ་གཡས་གཡོན་གཉིས་ལ་ཚོ་ཁུག་སྒྲིམ་ཞིང་། སྤྲིན་མིག་གི་དཀྱིལ་དུ་རྒྱལ་མོ་གར་ཙམ་བྱ་བ་ཡིན།

རིགས་དབྱེ།  

ཤ་མདངས།

ཤ་མདངས་ནི་ཤ་གཟུགས་འབུར་ཐོན་མཚོན་བྱེད་ཙམ་ཡིན་ཏེ། ལྷ་སྐུ་ཞི་དྲག་གང་ཡིན་རུང་ཤ་མདངས་རྒྱག་དགོས་པ་ཡིན་ཏེ། ཞི་བར་སྐྱ་ལ་ཁྲོ་བོར་ཚོ་བ་དགོས་སོ༎

རིགས་དབྱེ།