བཙན་རྒྱལ་རིང་ལུགས་གྱིས་ཀྲུང་གོར་བཙན་འཛུལ་བྱེད་པ།

ལྕགས་ཕག་ལོའི་གསར་བརྗེ་ལངས་རྗེས། བཙན་རྒྱལ་རིང་ལུགས་བཙན་དབང་རྒྱལ་ཁབ་སྟེ་ལྷག་པར་དུ་ཨུ་རུ་སུ་དང་དབྱིན་ཇི། འཇའ་ཕན་སོགས་རྒྱལ་ཁབ་གྱིས་ཀྲུང་གོའི་སྲིད་དབང་བརྗེ་སྤྲོད་ཀྱི་གོ་སྐབས་དང་བསྟུན་ནས་བཙན་འཛུལ་ལ་ཤུགས་བསྣན་པ་རེད། པེ་དབྱང་དམག་ཤེད་ཅན་སྲིད་གཞུང་གིས་བཙན་དབང་རྒྱལ་ཁབ་ཀྱི་གནོན་ཤུགས་ལ་གཉའ་ཆག་ནས་རྒྱལ་འཚོང་སྲིད་ཇུས་ལག་བསྟར་བྱས་པས། ཀྲུང་གོའི་ཕྱི་འབྲེལ་ལ་བསྟུད་མར་ཕམ་ཁ་འཁེལ་ཏེ་མངའ་ཁོངས་དང་བདག་དབང་མང་པོ་ཤོར།

རིགས་དབྱེ།  

མནའ་མཐུན་ཚོགས་པ་བཙུགས་པ།

མནའ་མཐུན་ཚོགས་པ་ནི་རྒྱལ་ཡོངས་རང་བཞིན་དང་གཅིག་གྱུར་གྱི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་སྲིད་ཏང་དང་པོ་ཡིན་ཞིང་། དེ་བཙུགས་པ་དེས་ཀྲུང་གོའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་གསར་བརྗེ་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན།

རིགས་དབྱེ།  

ཝུའུ་ཁྲང་འོས་ལངས་དང་ཧུའུ་པེ་དམག་དོན་སྲིད་གཞུང་བཙུགས།

ཝུའུ་ཁྲང་འོས་ལངས་ཀྱི་སྐབས་སུ། སུན་ཀྲུང་ཧྲན་རྒྱང་རིང་གི་ཡུལ་གྲུ་ཨ་མེ་རི་ཁ་ན་ཡོད་པ་དང་། ཧོང་ཞིན་ཞང་ཀང་དུ་ཡོད་ལ། སུན་ཅའོ་རེན་ཧྲང་ཧའེ་རུ་ཡོད། རྩོམ་རིག་ཚོགས་པ་དང་སྤྱི་ཚོགས་དངོས་སྐྱོད་ཚོགས་པའི་མགོ་ཁྲིད་པ་ལ་ལ་གཤེགས་པ་དང་། ལ་ལར་རྨས་ཕོག་པ། ལ་ལ་བྲོས་བྱོལ་བྱས་པའི་དབང་གིས་དམག་དོན་སྲིད་གཞུང་གི་མགོ་གཙོ་ལི་ཡོན་ཧུང་སྤྱི་ཁྱབ་དམག་སྲིད་དཔོན་པོར་བསྐོས།

རིགས་དབྱེ།  

འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེའི་དར་ཚུལ།

འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་གསར་བརྗེ་ནི་ཀྲུང་གུང་གིས་ཡན་ཨན་ནས་སྤེལ་བ་དང་། གཙོ་བོ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས། ཏང་གཅིག་ལམ་ལུགས་ཡིན་པའི་གོ་མིན་ཏང་གི་ལག་ནས་སྲིད་དབང་འཕྲོག་རྒྱུ་དེ་རེད།

རིགས་དབྱེ།  

རིག་གནས་གསར་བའི་ལས་འགུལ།

པེ་དབྱང་དམག་ཤེད་ཅན་གྱིས་དབང་སྒྱུར་བྱེད་པའི་དུས་མགོར། ལོ་ངོ་སྟོང་ཕྲག་དུ་མའི་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་རྡུང་རྡེག་དྲག་པོ་གཏོང་བའི་རིག་གནས་ཀྱི་བློ་སྒོ་འབྱེད་པའི་ལས་འགུལ་ཏེ་རིག་གནས་གསར་བའི་ལས་འགུལ་བསླངས།

