དཔའ་རིས་བོད་རིགས་རང་སྐྱོང་རྫོང་།

དཔའ་རིས་བོད་རིགས་རང་སྐྱོང་རྫོང་ནི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཞིག་ཡིན་ལ། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས་ཆེས་ཐོག་མར་མི་རིགས་ས་ཁོངས་སུ་རང་སྐྱོང་ལག་བསྟར་བྱས་པའི་ས་ཁུལ་ཡིན་ཞིང་། དཔའ་རིས་ཞེས་པ་ནི་དཔའ་བོའི་རིས་ནས་ཆད་པའི་དོན་ལ་འཇུག་པ་ཡིན། དཔའ་རིས་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་དབུས་རྒྱུད་དང་ཝུའུ་ཝེ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་ཡོད་པ་ཡིན་ལ། ལིང་ཇུ་སྡེ་བཞི་དང་མདོ་ལ་རི་བོའི་ཤར་སྣེ་རུ་ཡོད་པ་ཡིན་ཏེ། ཤར་ཕྱོགས་ནི་ཅིང་ཐའེ་རྫོང་ལ་འབྲེལ་ཡོད་པ་དང་། ནུབ་ཕྱོགས་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་མདོ་དང་དགོན་ལུང་། གྲོ་ཚང་བཅས་རྫོང་གསུམ་ལ་ཐག་ཉེ་ཞིང་། ལྷོ་ཕྱོགས་ནི་ཡུང་ཏེང་རྫོང་དང་འབྲེལ་ཡོད། ཡང་བྱང་ཕྱོགས་ནི་ལིང་ཀྲོའུ་དང་ཀུའུ་ལང་རྫོང་གཉིས་ལ་ཐུག་ཡོད་པ་དང་། ནུབ་བྱང་གི་ཕྱོགས་ནི་སུའུ་ནན་དང་འབྲེལ་ཡོད། སྤྱི་ལོ2011ལོའི་ལོ་མཇུག་བར་དུ། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7149ཡོད་ཅིང་། ཁོངས་གཏོགས་ས་ཁུལ་ལ་གྲོང་རྡལ9དང་ཡུལ་ཚོ10ཡོད་ལ། མི་གྲངས་ལ215200ཡོད་པ་དང་། མི་རིགས28ཡོད་པ་ཡིན་ལ། བོད་རིགས་ཀྱི་མི་གྲངས་ཀྱི་མི་རིགས་གྲངས་ཉུང་གི་མི་གྲངས་ཀྱི97.14% ཟིན་ཡོད།

རིགས་དབྱེ།  

མུ་ལི་བོད་རིགས་རང་སྐྱོང་རྫོང་།

མུ་ལི་བོད་རིགས་རང་སྐྱོང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་མཐའ་མཚམས་སུ་ཡོད་པ་དང་། ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་དུ་ཡོད་ཅིང་། ཤར་གྱི་གཞུང་ཐིག100°03′~101°40′དང་བྱང་གི་འཕྲེད་ཐིག27°40′~29°10′བར་དུ་གནས་པ་ཡིན། སྤྱི་ལོ2011ལོའི་ལོ་མཇུག་ཏུ། རྫོང་ཡོངས་ཀྱི་སྤྱིའི་མི་གྲངས་ནི137262ཡིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ13246.38ཡོད་ལ། ཤར་ལྷོའི་སྲིད་འཛིན་ས་ཁོངས་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ217.75ཡོད་པ་དང་། ནུབ་བྱང་གི་སྲིད་འཛིན་ས་ཁོངས་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ520.7ཡོད་ཅིང་། ལྷོ་ནུབ་ཀྱི་སྲིད་འཛིན་ས་ཁོངས་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ134.81ཡོད། དེ་ཡང་ཤར་ཕྱོགས་ནི་ཉག་ཆུ་བརྒལ་བ་དང་། ནུབ་ཕྱོགས་སུ་གངས་དཀར་རི་བོ་ལ་ཐུག་ཡོད་ལ། ལྷོ་ཕྱོགས་ནི་འབྲི་ཆུ་ལ་ཐག་ཉེ་ཞིང་། བྱང་ཕྱོགས་ནི་དཀར་མཛེས་ཁུལ་ལ་ཐུག་ཡོད།

