གཉེན་སྒྲིག་བཅའ་ཁྲིམས།

1980ལོའི་ཟླ9ཚེས10ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་ཞིང་། 2001ལོའི་ཟླ4ཚེས28ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་བཞག་པ་གཞིར་བཟུང་ནས་དག་བཅོས་བྱས།

རིགས་དབྱེ།  

དབང་བོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས།

དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་དབང་པོ་སྐྱོན་ཅན་གྱི་མི་རྣམས་པའི་བྱ་གཞག་གོང་འཕེལ་གཏོང་བ་དང་། དབང་པོ་སྐྱོན་ཅན་འདྲ་མཉམ་ངང་ནས་སྤྱི་ཚོགས་ཀྱི་འཚོ་བའི་ནང་ལེགས་པར་ཞུགས་པ་དང་སྤྱི་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་འབྲས་བུ་ཐུན་མོང་དུ་ལོངས་སྤྱོད་ཐུབ་པར་འགན་སྲུང་བྱེད་ཆེད་དུ་རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་བཟོས་པ་ཡིན།

རིགས་དབྱེ།  

བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས།

བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། སྐྱེས་པ་དང་བུད་མེད་འདྲ་མཉམ་ཡོང་བར་སྐུལ་འདེད། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་ནང་བུད་མེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་ཆེད་རྩ་ཁྲིམས་དང་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་བཅའ་ཁྲིམས་འདི་གཏན་ལ་ཕབ་པ་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྒྲིག་སྲོལ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ་ནི་ཀྲུང་གོས་དམངས་དོན་བྱ་འགུལ་ཁྲོད་ཀྱི་ཐུན་མོང་རང་བཞིན་ལྡན་པའི་གནད་དོན་ཁ་ཤས་ལ་སྤེལ་བའི་བཅའ་ཁྲིམས་གཏན་འཁེལ་བྱས་པ་ཡིན་ལ། དམངས་ཁྲིམས་ནི་དམངས་ཁྲིམས་མ་ལག་ཁྲོད་ཀྱི་སྤྱིར་བཏང་གི་ཐབས་ཤིག་ཡིན།

རིགས་དབྱེ།  

དམངས་ཁྲིམས།

དམངས་ཁྲིམས་ནི་ཚོང་རའི་དཔལ་འབྱོར་གྱི་འབྲེལ་བ་ལེགས་སྒྲིག་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཤིག་ཡིན་ཞིང་། ཚོང་རྫས་ཐོན་སྐྱེད་དང་བརྗེ་རེས་བྱེད་དགོས་ན་ངེས་པར་དུ་ཚོང་རྫས་ཐོན་སྐྱེད་དང་བརྗེ་རེས་བྱེད་མཁན་ཡོད་པ་དང་། ཚོང་རྫས་ཡོད་པ། ཚོང་རྫས་དང་དངུལ་ལོར་ཡང་ན་ཚོང་རྫས་བརྗེ་རེས་བྱེད་པའི་གནས་ཚུལ་ཚང་དགོས་པའི་མ་ལག་ཅིག་ཡིན།

རིགས་དབྱེ།  

དམངས་ཁྲིམས་ཁྲིམས་མཛོད།

དམངས་ཁྲིམས་ཁྲིམས་མཛོད་ནི་མ་ལག་ངེས་ཅན་ལྟར་རྩ་བའི་དམངས་དོན་བཅའ་ཁྲིམས་ཀྱི་ལམ་ལུགས་སྣ་ཚོགས་གཞི་གཅིག་ཏུ་རྩོམ་སྒྲིག་བྱས་པའི་དམངས་དོན་གྱི་རྩ་བའི་ལམ་ལུགས་ཤིག་ཡིན། དེ་རྒྱལ་ཁབ་ཁྲིམས་འཛུགས་ལས་ཁུངས་ཀྱིས་སྒྲིག་འཛུགས་དང་འགྲེམ་སྤེལ་བྱེད་ཅིང་རྒྱུན་ལྡན་དུ་དམངས་ཁྲིམས་ཁྲིམས་མཛོད་ཅེས་པའི་མིང་འདི་བཏགས་ཡོད།