རིགས་དབྱེ།  

རྒྱལ་སྲུང་ལས་འགུལ།

རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་གྱུར། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པ་བཅས་ཡིན།

རིགས་དབྱེ།  

ལྔ་བཞིའི་རྒྱལ་གཅེས་ལས་འགུལ།

རྒྱལ་ཡོངས་ཀྱི་བཟོ་ཚོང་ལས་རིགས་སོ་སོ་ཚང་མ་ཡར་ལངས་ནས་རྒྱལ་དམངས་ཚོགས་ཆེན་ཚོགས་གང་ཐུབ་བྱེད་དགོས་ཤིང་། ཕྱི་རུ་རྒྱལ་ཁབ་ཀྱི་བདག་དབང་ཐོབ་པར་བརྩོན་ལེན་དང་། ནང་དུ་རྒྱལ་འཚོང་ཆོམ་རྐུན་ལ་ཉེས་ཆད་གཅོད་དགོས། ཀྲུང་གོའི་ཆག་འཇིག་དེ་ཁོ་ནར་རག་ལས་པ་རེད། ད་ལྟ་རྒྱལ་ཡོངས་ཀྱི་སྤུན་ཟླའི་དམ་ཚིག་གཉིས་འཛིན་དགོས་ཏེ། ཀྲུང་གོའི་ས་ཆ་བཏུལ་ཡང་བཅད་སྤྲོད་བྱེད་མི་རུང་ལ། ཀྲུང་གོའི་མི་དམངས་དམར་གསོད་བྱས་ཀྱང་མགོ་བོ་མི་སྒུར་བ་བཅས་སོ། །

རིགས་དབྱེ།  

ལྕགས་གླང་ལོའི་ཆིངས་ཡིག

དེ་ནི་ལི་ཧུང་ཀྲང་གིས་ཆིང་སྲིད་གཞུང་ཚབ་བྱས་ཏེ་རྒྱལ་ཁབ་11དང་མཉམ་དུ་པེ་ཅིན་ནས་དངོས་སུ་བཞག་པའི་རྒྱལ་ཁབ་ཀྱི་ལ་རྒྱ་ཤོར་བའི་ཆིངས་ཡིག་ཅིག་གོ།

རིགས་དབྱེ།  

ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག

དུས་རབས19བའི་དུས་སྨད་དུ་འཇའ་ཕན་གྱིས་ཀྲུང་གོ་དང་ཀོ་རི་ཡར་བཙན་འཛུལ་བྱས་པའི་དམག་འཁྲུག་ཅིག་ཡིན།

རིགས་དབྱེ།  

ས་ཁྱི་ལོའི་ལུགས་སྒྱུར།

དེ་ནི་ཆབ་སྲིད་ཀྱི་ལུགས་སྒྱུར་ཞིག་ཡིན་ལ། བསམ་བློ་བཅིངས་འགྲོལ་གྱི་ལས་འགུལ་དང་འབྱོར་ལྡན་གྲལ་རིམ་གྱི་རིག་གནས་ལས་འགུལ་ཞིག་ཀྱང་ཡིན།

རིགས་དབྱེ།  

ཞི་བདེ་གནམ་རྒྱལ་གྱི་ལས་འགུལ།

དེ་ནི་ཧོང་ཞིའུ་ཆོན་གཙོ་ཡིན་པའི་མི་སྣ་དྲུག་གིས་རྩ་འཛུགས་བྱས་པའི་ཀོང་ཞི་ནས་ལངས་པའི་ཆིང་རྒྱལ་རབས་ཀྱི་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་དང་ཕྱི་རྒྱལ་གྱི་མ་རྩ་རིང་ལུགས་ལ་བཤུ་གཞོག་དང་། ཞིང་བའི་འོས་ལངས་ཀྱི་དམག་འཁྲུག་ཅིག་ཡིན། དུས་རབས19བའི་དུས་དཀྱིལ་གྱི་ཀྲུང་གོ་ནས་བྱུང་བའི་ཆེས་རྒྱ་ཆེ་བའི་ཆིང་རྒོལ་ལས་འགུལ་ཞིག་ཡིན།

རིགས་དབྱེ།  

མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས།

མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས་ནི་ལོ་ངོ་བཞི་བརྒྱ་ལྷག་གི་རིང་ལ་དེའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མི་འདང་ས་མང་པོ་ཞིག་དབྱེ་ཞིབ་དང་འཕེལ་རྒྱས་འགྲོ་བཞིན་པའི་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་ཉེན་དང་གཞི་རྩའི་ཐབས་ལམ་ཞིག་ཡིན།