རིགས་དབྱེ།  

སྣེ་གདོང་རྫོང་།

སྣེ་གདོང་རྫོང་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་ཤིང་། བོད་ལྗོངས་ཀྱི་ལྷོ་དབུས་དང་གངས་ཏི་སིའི་ལྷོ་ཕྱོགས། ཡར་ཀླུང་གཙང་པོའི་བར་རྒྱུད་དུ་ཆགས་པ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ཡར་ཀླུང་གཙང་པོ་དང་ཡར་ལྷ་ཤམ་པོའི་ཆུ་གཉིས་འཛོམ་སར་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་སྨི2184.98དང་། སྤྱིའི་མི་འབོར59615(2010ལོའི་བསྡོམས་རྩིས)ཡོད། རྫོང་མི་དམངས་སྲིད་གཞུང་རྩེད་ཐང་གྲོང་བརྡལ་དུ་ཆགས་ལ། ལྷོ་ཁ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་སྡོད་གནས་ཡིན། ཡུལ་འདིར་བོད་ལྗོངས་ཀྱི་འབྲུ་མཛོད་ཅེས་པའི་མཚན་སྙན་གསོལ་ཡོད།

རིགས་དབྱེ།  

སྡེ་རོང་།

ཀྲུང་གོའི་ནུབ་རྒྱུད་ཀྱི་ཉི་མ་ལུང་པ་སྡེ་རོང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་སྒོ་ཆེན་པོ་ཡིན་པ་དང་མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2869ཡོད། རྫོང་ཡོངས་ལ་མི་གྲངས་ཁྲི2.5ཡོད་པ་དང་བོད་རིགས་ནི་གཙོ་བོའི་མི་རིགས་ཡིན་པས་བརྒྱ་ཆའི97ཟིན་ཡོད། ད་དུང་རྒྱ་རིགས་དང་འཇང་རིགས་སོགས་མི་རིགས་མང་པོ་ཡོད།

རིགས་དབྱེ།  

སེམས་ཀྱི་ཉི་ཟླ།

སེམས་ཀྱི་ཉི་ཟླ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་སྲིད་གཞུང་སྡོད་གནས་ཡིན་ལ། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་སུ་ཆགས་ཤིང་། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ལྗོངས་ཞིང་གསུམ་གྱི་འབྲེལ་མཚམས་ཡིན་པར་མ་ཟད། འཛམ་གླིང་གི་རང་བྱུང་ཤུལ་བཞག་ཡུལ་ཁོངས་ཏེ་གཙང་བོ་གསུམ་གཅིག་ཏུ་བཞུར་བའི་མཛེས་ལྗོངས་ཆགས་ཡུལ་ཡིན། སེམས་ཀྱི་ཉི་ཟླ་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ11613(2014ལོའི་བསྡོམས་རྩིས)ཡོད་ཅིང་། ཁོངས་སུ་གྲོང་རྡལ་བཞི་དང་ཡུལ་ཚོ་བདུན་བཅས་བསྡོམས་པས་སྲིད་འཛིན་སྡེ་བ58ཡོད། 2001ལོའི་ཟླ12པའི་ཚེས17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བ་ལྟར་རྒྱལ་ཐང་རྫོང་ཞེས་པའི་མིང་བསྒྱུར་ཏེ་སེམས་ཀྱི་ཉི་ཟླ་རྫོང་ཞེས་བཏགས།

རིགས་དབྱེ།  

གསེར་ཆེན་རྫོང་།

རྫོང་འདིའི་མིང་ནི་བློན་པོ་གསེར་ཆེན་རི་བོ་ལ་བརྟེན་ནས་ཐོགས་པ་ཡིན་ཏེ། རི་བོ་འདི་ནི་རྫོང་འདིའི་རི་བོ་ཐམས་ཅད་ཀྱི་ནང་ནས་གྲགས་ཆེ་ཞིང་། འདི་ཡི་དབུས་རྒྱུད་དུ་ལྷང་ངེར་འགྱིང་ཡོད་པ་དང་། འདིའི་སྲིད་གཞུང་གི་གནས་ཡུལ་ཆབ་ཆ་གྲོང་རྡལ་དང་ཐག་ཉེ་བར་མ་ཟད། ད་དུང་གྲོང་རྡལ་འདིའི་བྱང་ཕྱོགས་སུ་རྒྱབ་རིའི་ཚུལ་དུའང་ཆགས་ཡོད་པས། ཀུན་གྱིས་འདི་ལ་གསེར་ཆེན་རྫོང་དུ་འབོད་པར་གྲགས། སྤྱི་ལོ1929ལོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཡུལ་འདིར་རྫོང་རིམ་པའི་སྲིད་དབང་འཛུགས་སྐབས། རིགས་ལྔ་སྤྱི་མཐུན་ཞེས་པའི་དོན་ལ་དམིགས་ནས། རྒྱ་སྐད་ཀྱིས་འདི་ལ་གུང་ཧོ་རྫོང་དུ་བཏགས།