རིགས་དབྱེ།  

དམངས་ཁྲིམས་རིག་པ།

དམངས་ཁྲིམས་རིག་པ་ནི་དམངས་ཁྲིམས་ཚད་ལྡན་དང་འབྲེལ་ཡོད་ཀྱི་ཚན་རིག་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་བཅའ་ཁྲིམས་ཀྱི་ཚན་རིག་ཅིག་གོ།

རིགས་དབྱེ།  

ཁྲིམས་ཀྱི་གཞུང་ལུགས།

ཁྲིམས་ཀྱི་གཞུང་ལུགས་ཞེས་པ་ནི་ཁྲིམས་ཀྱི་རྩ་བའི་རིག་པ་ལ་བྱ། དམངས་ཁྲིམས་ཀྱི་འབྱུང་ཁུངས་ཡིན་པའི་ཁྲིམས་ཀྱི་གཞུང་ལུགས་ནི་ཁྲིམས་འཛུགས་ཀྱི་ཐུགས་དགོངས་རྣམ་འབྱེད་བྱེད་པའི་དམངས་དོན་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་བའི་རིག་པ་ཞིག་ཡིན།

རིགས་དབྱེ།  

གཞུང་གཏུག

གཞུང་གཏུག་ནི་བཅའ་ཁྲིམས་ཀྱི་ཐ་སྙད་ཅིག་ཡིན་ཞིང་། དེ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་མྱུལ་ཞིབ་ལས་ཁུངས(བརྟག་དཔྱད་ལས་ཁུངས)ཀྱི་མྱུལ་ཞིབ་མཇུག་བསྒྲིལ་རྗེས(བརྟག་དཔྱད་མཇུག་སྒྲིལ)འདྲི་ཞིབ་ཁྲིམས་སྦྱོར་དུ་བསྐྱལ་བའི་གྱོད་དོན་ལ་ཁྲིམས་ལྟར་ཞིབ་བཤེར་བྱས་ཏེ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱེད་པ་དང་། ཁྲིམས་རར་ཕྱིན་ནས་གཞུང་གཏུག་ལ་རྒྱབ་སྐྱོར་བྱེད་པ། ཉེས་དོན་གྱི་དཔྱད་འབྲས་ལ་ཞིབ་བཤེར་བྱེད་པ། ཡང་ན་ཁྲིམས་ལྟར་ཁྲིམས་སྦྱོར་མི་བྱེད་པར་གྲོས་ཐག་བཅད་པའི་གཏུག་བཤེར་བྱེད་སྒོར་ཟེར།

རིགས་དབྱེ།  

བཅའ་ཁྲིམས་ལོ་རྒྱུས།

བཅའ་ཁྲིམས་ལོ་རྒྱུས་ནི་ཁྲིམས་ལུགས་རིག་པའི་ཁྱབ་ཁོངས་ནང་གི་རིག་ཚན་གལ་ཆེན་ཞིག་ཡིན་ཞིང་། རིག་ཚན་དེར་ལོ50ཙམ་གྱི་ཀྱག་ཀྱོག་དང་དཀའ་ཚེགས་ལྡན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལྡན་ཡོད་ལ། སྤྱི་ལོ1948ལོར་ལོ་རྒྱུས་མཁས་ཅན་སྐུ་ཞབས་ཧྥན་ཝུན་ལན་གྱིས་ཀྲུང་ཡོན་སློབ་ཆེན་གྱི་སློབ་གཙོ་དང་པོའི་འགན་འཁུར་ཞིང་། དེ་ནི་སློབ་གྲྭའི་ལོ་རྒྱུས་ཐོག་གི“ཁྲིམས”དང“ལོ་རྒྱུས”དབར་གྱི་འབྲེལ་ཡོད་དཔེ་མཚོན་སྔ་ཤོས་དེ་ཡིན་པ་དང་། སྤྱི་ལོ1955ལོར་བཅའ་ཁྲིམས་ལོ་རྒྱུས་ཀྱི་སློབ་ཁྲིད་ཚོགས་སྤྱི་དངོས་སུ་གྲུབ་ནས་རིག་ཚན་དེའི་རིག་གཞུང་འཕེལ་རྒྱས་བྱུང་།