རིགས་དབྱེ།  

རླབས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་ཕྱོགས་འགྱུར།

ལོ་བཅུའི་རིང་གི་རིག་གནས་གསར་བརྗེ་ཆེན་པོའི་ཟིང་འཁྲུག་བརྒྱུད། ཆབ་སྲིད་ཀྱི་གནད་དོན་དང་སྤྱི་ཚོགས་ཀྱི་གནད་དོན་ཚབས་ཆེ་བས། རྒྱལ་ཁབ་ཀྱི་འཚོ་བའི་རྒྱུན་སྲོལ་འཕྲལ་དུ་བསྐྱར་འཛུགས་དང། གཏོར་བརླག་ཚབས་ཆེན་ཐེབས་པའི་དཔལ་འབྱོར་དང་རིག་གནས་སློབ་གསོའི་བྱ་བ་འཕྲལ་དུ་སླར་གསོ་བྱས།

རིགས་དབྱེ།  

ལིན་པིའོ་གསར་བརྗེར་ངོ་རྒོལ་ཚོགས་ཁག་རྩ་མེད་དུ་བཏང་།

རིག་གསར་ནས་ལིན་པིའོ་ཡི་གོ་གནས་ཇེ་མཐོར་སོང་། ཏང་གི་ཚོགས་ཆེན་དགུ་བའི་སྟེང་ཁོ་ནི་མའོ་ཙེ་ཏུང་གི་རྒྱུན་འཛིན་པ་ཡིན་པ་གཏན་ལ་ཕབ་པས། ཁོ་གཙོ་ཡིན་པའི་ཚོགས་ཁག་གི་སྟོབས་ཤུགས་འཕེལ་བ་ཧ་ཅང་མགྱོགས། ཚོགས་ཆེན་དགུ་བའི་རྗེས་སུ། ལིན་པིའོ་ཚོགས་ཁག་གིས་དབང་ཆ་འཕྲོག་པར་ཤུགས་སྣོན་པའི་གནས་ཚུལ་དེ་མའོ་ཙེ་ཏུང་གིས་མཁྱེན་པ་རེད།

རིགས་དབྱེ།  

ལུས་རྩལ་རྒྱལ་ཁབ་ཏུ་སྙེག་པ།

ཀྲུང་གོ་གསར་བ་བཙུགས་རྗེས། ལུས་རྩལ་བྱེད་སྒོ་གོང་དུ་སྤེལ་ནས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དུ་གཏོང་དགོས་པའི་ལུས་རྩལ་འགུལ་སྐྱོད་ཀྱི་བྱེད་ཕྱོགས་བཏོན། བྱེད་ཕྱོགས་དེའི་མཛུབ་ཁྲིད་འོག མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་རྒྱལ་ཡོངས་སུ་དབྱར་མཚོ་རྒྱས་པ་བཞིན་སྤེལ།

རིགས་དབྱེ།  

ལོ་རྒྱུས་རིག་པ་གསར་བ།

ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྱི་ལོ་རྒྱུས་རིག་པའི་གཞུང་ལུགས་དང་ལོ་རྒྱུས་རིག་པའི་གསུང་རྩོམ་གྲགས་ཅན་ཁག་གཅིག་རྗེས་གཉིས་མཐུད་དུ་ཀྲུང་གོར་ཁྱབ་ཅིང་། ལོ་རྒྱུས་རིག་པ་གསར་བའི་མཚོན་བྱེད་མི་སྣ་ནི་ལིའང་ཆི་ཁྲའོ་ཡིན།

རིགས་དབྱེ།  

ས་ཞིང་བཅོས་སྒྱུར་ལས་འགུལ།

སྤྱི་ལོ1950ལོའི་དབྱར་ཁར། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་བཅོས་སྒྱུར་གྱི་རྩ་ཁྲིམས་ཁྱབ་བསྒྲགས་མཛད། བཀས་བཀོད་རྒྱུད་འཛིན་བཤུ་གཞོག་གི་ས་ཞིང་དབང་བའི་ལམ་ལུགས་མེད་པར་བཟོས་ཤིང་། ཞིང་བའི་གྲལ་རིམ་གྱིས་ས་ཞིང་དབང་བའི་ལམ་ལུགས་ལག་བསྟར་བགྱིས། ས་ཞིང་བཅོས་སྒྱུར་གྱི་ལས་འགུལ་དེ་རྒྱལ་ཡོངས་ཀྱི་ཕྱེད་ཀའི་ཡན་ཟིན་པའི་བཅིངས་འགྲོལ་ས་ཁུལ་གསར་བ་རུ་དར་སྤེལ་བཏང་ཞིང་། ཞིང་བདག་གྲལ་རིམ་ཁེར་རྐྱང་དུ་འབུད་པ་དང་ཞིང་ལས་གོང་དུ་སྤེལ་བར་ཕན་སླད། ས་ཞིང་བཅོས་སྒྱུར་ཐེངས་དེར་ཞིང་ཕྱུག་དཔལ་འབྱོར་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ལག་ཏུ་བསྟར་བ་རེད།