རིགས་དབྱེ།  

སྟག་རྩེ་རྫོང་།

སྟག་རྩེ་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ལ། དེ་ཐོག་མར་སྤྱི་ལོ1354ལོར་བཙུགས་པ་དང་། སྤྱི་ལོ1959ལོར་དམངས་གཙོ་བཅོས་སྒྱུར་བྱས་རྗེས། སྔོན་གྱི་སྟག་རྩེ་རྫོང་དང་བདེ་ཆེན་རྫོང་གཉིས་མཉམ་བསྲེས་བྱས་ཏེ་ད་ལྟའི་སྟག་རྩེ་རྫོང་གྲུབ་པ་ཡིན།

རིགས་དབྱེ།  

བཀའ་མ་ལོག

བོད་དམག་ཁྲི་སྟོང་མང་པོས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་དེའི་ནོར་རྫས་རྣམས་བོད་དུ་དྲངས་ཏེ་ཕྱིར་ཕེབས་གནང་དུས་དཔའ་བོ་མི་དགུ་དམག་མང་པོ་དང་བཅས་ས་སྲུང་ལ་བཞག སྐབས་དེར་ཁོ་ཚོས་ངེད་རྣམས་བོད་དུ་ནམ་ཕྱིར་ལོག་བྱེད་དགོས་སམ་ཞུས་པར། ངེད་ཀྱི་བཀའ་མ་བྱུང་བར་དུ་མ་ལོག་པར་སྡོད་ཅེས་གསུངས་པས་དེར་ལུས་པ་ལ་ཟེར།

རིགས་དབྱེ།  

གཅན་ཚ་རྫོང་།

གཅན་ཚ་རྫོང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཏོགས་ཤིང་། བོད་རིགས་གཙོ་བྱས་པའི་མི་རིགས་འདུས་སྡོད་བྱེད་པའི་རྫོང་ཞིག་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1714ཡོད། དེའི་མངའ་ཁོངས་སུ་མར་ཁུ་ཐང་གྲོང་རྡལ་དང་། གདོང་སྣ་གྲོང་རྡལ། ཁམས་ར་གྲོང་རྡལ་བཅས་གྲོང་རྡལ3དང་། སྣང་ར། ནང་ཁོག སྟེང་སོ། གཅན་ཚ་ཐང་། ཚོ་དྲུག སྐྱ་རྒྱ་བཅས་ཡུལ་ཚོ6ཡོད།

རིགས་དབྱེ།  

རེབ་གོང་རྫོང་།

རེབ་གོང་རྫོང་ནི་བོད་རིགས་གཙོས་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པ་དང་། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3275ཡོད་ལ། མངའ་ཁོངས་སུ་རོང་བོ་གྲོང་རྡལ་དང་། ཉ་ལུང་ཡུལ་ཚོ། ཐོ་རྒྱ་གྲོང་རྡལ། བཙན་མོ་ཡུལ་ཚོ། ཞོ་འོང་དཔྱིས་ཡུལ་ཚོ། ཆུ་ཁོག་ཡུལ་ཚོ། གཉན་ཐོག་ཡུལ་ཚོ། བློན་ཆོས་ཡུལ་ཚོ། རྒྱལ་བོ་ཡུལ་ཚོ། ཧོར་ནག་ཡུལ་ཚོ། མདོ་བ་ཡུལ་ཚོ། མགར་རྩེ་ཡུལ་ཚོ་བཅས་གྲོང་རྡལ་གཉིས་དང་ཡུལ་ཚོ་བཅུ་འདུ་བ་དང་། ཁྱོན་བསྡོམས་སྲིད་འཛིན་སྡེ་བ72དང་སྡེ་ཁུལ5 རང་བྱུང་སྡེ་བ150ཡོད་ཅིང་། མི་གྲངས87035ཡོད། གཞན་རེབ་གོང་ཞེས་པ་ནི་རེབ་ཚ་ཚོ་བ་བཞིའི་གོང་རོལ་དུ་ཆགས་པས་ན་དེ་ལྟར་དུ་ཐོགས་པ་ཡིན།