རིགས་དབྱེ།  

རྒྱལ་སྤྱིའི་ཉེས་ཁྲིམས།

རྒྱལ་སྤྱིའི་ཉེས་ཁྲིམས་ཞེས་པ་ནི་རྒྱལ་སྤྱིའི་ཉེས་གསོག་གཏན་འབེབས་དང་རྒྱལ་ཁབ་དབར་གྱི་ཉེས་དོན་མཉམ་ལས་འབྲེལ་བའི་ཚད་གཞི་དང་། རྩ་དོན། ལམ་ལུགས་བཅས་ལེགས་སྒྲིག་བྱེད་པའི་སྤྱི་མིང་ལ་ཟེར།

རིགས་དབྱེ།  

རྒྱལ་སྤྱིའི་དཔལ་འབྱོར་ཁྲིམས་ལུགས་རིག་པ།

རྒྱལ་སྤྱིའི་དཔལ་འབྱོར་ཁྲིམས་ལུགས་རིག་པའི་བསླབ་ཚན་ནི་དབྱང་སུང་གིས་འགན་འཁུར་བ་དང་ལིའོ་ཉིང་སློབ་ཆེན་གྱིས་འཛུགས་སྐྲུན་སྡེ་ཚན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་བསླབ་ཚན་རྩེ་གྲ་ཞིག་རེད།

རིགས་དབྱེ།  

རྒྱལ་སྤྱིའི་ཁོར་ཡུག་ཁྲིམས་ལུགས་རིག་པ།

དེབ་འདི་ནི་རང་རྒྱལ་གྱི་སློབ་ཁྲིད་དང་ཞིབ་འཇུག་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྒྱལ་སྤྱིའི་ཁོར་ཡུག་བཅའ་ཁྲིམས་མཁས་དབང་བཅུ་གྲངས་ཀྱིས་རྩོམ་སྒྲིག་བྱས་ནས་གྲུབ་པ་ཞིག་ཡིན་ལ། གཙོ་བོ་རྒྱལ་སྤྱིའི་ཁོར་ཡུག་བཅའ་ཁྲིམས་ཀྱི་རགས་བཤད་དང་། རྒྱལ་སྤྱིའི་ཁོར་ཡུག་བཅའ་ཁྲིམས་ཀྱི་སྒྲིག་སྲོལ་དང་ལག་བསྟར། རྒྱལ་སྤྱིའི་ཁོར་ཡུག་གི་རྩོད་གཞི་དང་རྒྱལ་སྤྱིའི་ཁོར་ཡུག་བཅའ་ཁྲིམས་ཀྱི་འགན་འཁྲི། དེ་བཞིན་ཁོར་ཡུག་གི་རྒྱུ་རྐྱེན་ཁག་དང་ས་ཁོངས་ཁག་གི་ཁོར་ཡུག་དང་ཁོར་ཡུག་གི་གཞི་རྩའི་ཁེ་དབང་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་དང་རྒྱལ་སྤྱིའི་ཉོ་འཚོང་དང་རྒྱལ་སྤྱིའི་ཁོར་ཡུག་བཅའ་ཁྲིམས་སོགས་ཀྱི་གནད་དོན་ཡོད།

