བོད་ཁམས་སིལ་བུར་འཐོར་བའི་དུས་སྐབས།

བཙན་པོ་བཀྲོངས་ཤིང་དབུ་གཡོ་འཁྲུག་པ། འབངས་གྱེན་ལོག་བྱས་པ། བཙན་པོའི་གདུང་རྒྱུད་གྱེས་བ་སོགས་རྐྱེན་མང་པོ་ཞིག་གི་དབང་གིས་བོད་ཁམས་སིལ་བུར་འཐོར་བ་ཡིན།

རིགས་དབྱེ།  

ཙོང་ཁའི་རྒྱལ་པོ།

མདོ་སྨད་ཙོང་ཁའི་ཡུལ་དུ། བོད་ཀྱི་རྒྱལ་རྒྱུད་ཙོང་ཁའི་རྒྱལ་བོ་ཟེར་བའི་རྒྱལ་པོ་སྟོབས་ལྡན་ཞིག་བྱུང་། ད་ལྟའི་ཟི་ལིང་མཁར་དུ་རྒྱལ་ས་བཟུང་སྟེ་མཐའ་མཚམས་བརྟན་པོར་སྲུང་། འདི་པ་བོད་ཀྱི་རྒྱལ་རྒྱུད་ཡིན་པ། མཚན་ལའང་ཇོ་སྲས་སམ་རྒྱལ་སྲས་ཞེས་ཟེར།

རིགས་དབྱེ།  

ཙོང་ཁ་རྒྱལ་རབས།

ཁྲི་ལྡེའི་སྲས་ལྷ་རྒྱལ་བའམ་ཁྲི་གནམ་ལྡེ་དབོན་བཙན་པོ་ནི་ཙོང་ཁ་རྒྱལ་རྒྱུད་ཀྱི་སྲིད་དབང་གི་བཙན་པོའམ་རྒྱལ་ཐོག་དང་པོར་བགྲང་དགོས་ཤིང་། རྒྱའི་ཡིག་ཚང་གཞིར་བཟུང་ན། ཁོང་ནི་སྤྱི་ལོ997ལོར་སྟོད་མངའ་རིས་ཀྱི་མང་ཡུལ་དུ་སྐུ་འཁྲུངས་པ་དང་། སུམ་པའི་རྒོད་ཚང་མི་ཉག་གི་ཡུལ་དུ་འཁྲུངས་པ། བསམ་ཡས་སུ་འཁྲུངས་པ་སོགས་བཞེད་ཚུལ་མི་མཐུན་པ་མང་། རྒྱལ་སྲས་ལགས་ཙོང་ཁའི་སྲིད་ལ་ཞུགས་པའི་སྐབས་དེར།བྱང་ཕྱོགས་ལྡོང་མི་ཉག་གིས་ཀན་ཅུའི་ཡུ་གུར་བཏུལ་ཞིང་། སྔ་མོའི་དར་གོས་ཚོང་ལམ་གྱི་ཀ་ཀྲོའུ་དང་། ཧྲ་ཀྲོའུ། ཀན་ཅུ། ལེང་ཅུ་སོགས་ཡོངས་སུ་དབང་དུ་བསྡུས་ནས་ནུབ་ཕྱོགས་ཀྱི་ཙོང་ཁའི་སྲིད་དབང་ལ་དམག་གཏད་པ་རེད། སྤྱི་ལོ1035ལོར་མི་ཉག་གིས་མཛོ་མོ་མཁར་ལ་དམག་མི་ཁྲི་གཉིས་དང་ལྔ་སྟོང་ཙམ་དྲངས་ནས་རྒོལ་བ་རྒྱལ་སྲས་ལགས་ཀྱིས་ཕམ་པར་བྱས་མོད། མི་ཉག་རྒྱལ་པོ་ལི་ཡོན་ཧོ་ཡིས་དེའི་དཔུང་རོགས་སུ་དམག་བཏང་སྟེ་མཛོ་མོ་མཁར་བཟུང་ཞིང་གྱི་ཐང་སོགས་ལ་རྒོལ་མགོ་བརྩམས། ཟླ་བ་འགའི་དྲག་འཐབ་ཀྱི་ཁྲོད་ནས་ཙོང་ཁ་རྒྱལ་པོར་རྒྱལ་ཁ་འཐོབ། དམག་འཁྲུག་འདིའི་རྒྱལ་ཁ་ནི་ཙོང་ཁ་རྒྱལ་རབས་ཀྱི་ཆེས་འགག་རྩའི་དུས་སྐབས་སུ་འཐོབ་པའི་རྒྱལ་ཁ་ཞིག་ཡིན་ལ། དུས་དེ་ནས་རྒྱལ་སྲས་ལགས་ཀྱིས་དབུ་ཁྲིད་པའི་ཙོང་ཁ་རྒྱལ་རབས་མཐོ་སྒང་ཤར་རྒྱུད་ཀྱི་སྲིད་སྟེགས་སུ་སླེབས་པ་རེད།