རིགས་དབྱེ།  

རྨ་ལྷོ་སོག་རྫོང་།

རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོ་དང་མདོ་དབུས་མཐོ་སྒང་གི་བྱང་ཤར། རྨ་ཀླུང་ཁུགས་པ་དགུ་ལྡན་གྱི་ཁུགས་པ་དང་པོའི་ལྷོ་ཁུལ་དུ་གནས་ཤིང་དབྱར་བསིལ་ལ་དགུན་གྲང་ངར་ཆེ། མཚོ་ངོས་ལས་མཐོ་ཚད་ལ་རྨིད3600ལྷག་ཡོད་པ་དང་། སའི་གོ་ལའི་འཕྲེད་ཐིག34°04′དང་གཞུང་ཐིག100°53སྟེང་ན་ཡོད། 1954ལོའི་ཟླ10པའི16ཉིན་རང་སྐྱོང་རྫོང་གསར་དུ་བཙུགས་པ་སྟེ། མཚོ་སྔོན་ཞིང་ཆེན་གྱི་སོག་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན། མངའ་ཁོངས་སུ་ཡོས་རྒན་ཉིན་གྲོང་རྡལ་དང་ཉིན་མཐའ་གྲོང་རྡལ། གསེར་ལུང་། མདོ་སུམ། ཁུ་སིན་བཅས་གྲོང་རྡལ2དང་ཡུལ་ཚོ3། འབྲོག་ཨུ་ཁང་སོ་དགུས་གྲུབ་པའི་སོག་པོ་དང་བོད། རྒྱ། ཁ་ཆེ། ཧོར་སོགས་མི་རིགས་བཅུ་ལྷག་དང་མི་གྲངས40836ཡོད་ལ། སོག་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི93.21ཟིན་པ་དང་། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6997.5ཡོད། རྫོང་མཁར་ཡོས་རྒན་ཉིན་གྲོང་རྡལ་དུ་ཆགས་ཡོད། མངའ་ཁོངས་སུ་ཡོད་པའི་ཆོས་སྡེ་གྲགས་ཅན་ནི་ལཱ་ཁ་དགོན་པ་དང་ཆོས་སྒར་དགོན་པ། ཤིང་བཟའ་དགོན་པ། མདའ་ཚན་དགོན་པ་བཅས་ཡིན།

རིགས་དབྱེ།  

འབའ་རྫོང་།

རྫོང་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་ཕྱོགས་སུ་གནས་ཤིང༌སའི་གོ་ལའི་བྱང་གི་འཕྲེད་ཚད34°39′ཡི་མཚམས་ནས35°38′ཀྱི་མཚམས་དང༌། ཤར་གྱི་གཞུང་ཚད100°08′ཀྱི་མཚམས་ནས101°10′ཡི་མཚམས་ན་ཆགས་ཡོད། རྫོང་འདིའི་མིང་ནི་དང་ཐོག་བོད་མིའུ་གདུང་དྲུག་གི་ནང་ཚན་ལྡོང་གི་རུས་ཁོངས་སུ་གཏོགས་པར་གྲགས་པའི་གནའ་བོའི་བོད་མིས་འབའ་ཟེར་བའི་ཚོ་སྡེ་ཞིག་གིས། དུས་ཡུན་རིང་བོར་མཚེར་འཛིན་ཕྱུགས་སྐྱོང་གི་འཚོ་བ་རོལ་མྱོང་ས་ཞིག་ཡིན་པའི་རྒྱུ་མཚན་གྱིས། ཚོ་སྡེ་དེའི་རུས་མིང་ནི་རིམ་གྱིས་ཡུལ་གྲུ་འདི་ལ་ཐོགས་ཏེ། ཡུལ་ཁམས་འདིའི་སྤྱི་མིང་ལའང་འབའ་རུ་འབོད་པར་གྲགས། རྫོང་འདིའི་མིང་ལ་རྒྱ་སྐད་དུ་ཐུན་ཏེ་ཟེར་བ་ནི། དང་ཐོག་ཀྲུང་ཧྭ་མིན་གོའི་སྲིད་ལོ་ཉེར་དགུ་བ་སྟེ་སྤྱི་ལོ1935ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྫོང་འདི་འཛུགས་སྐབས་སུ་བཏགས་པ་ཞིག་རེད། དེ་ནི་མཐའ་ཁུལ་མི་སེར་ཐུན་མོང་ནས་ཀྲུང་དབྱང་གི་བཀའ་གསུང་ཅི་སྒྲུབ་བྱེད་པའི་དོན་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཐུན་ཏེ་ཞེས་པའི་ཐ་སྙད་འདི་ནི་བློ་སེམས་གཅིག་འདྲེས་ཞེས་པའི་དོན་དུ་བཀྲལ་བར་བཤད།