རིགས་དབྱེ།  

རྒྱལ་སྤྱིའི་ཤེས་བྱའི་ཐོན་དབང་གི་བཅའ་ཁྲིམས་རིག་པ།

རྒྱལ་སྤྱིའི་ཤེས་བྱའི་ཐོན་དབང་གི་བཅའ་ཁྲིམས་རིག་པ་ནི་མི་རྣམས་ཀྱིས་རང་ཉིད་ཀྱི་རིག་སྟོབས་བྱེད་སྒོས་གསར་སྐྲུན་བྱས་པའི་གྲུབ་འབྲས་དང་གཉེར་སྐྱོང་དོ་དམ་བྱེད་སྒོའི་ཁྲོད་ཀྱི་མཚོན་རྟགས་དང་མཚན་སྙན་ལ་གཞིགས་ནས་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་ཁེ་དབང་ཞིག་ཡིན་ལ། ཤེས་བྱའི་ཐོན་རྫས་ལ་གཞིགས་ནས་ལོངས་སུ་སྤྱོད་པའི་ཁེ་དབང་ཞིག་ཀྱང་ཡིན།

རིགས་དབྱེ།  

སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས།

《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》 ནི་སའི་གོ་ལའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་རྒྱལ་སྤྱིའི་རང་བཞིན་གྱི་སྤྱི་ཆིངས་ཤིག་ཡིན། སྤྱི་ལོ1992ལོའི་ཟླ6པའི་ཚེས1ཉིན་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་གྲོས་འགོ་བཏོན་པའི་སྲིད་གཞུང་བར་གྱི་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་ནེ་རོ་པིར་གྲོས་འཆམ་བྱུང་ཞིང་། སྤྱི་ལོ1992ལོའི་ཟླ6པའི་ཚེས5ཉིན་གན་རྒྱ་འཇོག་མཁན་རྒྱལ་ཁབ་ཀྱིས་པར་ཙིར་གྱི་ལི་ཡུའེ་རེ་ནེ་ལུའུ་རུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཚོགས་ཆེན་ཐོག་མིང་རྟགས་བཀོད།

རིགས་དབྱེ།  

གཙོ་ཁྲིམས།

དེ་ནི་དབང་ཆ་དང་འོས་འགན་གྱི་ནང་དོན་དངོས་སམ་ཡང་ན་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པའི་གནས་ཚུལ་དངོས་གཏན་འབེབས་བྱེད་པའི་བཅའ་ཁྲིམས་ལ་ཟེར་ཞིང་། དཔེར་ན་དམངས་ཁྲིམས་དང་། གན་རྒྱའི་བཅའ་ཁྲིམས། གཉེན་སྒྲིག་བཅའ་ཁྲིམས། ཀུང་སིའི་བཅའ་ཁྲིམས་སོགས་ཡིན། ལས་རིམ་བཅའ་ཁྲིམས་ནི་ཁེ་དབང་དང་འགན་དབང་མངོན་འགྱུར་དང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ་དང་། འོས་འགན་དང་འགན་འཁྲི་ལག་བསྟར་བྱེད་པའི་འབྲེལ་ཡོད་ལས་རིམ་ནང་དོན་གཙོ་བོར་བྱེད་པའི་བཅའ་ཁྲིམས་ཤིག་ཡིན།

རིགས་དབྱེ།  

ས་གནས་རང་སྐྱོང་ལྷན་ཚོགས།

ས་གནས་རང་སྐྱོང་ལྷན་ཚོགས་ནི་སྤྱི་ལོ2012ལོར་ཁྱབ་བསྒྲགས་བྱས་པའི་འཛམ་གླིང་ལོ་རྒྱུས་ཀྱི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

རྒྱལ་སྤྱིའི་ཚད་ལྡན་གན་རྒྱ།

རྒྱལ་སྤྱིའི་ཚད་ལྡན་གན་རྒྱ་ནི་རྒྱལ་སྤྱིའི་ཚོང་ལས་ཀྱི་རྒྱུན་སྲོལ་ལྟར་སྔོན་ལ་གཏན་འབེབས་བྱས་པའི་དཔེ་སྟོན་རང་བཞིན་གྱི་གན་རྒྱ་ཞིག་ཡིན།

