ཡོངས་འཛིན་རིག་མཛོད། >འཚོ་བ། >ཁྱིམ་ཆས། >གཞན་དག

དྲོད་རླངས།

དྲོད་རླངས་ནི་བྱང་ཕྱོགས་ས་ཁུལ་གྱིས་དགུན་གྱི་དུས་སུ་གྲང་ངར་འགོག་པའི་སྒྲིག་བཀོད་ཡིན། ཁྱབ་ཆེ་བའི་གོ་དོན་ནི་མི་རྣམས་ལ་དྲོད་ཁོལ་སྟེར་ཐུབ་པའི་ཐོན་རྫས་ཤིག་ཡིན། གྲང་ངར་ཆེ་བའི་ས་གནས་སུ་དྲོད་རླངས་བཀོལ་སྤྱོད་བྱེད་བཞིན་ཡོད།

རིགས་དབྱེ།  

ཚོགས་ཅོག

ཚོགས་ཅོག་ནི་རྒྱུན་མཐོང་གི་དེང་རབས་ཀྱི་གཞུང་ལས་སྒྲུབ་བྱེད་ཀྱི་མཁོ་ཆས་ཤིག་ཡིན། དེ་ལ་དབྱེ་ན་སྤྱིར་བཏང་གི་ཆུང་བའི་རིགས་ཀྱི་ཚོགས་ཅོག་དང་། ཆེ་རིགས་ཀྱི་ཚོགས་ཅོག་གཉིས་ཡོད། རྣམ་པ་ཡང་སྣ་ཚོགས་ཡོད་དོ། །

རིགས་དབྱེ།  

སྐོར་རུ།

རྒྱུ་ཤིང་ལས་བཟོས་པ་ཞིག་སྟེ། རོང་འབྲོག་གི་འཚོ་བའི་ཁྲོད་དུ་སྤྱོད་སྒོ་ཆེ་བའི་བལ་རྩིད་སོགས་འཁེལ་བྱེད་ཀྱི་ཡོ་བྱད་ཁྱད་པར་བ་ཞིག་གོ།

རིགས་དབྱེ།  

གླང་སྒ།

རྒྱུ་ཤིང་སོགས་ལས་བཟོས་པ་ཞིག་སྟེ། མཛོ་གཡག་རྟ་དྲེལ་སོགས་ལ་གླང་སྒ་བསྟད་ནས་རུ་འགེལ་བ་དང་དངོས་པོ་སྐྱེལ་འདྲེན་བྱེད་པར་མཁོ་བའི་ཡོ་བྱད་ཅིག

རིགས་དབྱེ།  

འབོལ་གདན་བཟོ་ཚུལ།

ང་ཚོས་རང་ཉིད་རྒྱུན་དུ་ཙོག་པའི་ཨོང་སྟེགས་སྟེང་དུ་འཇམ་ཞིང་མཉེན་ལ་བར་འཚང་ཅན་གྱི་གདན་འབོལ་བོ་ཞིག་བཟོས་ན། ཙོག་བདེ་ཞིང་འཇམ་ལ་དྲོ་སྐྱིད་ལྡན་པ་དང་། དེ་འདྲ་ཞིག་བཟོས་ནས་ཕ་མའམ་བསླབ་བྱ་སོ་སོའི་དགེ་རྒན་ལ་ཕུལ་ན་ལེགས་སྐྱེས་བཟང་བོ་ཞིག་ཏུ་བརྩིས་ཆོག་པ་མ་ཟད་བྱིས་པ་ཡ་རབས་ཤིག་གི་རྟགས་ཀྱང་ཡིན། འབོལ་གདན་དེ་འདྲ་ཞིག་བཟོ་བར་རྒྱུ་ཆ་བཙལ་རྗེས་འཚེམ་བཟོ་བྱེད་པར་དཀའ་ཁག་ཆེན་པོ་མེད།