རིགས་དབྱེ།  

མང་རྫོང་།

མང་རྫོང་ཞེས་པ་ནི་མདོ་དབུས་མཐོ་གཞོངས་ཀྱི་བྱང་ཤར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་སུ་ཆགས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6649.7དང་། མི་གྲངས་ཁྲི་ཚོ7.35ཡོད(སྤྱི་ལོ2008ལོའི་རྩིས་གྲངས་ཡིན)། སའི་གོ་ལའི་བྱང་གི་འཕྲེད་ཚད35°09′ནས36°08′ཀྱི་མཚམས་དང་། ཤར་གྱི་གཞུང་ཚད100°13′ནས100°33′གྱི་མཚམས་ན་ཡོད། རྫོང་མི་དམངས་སྲིད་གཞུང་ནི་མང་ཆུ་གྲོང་རྡལ་དུ་ཆགས་ཡོད། དེ་ནས་ཁུལ་སྲིད་གཞུང་གི་གནས་ཡུལ་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ157ཡོད། རྫོང་འདིའི་ཤར་རྒྱུད་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་དང་། ལྷོ་རྒྱུད་དུ་མཚོ་ལྷོ་ཁུལ་གྱི་འབའ་རྫོང་། ནུབ་རྒྱུད་དུ་བྲག་དཀར་རྫོང་དང་གསེར་ཆེན་རྫོང་། བྱང་རྒྱུད་དུ་ཁྲི་ཀ་རྫོང་བཅས་དང་མཐའ་འབྲེལ་ནས་ཡོད། རྫོང་འདིའི་མངའ་ཁོངས་སུ་མང་ཆུ་གྲོང་རྡལ་དང་། མགོ་མང་གཞོངས་གྲོང་རྡལ། སུམ་མདོ་ཡུལ་ཚོ། མང་ར་ཡུལ་ཚོ། ཐར་ཤུལ་ཡུལ་ཚོ། བྱ་མདོ་ཡུལ་ཚོ་བཅས་གྲོང་རྡལ་གཉིས་དང་ཡུལ་ཚོ་བཞི། སྡེ་བ་དོན་གསུམ་བཅས་ཡོད། མང་ཤོས་བོད་རིགས་ཡིན། ས་ཆའི་ཆགས་རིམ་ནི་ཤར་ནས་ནུབ་བྱང་དུ་གསེག་ཡོད་ཅིང་། ལྷོ་རྒྱུད་དུ་རི་མཐོན་པོ་མུ་གཅིག་ཏུ་འབྲེལ་ཡོད་ལ། དབུས་ཁུལ་ནི་ཐང་གཞོངས་ཀྱིས་གྲུབ་ཅིང་ནུབ་བྱང་རྒྱུད་ནི་རྨ་ཆུའི་ལུང་གཞོངས་ས་ཁུལ་ཡིན། རྨ་ཆུ་ནི་རྫོང་འདིའི་ལྷོ་ནུབ་ནས་ནུབ་བྱང་བརྒྱུད་དེ་བྱང་ཤར་དུ་འབབ་ཀྱིན་ཡོད། རྫོང་འདིའི་མངའ་ཁོངས་སུ་ད་དུང་མང་ཆུ་དང་བྱ་ཆུ་སོགས་ཀྱང་འབབ་ཀྱིན་ཡོད། རྫོང་འདིའི་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད2.1℃དང་། ཆར་ཞོད་ཀྱི་ཚད་ཧའོ་སྨི398ཡིན། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་སྨི3000ནས3500མཚམས་ན་ཡོད།