རིགས་དབྱེ།  

ཁྱིམ་ཐོ་གནས་ཡུལ།

ཀྲུང་གོའི་གྲོང་མིའི་ཁྱིམ་ཐོ་ཐོ་འགོད་བྱེད་ས། ཁྱིམ་ཐོ་གནས་ཡུལ་ཞེས་པ་ནི་ཀྲུང་གོའི་ཡུལ་མིའི་ཁྱིམ་ཐོ་ཐོ་འགོད་བྱ་ཡུལ་ལ་ཟེར་བ་དང་། སྤྱིར་བཏང་དུ་ཕྲུ་གུ་སྐྱེས་སྐབས་ཀྱི་ཕ་མའི་ཁྱིམ་ཐོ་ཐོ་འགོད་བྱ་ཡུལ་ལ་ཟེར་ཞིང་། སྤྱིར་བཏང་དུ་ཁྱིམ་ཚང་གི་ཁྱིམ་ཐོའི་ཐོག་གི་ཁྱིམ་ཐོ་གནས་ཡུལ་ལ་ཟེར།

རིགས་དབྱེ།  

ལྟ་སྐྱོང་ནུས་པ།

ལྟ་སྐྱོང་ནུས་པ་ཞེས་པ་ནི་ལྟ་སྐྱོང་བྱེད་པའི་མི་ཡིན་པའི་ཆ་ནས་ལྟ་སྐྱོང་བྱ་ཡུལ་མིའི་ལུས་ཁམས་དང་རྒྱུ་ནོར་སོགས་ཁྲིམས་མཐུན་ཁེ་དབང་ལ་ལྟ་སྐུལ་དང་། སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་བའི་བྱ་སྤྱོད་སྤེལ་བའི་ནུས་པ་ལ་ཟེར། ལྟ་སྐྱོང་བྱེད་པའི་ནུས་པ་ཡོད་མེད་ཞིབ་བསྡུར་བྱེད་དགོས་ཚེ《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ>ལག་ལེན་མཐར་ཕྱིན་བྱེད་པའི་གནད་དོན་འགའི་སྐོར་གྱི་བསམ་འཆར(ཚོད་ལྟ)》གྱི་དོན་ཚན11པའི་འགྲེལ་བཤད་ལྟར་བསྒྲུབ་དགོས།

རིགས་དབྱེ།  

རང་བཙན་མཉམ་འབྲེལ་རྩ་ཁྲིམས།

《རང་བཙན་མཉམ་འབྲེལ་རྩ་ཁྲིམས》ནི་སྤྱི་ལོ1993ལོའི་ཟླ1པོའི་རང་བཙན་མཉམ་འབྲེལ་གྱི་འགོ་གཙོའི་གྲོས་ཚོགས་ཐེངས8པའི་ཐོག་གྲོས་འཆམ་བྱུང་བའི་ལམ་ལུགས་ཤིག་ཡིན།

རིགས་དབྱེ།  

སྲིད་གཞུང་བར་གྱི་རྒྱལ་སྤྱིའི་རྩ་འཛུགས།

སྲིད་གཞུང་བར་གྱི་རྒྱལ་སྤྱིའི་རྩ་འཛུགས་ནི་ཕྱོགས་མང་གི་རྒྱལ་སྤྱིའི་ཆིངས་ཡིག་སྟེ། གསར་གཏོད་རང་བཞིན་གྱི་ཡིག་ཆར་གཞིགས་ནས་བཙུགས་པའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན། དེས་རང་ཉིད་ཀྱི་དམིགས་ཡུལ་དང་རྩ་དོན། བྱེད་སྒོའི་སྒྲིག་ཡིག་བཅས་གཏན་འབེབས་བྱས་ཡོད་ལ། རྒྱུན་གནས་ཀྱི་རྩ་འཛུགས་ལས་ཁུངས་ཆ་ཚང་ཞིག་ཀྱང་ཡིན། དེའི་དམིགས་ཡུལ་དང་། རྩ་དོན། བྱེད་སྒོ་བཅས་ངེས་པར་དུ་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞི་དང་མཐུན་དགོས། དེ་ནི་རྒྱལ་ཁབ་ཁ་ཤས་ཀྱིས་དམིགས་བསལ་གྱི་དམིགས་ཡུལ་དང་ལས་འགན་མངོན་འགྱུར་བྱེད་ཆེད་བཙུགས་པ་ཞིག་ཡིན།