རིགས་དབྱེ།  

སྙན་ངག་ལས་རིགས་ཀྱི་གསར་བརྗེ།

ཉལ་ཐའི་དམག་འཁྲུག་གི་སྐབས་སུ། ལིན་ཙེ་ཞུས་དང་ཝེ་ཡོན། ཀྲང་ཐེ་ཕིང་སོགས་རྒྱལ་གཅེས་སྙན་ངག་པ་ཞིག་བྱུང་། ཆིང་རྒྱལ་རབས་ཀྱི་དབང་སྒྱུར་སུན་འབྱིན་བྱས་ཤིང་། ཀྲུང་གོ་མི་དམངས་ཀྱི་འགོག་རྒོལ་ལ་བསྔགས་བརྗོད་མཛད།

རིགས་དབྱེ།  

སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ།

རྒྱལ་དམངས་དཔལ་འབྱོར་སླར་གསོ་བྱུང་རྗེས། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་གྱི་རྒྱལ་ཁབ་འཛུགས་པར་ཤུགས་བསྣན།

རིགས་དབྱེ།  

སློབ་གསོ་བཅོས་སྒྱུར།

སློབ་གསོ་བཅོས་སྒྱུར་ནི་གཙོ་བོ་སྔོན་ཆད་ཀྱི་རུའུ་ལུགས་པའི་གཞུང་གི་རིག་པ་གཙོ་བོར་བྱེད་པའི་སློབ་ཁྲིད་ཀྱི་ནང་དོན་དེ་བསྒྱུར་ནས། རྣམ་པ་གསར་བའི་སློབ་གསོར་ཤུགས་བསྣན་ནས་ཉེ་རབས་ཅན་ལ་ཁ་ཕྱོགས་པ།

རིགས་དབྱེ།  

ཧྭ་བྱང་དུས་འགྱུར།

རང་དམག་གིས་ཧྭ་བྱང་རྣམ་འགྱུར་ལ་འཛིན་སྟངས་གསུམ་ཡོད་དེ། མན་རྒོལ་འཇའ་འགོག་པ་ཧྭ་བྱང་ནས་རྦད་དེ་ཕྱིར་བསྐྲོད་པ་དང་གཅིག ཧྭ་བྱང་གི་དཔལ་འབྱོར་ཁྱབ་ཁོངས་རང་ཚུགས་བྱེད་པ་དང་གཉིས། ཧྭ་བྱང་ཞིང་ཆེན་ལྔའི་དམག་དོན་མཉམ་ལས་རྒྱུད་དེ་དམར་པོར་འགྱུར་བ་སྔོན་འགོག་བྱེད་པ་དང་གསུམ་མོ།།

རིགས་དབྱེ།  

ས་ཞིང་གསར་བརྗེ།

ས་ཞིང་གསར་བརྗེ་ལས་རྒྱ་ཆེ་བའི་ཞིང་དབུལ་དང་ཞིང་བ་གླ་བ་རྣམས་ཆབ་སྲིད་ཀྱི་ཐོག་ནས་ཡར་ལངས་ཐོབ་པ་དང་། དཔལ་འབྱོར་གྱི་ཐོག་ནས་ས་ཞིང་ཐོབ་ཅིང་། འཚོ་བའི་ཐོག་ནས་ཁེག་ཐེག་བགྱིས། རྒྱལ་ཁའི་འབྲས་བུར་སྲུང་སྐྱོབ་བྱེད་ཆེད། ཁོ་ཚོ་ཧུར་ཐག་གིས་དམག་དང་དམག་འཁྲུག་དུ་ཞུགས་ཏེ། འབད་བརྩོན་བྱས་ནས་ཐོན་སྐྱེད་གོང་དུ་སྤེལ།