རིགས་དབྱེ།  

ཁྲི་ཀ་རྫོང་།

ཁྲི་ཀ་རྫོང་ཞེས་པ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད35°29'45"ནས36°23'35"ཡི་མཚམས་དང་། ཤར་གྱི་གཞུང་ཚད100°58'8"ནས101°47'50"ཡི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་དཔའ་ལུང་རྫོང་དང་གཅན་ཚ་རྫོང་། ལྷོ་ཕྱོགས་ནི་ཐུན་རིན་རྫོང་དང་རྩེ་ཁོག་རྫོང་། ནུབ་ཕྱོགས་ནི་མང་རྫོང་དང་གསེར་ཆེན་རྫོང་། བྱང་ཕྱོགས་ནི་སྟོང་འཁོར་རྫོང་དང་ཧོང་ཀྲུང་རྫོང་བཅས་ལ་འབྲེལ་ཡོད། རྫོང་མི་དམངས་སྲིད་གཞུང་ནི་རྨ་སྲིབ་གྲོང་རྡལ་དུ་ཆགས་ཡོད། དེ་ནས་ཁུལ་སྲིད་གཞུང་གི་གནས་ཡུལ་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ158དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3504དང་། མི་གྲངས102529བཅས་ཡོད(སྤྱི་ལོ2009ལོའི་རྩིས་གྲངས་ཡིན)། འདིའི་མངའ་འོག་ན་རྨ་སྲིབ་དང་། འཕྲང་དམར། ཆུ་ནུབ། ལ་ཟེ་བ་བཅས་གྲོང་རྡལ4དང་། ཆུ་ཤར་དང་། ཀབ་རོན་གཞུང་། ཀ་རིང་བཅས་ཡུལ་ཚོ3ཡོད། རྫོང་འདིའི་ས་བབ་ཀྱི་ཆེས་མཐོ་ས་ནི་རྫ་དམར་རི་རྒན་གྱི་དབུ་རྩེ་ཡིན་ཏེ། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི5011ཡོད། ཆེས་དམའ་ས་ནི་རྨ་ཆུའི་བྱང་འགྲམ་གྱི་སམ་བྷ་འགག་ཁ་གོང་མ་ཡིན་ཞིང་། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི2170ཡོད། འདིའི་ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི2200ཡོད།

རིགས་དབྱེ།  

བྲག་དཀར་རྫོང་།

བྲག་དཀར་རྫོང་ཞེས་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་རྒྱུད་དུ་གནས་ཤིང་། རྫོང་འདིའི་མངའ་ཁོངས་སུ་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་ཡོད་པར་བརྟེན་མིང་ཡང་དེ་ལྟར་དུ་ཐོགས། རྫོང་འདི་ལ་རྒྱ་སྐད་ཀྱིས་ཞིན་ཧེ་ཟེར། སའི་གོ་ལའི་བྱང་གི་འཕྲེད་ཚད35°35'ཡི་མཚམས་དང་། ཤར་གྱི་གཞུང་ཚད99°59'ཡི་མཚམས་ན་ཡོད། རྫོང་འདིའི་ཤར་ཕྱོགས་སུ་རྨ་ཕ་རིའི་མང་རྫོང་དང་། འབའ་རྫོང་། རྫོང་འདི་ཉིད་བཅས་ཕན་ཚུན་ཁ་གཏད་དུ་གནས་ཡོད་ཅིང་། འདིའི་ལྷོ་ཕྱོགས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། ནུབ་ཕྱོགས་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དུར་ལམ་རྫོང་། བྱང་ཕྱོགས་ནི་གསེར་ཆེན་རྫོང་བཅས་དང་འདབས་འབྲེལ་ཡོད། རྫོང་མི་དམངས་སྲིད་གཞུང་ནི་རྩི་གོར་ཐང་གྲོང་རྡལ་དུ་ཆགས་ཡོད། དེ་ནས་ཁུལ་མི་དམངས་སྲིད་གཞུང་ཡོད་ས་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ128ཡོད། འདིའི་ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི4300དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ12100 མི་གྲངས70146བཅས་ཡོད(སྤྱི་ལོ2008ལོའི་རྩིས་གྲངས་ཡིན)། འདིའི་མངའ་འོག་ན་དཔལ་ཁ་དང་། རྩི་གོར་ཐང་། ཆུ་སྔོན་བཅས་གྲོང་རྡལ3དང་། ཐང་ནག འབྲོང་འཐུས། ལུང་བཟང་། ཆུ་ཁོལ་བཅས་ཡུལ་ཚོ4ཡོད།