རིགས་དབྱེ།  

གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་ལག་རྩལ་ཚད་ལྡན།

《གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་ལག་རྩལ་ཚད་ལྡན》ནི་སྤྱི་ལོ2009ལོའི་ཟླ5བར་ཀྲུང་གོའི་བཟོ་སྐྲུན་བཟོ་ལས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་ཞིང་། ཚད་ལྡན་དེའི་ནང་སྤྱིའི་རྩ་དོན་དང་། ཐ་སྙད། གཞི་རྩའི་ནུས་པའི་གཏན་འབེབས། འབར་རླངས་ཀྱི་སྤུས་ཚད། འབར་རླངས་བཟོ་གྲྭའི་ས་ཚིགས། འབར་རླངས་སྦུག་ལམ་དང་གནོན་ཤུགས་སྙོམས་སྒྲིག་གི་སྒྲིག་བཀོད། འབར་རླངས་རླངས་འཁོར་སྐྱེལ་འདྲེན། འབར་ཆས་དང་རླངས་སྤྱོད་སྒྲིག་ཆས་སོགས་ལག་རྩལ་གྱི་ནང་དོན་ཚུད་ཡོད།

རིགས་དབྱེ།  

ཀ་མོ།

རྒྱུ་བལ་ལས་བཏགས་ཤིང་སྒྱེ་མོ་ལས་ཆུང་བའི་སྣོད་སྤྱད་ཅིག་གི་མིང་། སྔོན་ཆད་དེ་ཁྱིམ་ཚང་གི་ཇ་དང་ཚྭ་ཁུ་ཐུར་མ་ལ་སོགས་འཇོག་སྣོད་ཀྱང་བྱེད། སྒྱེ་མོ་འབྲིང་ཙམ་ལ་ཚྭ་སྒྱེ་ཞེས་ཟེར།

རིགས་དབྱེ།  

ཆུ་ཚགས།

དགེ་སློང་གི་འཚོ་བའི་ཡོ་བྱད་དྲུག་གི་ཡ་གྱལ་ཏེ། འཐུང་ཆུའི་ནང་གི་འབུ་སྲིན་སོགས་ཕྱིར་འདོན་བྱེད་ཀྱི་རས་ཆའི་ཚགས་མའི་མིང་། ཆུ་གནས་སྲོག་ཆགས་ཆུང་ངུའི་སྲོག་ལ་མི་གནོད་པའི་ཆེད་དུ་ཚགས་པའི་ཡོ་བྱད་ཡིན་པས་ཆུ་ཚགས་ཞེས་བརྗོད།

རིགས་དབྱེ།  

ལྷུང་བཟེད་ཀྱི་རུང་བ་ལྔ་ལྡན།

སངས་རྒྱས་ཆོས་ལུགས་པའི་དགེ་སློང་རྣམས་ཀྱིས་བསོད་སྙོམས་སློང་བའི་སྣོད་ཅིག་ཡིན། དེ་ཡང་རྒྱུ་ནི་ལྕགས་དང་འཇིམ་པ་གང་རིགས་ལས་བྱས་པ་མདོག་ནག་པོ། བཟོ་དབྱིབས་སྒོ་ང་ཕྱེད་ཀ་བཅད་པ་ལྟ་བུ་ལ་དགེ་སློང་ཕ་ཡི་ལྷུང་བཟེད་ཆེ་ཚད་ནི་རྒྱ་གར་མ་གངྷ་ཡི་བྲེ་གང་གི་ཚད་ཀྱི་འབྲས་རླངས་བཙོས་བྱས་པ་འཕེལ་བའི་ཕུལ་བཅུ་གསུམ། དེའི་སྟེང་སྔོ་ཚོད་ཕུལ་བཞི། སྟོང་པ་ཕུལ་གང་བཅས་ཕུལ་བཅོ་བརྒྱད་ཤོང་བ་ཞིག་དང༌། ཆུང་ཚད་ནི་འབྲས་བྲེ་གང་བཙོས་ནས་འཕེལ་བའི་ཕུལ་དྲུག དེའི་སྟེང་དུ་སྔོ་ཚོད་ཕུལ་དོ། སྟོང་པ་ཕུལ་གང་སྟེ་ཕུལ་དགུ་ཤོང་བ་ཞིག་ཡོདཅིང༌། དེ་གཉིས་ཀྱི་བར་ནི་འབྲིང་ཚད་ཡིན་ལ། དགེ་སློང་ཕའི་ལྷུང་བཟེད་ཆུང་ཚད་དེ་དགེ་སློང་མའི་ལྷུང་བཟེད་ཆེ་ཚད་ཡིན་པ་སོགས་ཞིབ་པར་འདུལ་བའི་གཞུང་རབ་བྱུང་གི་གཞིའི་སྐབས་སུ་གསལ། འདིར་ལྷུང་བཟེད་ཀྱི་རུང་བ་ལྔ་ལྡན་བརྗོད་ཡོད།

རིགས་དབྱེ།