རིགས་དབྱེ།  

རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་།

རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ནི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་རྒྱལ་ཁབ་ཀྱི་ཀྲུང་དབྱང་སྲིད་གཞུང་ལ་ཟེར། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ནི་སྤྱིར་བཏང་དུ་ས་གནས་རང་སྐྱོང་འདུ་ཤེས་ཅུང་ཆེ་བའི་རྒྱལ་ཁབ་ཏུ་བྱུང་བ་ཡིན། ཀྲུང་དབྱང་གི་དབང་ཆ་གཅིག་སྡུད་ལམ་ལུགས་དང་བསྡུར་ན། རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ནི་ས་གནས་ཀྱི་དབང་ཆ་བགོ་བའི་ལམ་ལུགས་ཤིག་ཡིན། དེའི་རྩ་ཁྲིམས་ཀྱིས་སྲིད་གཞུང་གི་དབང་ཆ་མང་ཆེ་བ་ས་གནས་ལ་བགོས་ཡོད། འོན་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་ཚད་ཡོད་ཀྱི་ལས་དོན་ཁོ་ན་འགན་འཁུར་དགོས། འོན་ཀྱང་ཀྲུང་དབྱང་གིས་རྒྱུན་དུ་དམག་དོན་དང་། ཕྱི་འབྲེལ། ནོར་སྲིད་བཅས་ཀྱི་དབང་ཆ་སོར་འཇོག་བྱས་ཡོད།

རིགས་དབྱེ།  

ཚན་རིག་དང་མཐུན་པའི་ཁྲིམས་འཛུགས།

ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་ནི་རྒྱལ་ཁབ་ཅིག་གི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་མིན་ལ་བརྡར་ཤ་གཅོད་པའི་ཚད་གཞིའི་གྲས་ཤིག་ཡིན། འོ་ན་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་ཀྱི་ནང་དོན་དང་འབྲེལ་ཡོད་གནད་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་འགྲེལ་ཇི་ལྟར་བྱ་རྒྱུ་དེ་རིགས་པའི་གཞུང་ལུགས་ལས་རིགས་དང་ཁྲིམས་སྐྱོང་ལག་ལེན་ཁྲོད་གཡོལ་ཐབས་མེད་པ་ཞིག་རེད།

རིགས་དབྱེ།  

རྒྱལ་ཁབ་ཀྱི་བདེ་འཇགས།

རྒྱལ་ཁབ་བདེ་འཇགས་ཞེས་པ་ནི་རྒྱལ་ཁབ་ཀྱི་སྲིད་དབང་དང་། བདག་དབང་། གཅིག་གྱུར་དང་མངའ་ཁོངས་ཆ་ཚང་། མི་དམངས་ཀྱི་བདེ་སྐྱིད། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་གལ་ཆེན་གཞན་དག་བལྟོས་བཅས་ཀྱིས་ཉེན་ཁ་མེད་པ་དང་ཕྱི་ནང་གི་འཇིགས་སྐུལ་མི་ཐེབས་པར་རྒྱུན་མཐུད་བདེ་འཇགས་ཀྱི་རྣམ་པ་འགན་སྲུང་བྱེད་པའི་གནས་ཚུལ་ལ་གོ