རིགས་དབྱེ།  

འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་།

འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་ནི་ཧུའེ་རིགས་གཙོ་བྱས་པའི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་ས་ཁུལ་ཞིག་ཡིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་བཞིའི་གྲས་ཀྱི་གཅིག་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6902.26ཡོད། མངའ་ཁོངས་སུ་གྲོང་རྡལ4དང་ཡུལ་ཚོ8དང་། སྡེ་དམངས་ཨུ་ཡོན་ལྷན་ཁང109དང་། རང་གྲུབ་སྡེ་བ292དང་། གཞིས་ཁུལ7ཡོད། འཇུ་ལག་རྫོང་ཞེས་པའི་མིང་ནི་འཇུ་ལག་ཆུ་བོའི་རྒྱུད་དུ་ཆགས་པས་མིང་དེ་ལྟར་ཐོགས་སོ། །

རིགས་དབྱེ།  

དཔའ་རིས་པ།

དཔའ་རིས་པ་ཞེས་པ་ནི་གནའ་མིའི་བཤད་རྒྱུན་ལ། ཕྱོགས་འདིའི་བོད་ཀྱི་རིགས་རྒྱུད་ཀྱི་ཐོག་མ། ཨ་ཕྱུག་དང་། དཔའ་ཕྱུག་ཅེས་པའི་བོད་མི་སྤུན་གཉིས་ཡོད་པ་ལས། ཕུ་བོ་ཨ་ཕྱུག་གིས་བཟུང་བའི་ས་ལ་ཨ་རིག་དང་། ནུ་བོ་དཔའ་ཕྱུག་གིས་བཟུང་བའི་ས་ལ་དཔའ་རིས་ཐོགས་སོ་ཞེས་བཤད་ཚུལ་གཅིག་དང་། ཡང་ཕྱོགས་འདིའི་རི་རྣམས་མཐོ་ཞིང་གཟར་ལ། འཇིགས་རྔམ་ཆེ་ཞིང་། དཔའ་བོས་ཁྲབ་རྨོག་འཁོར་གསུམ་གོན་ནས་དགྲ་ལ་ཆས་པ་ལྟར་སྣང་བས། དཔའ་རིར་ཐོགས་སོ་ཞེས་བཤད་ཚུལ་གཅིག་དང་ཡང་བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐུ་རིང་ལ། དབུས་གཙང་སོགས་ནས་རྒྱ་བོད་ཧོར་གསུམ་གྱི་ས་མཚམས་སྲུང་བའི་དམག་སྡེ་མངགས་གཏོང་བྱས་པ་དེ་དག་རྒྱུན་སྡོད་བྱས་པ་ལས་མཆེད་པས། དཔའ་རྟུལ་དམག་གི་རྒྱུད་པ་ཡིན་པས་ན། དཔའ་རྒྱུད་དམ་དཔའ་བོའི་སྡེའམ། དཔའ་བོའི་རིས་སུ་གཏོགས་ཏེ་དཔའ་རིས་ཞེས་ཐོགས་སོ་ཞེས་ཀྱང་ཟེར་རོ། །

རིགས་དབྱེ།  

མདའ་བཞི་རྫོང་།

མདའ་བཞི་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་བྱང་གི་མཚམས་སུ་ཆགས་ཡོད་ཅིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་རྫོང་བཞི་ཡོད་པའི་གྲས་ཀྱི་གཅིག་ཡིན། རྫོང་མཁར་གནས་སའི་མཐོ་ཚད་ལ་མཚོ་འཕགས་སྨི3000ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4853ཡོད། མི་གྲངས་ཁྲི3.64ཡོད་པའི་ནང་དུ་བོད་རིགས་དང་སོག་རིགས། རྒྱ་རིགས། ཧུའེ་རིགས། ཧོར་རིགས། ཀྲོང་རིགས། མན་ཇུ་རིགས། ཧ་སག་རིགས། པེ་རིགས་བཅས་མི་རིགས་དགུ་ཡོད། རྫོང་ཁོངས་སུ་མཁར་ཟུར་གསུམ་མའི་གྲོང་རྡལ་དང་ནུབ་མཚོ་གྲོང་རྡལ། མཚོ་སྔོན་པོ་ཡུལ་ཚོ། གསེར་ཐང་ཡུལ་ཚོ། དཔལ་སྦྱིན་ཡུལ་ཚོ། ཝ་མགྱོགས་ཡུལ་ཚོ་བཅས་ཡོད། དེ་མིན་ཐོ་ལི་ཡུལ་ཚོ་ཟེར་བ་ཞིག་ཡོད་པ་དེ་མཚོ་སྔོན་པོ་ཡུལ་ཚོ་དང་ཝ་མགྱོགས་ཡུལ་ཚོ་སོ་སོར་བགོས་ནས་ད་ལྟ་མེད་པར་བྱས་ཡོད།