རིགས་དབྱེ།  

དམག་སྲིད་གསང་དོན་ཁང་།

དམག་སྲིད་གསང་དོན་ཁང་གི་སྔོན་གྱི་མིང་ལ་དམག་འདུན་གྲྭ་ཟེར་ལ། དེ་ནི་གོང་མ་གཡང་ཊིང་ཁྲི་ལོའི་དུས་མགོ་རུ་ནུབ་བྱང་དམག་བཀོལ་བའི་ཆེད་དུ་བཙུགས་པ་དང་། གཡུལ་སར་འབྲེལ་ཡོད་ཀྱི་ཞུ་ཡིག་དང་བཀའ་ཤོག་སྒྲོག་པ་དམིགས་སུ་ཐག་གཅོད་པ་ཡིན།

རིགས་དབྱེ།  

ཧོར་གྱི་གབ་ནས་ཐར་པའི་མི་གསུམ།

《གླིང་སྒྲུང་གཅེས་བཏུས》ལས་བྱུང་བའི་ཧོར་གྱི་གབ་ནས་ཐར་པའི་མི་གསུམ་བསྟན་ཡོད།

རིགས་དབྱེ།  

ཧོར་གྱི་ཆགས་ཆེན་མི་གསུམ།

《གླིང་སྒྲུང་གཅེས་བཏུས》ལས་བྱུང་བའི་ཧོར་གྱི་ཆགས་ཆེན་མི་གསུམ་བསྟན་ཡོད།

རིགས་དབྱེ།  

ཧོར་གྱི་རྨས་ནས་ཐར་པའི་མི་གསུམ།

《གླིང་སྒྲུང་གཅེས་བཏུས》ལས་བྱུང་བའི་ཧོར་གྱི་རྨས་ནས་ཐར་པའི་མི་གསུམ་བསྟན་ཡོད།

རིགས་དབྱེ།  

ཧོར་གྱི་རང་ཚོད་ཟིན་པའི་མི་གསུམ།

《གླིང་སྒྲུང་གཅེས་བཏུས》ལས་བྱུང་བའི་ཧོར་གྱི་རང་ཚོད་ཟིན་པའི་མི་གསུམ་བསྟན་ཡོད།

རིགས་དབྱེ།  

ཧོར་རྒྱལ་བླ་ཉ་སྤུན་གསུམ།

《གླིང་སྒྲུང་གཅེས་བཏུས》ལས་བྱུང་བའི་ཧོར་རྒྱལ་བླ་ཉ་སྤུན་གསུམ་བསྟན་ཡོད།

རིགས་དབྱེ།  

ཧོར་ནས་བྲོས་ནས་ཐར་པའི་མི་གསུམ།

《གླིང་སྒྲུང་གཅེས་བཏུས》ལས་བྱུང་བའི་ཧོར་ནས་བྲོས་ནས་ཐར་པའི་མི་གསུམ་བསྟན་ཡོད།

རིགས་དབྱེ།  

ཀྲུང་གོའི་དཔལ་འབྱོར་བསམ་བློའི་ལོ་རྒྱུས།

ཀྲུང་གོའི་དཔལ་འབྱོར་བསམ་བློའི་ལོ་རྒྱུས་ནི་ཆིན་རྒྱལ་རབས་ནས་བཟུང་ཀྲུང་གོའི་དཔལ་འབྱོར་བསམ་བློ་བྱུང་བ་དང་འཕེལ་རྒྱས། རིམ་འགྱུར་གྱི་ལོ་རྒྱུས་བརྒྱུད་རིམ་ཡོངས་རྫོགས་ལ་དཔྱད་བསྡུར་བྱེད་པ་བརྗོད་གཞི་བྱས་པའི་ཆེད་ལས་རིག་ཚན་ཞིག་ཡིན། འཕེལ་རྒྱས་ཀྱི་གོ་རིམ་དེའི་ནང་གཙོ་བོ་ལོ་རྒྱུས་ཀྱི་དུས་རིམ་ཆེན་པོ་གསུམ་འདུས་ཡོད་པ་སྟེ། ཆིན་རྒྱལ་རབས་ཀྱི་སྔོན་དང་། ཆིན་ཧན་ནས་ཉལ་ཐའི་དམག་འཁྲུག་གི་སྔོན་དང་། ཉལ་ཐའི་དམག་འཁྲུག་ནས་ལྔ་བཞིའི་ལས་འགུལ་གྱི་སྔོན་བཅས་སོ།།

རིགས་དབྱེ།