རིགས་དབྱེ།  

འཛིན་བཟུང་ཆོག་མཆན་འགོད་པའི་དབང་ཆ།

འཛིན་བཟུང་ཆོག་མཆན་འགོད་པའི་དབང་ཆ་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་དབང་ཆའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། སྒྲིག་བཀོད་དེས་ཉེས་དོན་ཁྲིམས་འཛིན་དྲང་གཞག་ཡིན་མིན་དང་ཐད་ཀར་འབྲེལ་བ་ཡོད། འདྲི་གཅོད་ལས་ཁུངས་ལ་ཉེས་དོན་ཞུ་གཏུག་བྱེད་པའི་དུས་སྐབས་ནང་དབང་གྲགས་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་དབང་ཆ་ལྡན་པས། འདྲི་གཅོད་ལས་ཁུངས་ཀྱིས་འཛིན་བཟུང་ཆོག་མཆན་འགོད་དབང་སྤྱོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཉེས་དོན་གཏུག་བཤེར་གྱི་ཁྲོད་དུ་ཞུ་སྦྱོར་གྱི་འགན་ནུས་འཁུར་བའི་ཞིབ་དཔྱོད་ལས་ཁུངས་ལ་འཛིན་བཟུང་ཆོག་མཆན་འགོད་པའི་དབང་ཆ་མེད།

རིགས་དབྱེ།  

ཉེས་ཆད་ཀྱི་བྱེད་ནུས།

ཉེས་ཆད་ཀྱི་བྱེད་ནུས་ནི་རྒྱལ་ཁབ་ཀྱིས་ཉེས་ཆད་གཅོད་པའི་བྱས་ཉེས་ལ་བརྟེན་ནས་ཐོན་པའི་སྤྱི་ཚོགས་ཀྱི་ནུས་པ་ཞིག་ཡིན་ལ། ཉེས་ཆད་ཀྱི་བྱེད་ནུས་ནི་གཙོ་བོ་ཉེས་ཆད་ཀྱི་དམིགས་ཡུལ་ཕྱི་སྒྱུར་ཅན་གྱི་རྣམ་པ་ཞིག་ཡིན།

རིགས་དབྱེ།  

བདེ་སྐྱོང་དོ་དོམ་རིག་པ།

བདེ་སྐྱོང་དོ་དམ་རིག་པ་ཞེས་པ་ནི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་དང་། སྤྱི་པའི་བདེ་འཇགས་འགན་སྲུང་། སྤྱི་དམངས་ཀྱི་མི་ལུས་དང་རྒྱུ་ནོར་གྱི་ཁེ་དབང་སྲུང་སྐྱོང་བཅས་བྱེད་ཆེད་ཁྲིམས་ལྟར་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་སྲིད་འཛིན་དོ་དམ་ལ་ཟེར།

རིགས་དབྱེ།  

བྱས་ཉེས་རང་ཞུ།

བྱས་ཉེས་རང་ཞུ་ནི《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱས་ཉེས་རང་ཞུ་དང་བྱས་རྗེས་འཇོག་པར་ཐག་གཅོད་བྱེད་པའི་ཞིབ་ཕྲའི་ཉེར་སྤྱོད་བཅའ་ཁྲིམས་ཀྱི་གནད་དོན་འགྲེལ་བཤད》ཀྱི་དོན་ཚན་གཉིས་པའི་གཏན་འབེབས་ལྟར། “ཉེས་ཁྲིམས་ཀྱི་དོན་ཚན67ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར། བཙན་ཤེད་ཀྱིས་བྱ་ཐབས་སྤྱད་པའི་བྱས་ཉེས་མི་འདྲ་བའི་རིགས་འདུས།

རིགས་དབྱེ།  

རྒྱལ་སྤྱིའི་ཁྲིམས་ལུགས་རིག་པ།

《རྒྱལ་སྤྱིའི་ཁྲིམས་ལུགས་རིག་པ》ནི་སྤྱི་ལོ2016ལོར་པར་སྐྲུན་བྱས་པའི་མཐོ་རིམ་སློབ་གླིང་གི་ཁྲིམས་ལུགས་རིག་པའི་རིམ་སྤེལ་སློབ་དེབ་ཞིག་ཡིན་པ་དང་། རྩོམ་པ་པོ་ནི་ཧོང་ཆིའུ་ཧྥེང་དང་། ཞུའུ་ཞའོ་ཧྥན་གཉིས་ཡིན།

རིགས་དབྱེ།