རིགས་དབྱེ།  

རྩེ་ཁོག་རྫོང་།

རྩེ་ཁོག་རྫོང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁོངས་གཏོགས་ཀྱི་ཕྱུགས་ལས་གཙོ་བོར་གཉེར་བའི་རྫོང་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དབུས་ལྷོའི་རྒྱུད་དུ་ཆགས་ཡོད། རྫོང་འདིའི་ཤར་ཕྱོགས་ཀན་སུའུ་ཞིང་ཆེན་གྱི་བསང་ཆུ་རྫོང་དང་། ལྷོ་ཕྱོགས་རྨ་ལྷོ་སོག་རྫོང་། བྱང་ཕྱོགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབའ་རྫོང་དང་། ཤར་བྱང་ཕྱོགས་སུ་རེབ་གོང་རྫོང་བཅས་དང་འབྲེལ་ཡོད། རྫོང་ཡོངས་ཀྱི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9987ཡོད་པ་དང་། མི་གྲངས་ཁྲི7.5ཡོད། དེ་ལས་བོད་རིགས་རྐྱང་རྐྱང་ཁྲི6.93ཡོད། རྫོང་མི་དམངས་སྲིད་གཞུང་རྩེ་ཆུ་གྲོང་རྡལ་དུ་ཆགས་ཡོད་པ་དང་། རྫོང་ཡོངས་ཀྱི་མངའ་ཁོངས་སུ་རྩེ་ཆུ་དང་། དམེ་ཤུལ། ཧོར་བཅས་གྲོང་རྡལ3དང་། ཆ་སྐོར་དང་། རྡོ་དཀར་མོ། ཉིན་ཤུག བོན་བརྒྱ། དཔྱི་ས་བཅས་ཡུལ་ཚོ5ཡོད་པ་མ་ཟད། སྲིད་འཛིན་སྡེ་བ64དང་། དགོན་པ་དང་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་གནས21དང་སློབ་གྲྭ42བཅས་ཡོད།

རིགས་དབྱེ།  

ན་གོར་མོ།

ན་གོར་མོ་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12.45ཡོད། གྲོང་ཁུལ་ཚྭ་འདམ་གཞོང་གི་དབུས་སུ་ཆགས་ཡོད། མཚོ་འཕགས་ལ་ཆ་སྙོམས་ཀྱི་སྨི2780ཡོད། མཐོ་སྒང་གི་སྐམ་ས་ཆེན་པོའི་རང་བཞིན་གྱི་གནམ་གཤིས་སུ་གཏོགས་པ་དང་། དབྱར་ཁ་ཚ་གདུག་ཆེ་ཞིང་དགུན་ཁ་གྲང་ངར་ཆེ་བའི་ས་ཆ་ཞིག་ཡིན་ལ། མདོ་དབུས་མཐོ་སྒང་དུ་ཟི་ལིང་དང་ལྷ་སའི་རྗེས་ཀྱི་གྲོང་ཁྱེར་ཆེན་པོ་ཨང་གསུམ་པ་ཡིན། ལོ་འདི་འགའི་རིང་ལ། གྲོང་ཁྱེར་འདིའི་སྔ་གཞུག་ཏུ"རྒྱལ་ཡོངས་དམག་དམངས་མཉམ་འཛུགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྔོན་ཐོན་ཐུན་མོང"དང"ཀྲུང་གོའི་སྐྱེད་ཚལ་ལྗང་མདོག་ཅན་གྱི་སྔོན་ཐོན་གྲོང་ཁྱེར"། "རྒྱལ་ཡོངས་ལོ་ཆུང་བྱིས་པའི་བྱ་བའི་སྔོན་ཐོན་གྲོང་ཁྱེར"། "ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར"སོགས་ཀྱི་མཚན་སྙན་ཐོབ་པར་མ་ཟད། བསྟུད་མར་ལོ5ལ"རྒྱལ་ཡོངས་ཀྱི་གཉིས་བཀུར་མིག་དཔེའི་གྲོང་ཁྱེར"གྱི་མཚན་སྙན་བླངས།

རིགས་དབྱེ།