རིགས་དབྱེ།  

ཧོར་གྱི་ཡུལ་ཁམས།

བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ཏུ་ཧོར་ནི་བོད་ཀྱི་བྱང་ཕྱོགས་སུ་ཡོད་པ་ཞལ་གཅིག་མཐུན་ལྟ་བུར་སྣང་ཞིང་ཁྲོམ་གེ་སར་དང་མཛོ་སུམ་པ་སོགས་དང་འདབས་འབྲེལ་ཡིན་ཅིང། དངོས་སུ་ས་ཆ་གང་ཞིག་ལ་ངོས་འཛིན་དགོས་པ་གསལ་བོར་བཀོད་ཡོད་དོ། །

རིགས་དབྱེ།  

བོད་སིལ་བུའི་དུས་སྐབས།

བོད་མེ་སྟག་སྤྱི་ལོ846ལོར་རྒྱལ་བོ་འུ་དུམ་བཙན་ནམ་གླང་དར་མ་ཞེས་བྱ་བ་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས་རྗེས་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་འཛིན་པར་ཁ་མ་འཆམས་ནས་སྲིད་དབང་འཕྲོག་རྩོད་ཀྱི་ལས་སུ་ཞུགས་ཤིང་བློན་འཁོར་རྣམས་ཀྱང་ཕྱོགས་གཉིས་སུ་གྱེས་བའི་སྐབས་དེ་ལ་ཟེར།

རིགས་དབྱེ།  

སྨད་འདུལ་བ།

མདོ་ཁམས་སྨད་ཀྱི་ཡུལ་ནས་དར་ཞིང་བརྒྱུད་པའི་འདུལ་བའི་སྡོམ་རྒྱུན་ཏེ་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པ་ན། སྨར་གཡོ་གཙང་གསུམ་མདོ་སྨད་ཏན་ཏིག་གི་ཡུལ་གྲུར་བྱོན་ནས། རྒྱ་ནག་གི་ཧྭ་ཤང་ཀེ་ཝང་དང༌། གྱི་ཕན་གཉིས་བཅས་ལྔ་ཚོགས་ཀྱིས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས། ཁོང་གིས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང༌། ལོ་སྟོན་རྡོ་རྗེ་དབང་ཕྱུག་སོགས་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས། དེ་ནས་རིམ་བཞིན་དབུས་གཙང་གི་ཕྱོགས་སུ་འདུལ་བའི་སྡོམ་རྒྱུན་སྤེལ་ཞིང་མཆེད་པའོ། །

རིགས་དབྱེ།  

དབུས་གཙང་གི་མཁས་བ་མི་བཅུ།

དབུས་གཙང་གི་མཁས་བ་མི་བཅུར་གྲགས་པ་ནི་དབུས་ཀྱི་གླག་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་། གཉལ་པ་འབྲིང་ཡེ་ཤེས་ཡོན་ཏན། རྦ་ཚུལ་ཁྲིམས་བློ་གྲོས་དང་། གཙང་གི་མགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག ཤབ་སྒོ་ལྔའི་ཚོང་བཙུན་ཤེས་རབ་སེང་གེ་སོགས་བཅུའོ། །

རིགས་དབྱེ།  

རིན་སྤུངས་དམེ་ཁྲག་གི་ལོ།

རིན་སྤུངས་དམེ་ཁྲག་གི་ལོ་ཞེས་པ་ནི་རིན་སྤུངས་བའི་སྲིད་འཛིན་ཐ་མ་ངག་དབང་འཇིག་གྲགས་ཀྱི་དུས་སུ་ས་སྐྱ་བ་དང་བྱང་བདག་གཉིས་མ་མཐུན་པར་བརྟེན་རབ་བྱུང་དགུ་བའི་ཆུ་ཕག(སྤྱི་ལོ1563)ལོར་རིན་སྤུངས་བ་ས་སྐྱའི་རྒྱབ་ཏུ་ཆས་ཏེ་གཡས་རུ་བྱང་དུ་དཔུང་བཏེགས་པའི་གླགས་ལ་བརྟེན་ནས་རིན་སྤུངས་བའི་མངའ་ཞབས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་ངག་དབང་འཇིག་གྲགས་ཀྱི་སྲས་པདྨ་དཀར་པོ་བཀྲོངས་པ་སོགས་གྱེན་ལྡོག་ཆེན་པོ་བྱས་ཏེ་ནང་དམེ་བྱུང་བ་ལ་དེ་ལ་ཟེར་རོ། །

རིགས་དབྱེ།  

བྱི་གླང་སྡེ་གཟར།

རབ་བྱུང་བཅུ་བའི་ཆུ་བྱི(སྤྱི་ལོ1612)ལོ་དང་། དེའི་ཕྱི་ལོ་སྟེ་ཆུ་གླང(སྤྱི་ལོ1613)ལོ་གཉིས་ཀར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་དཔུང་སྟོབས་ལ་བརྟེན་ནས་དབུས་ཕྱོགས་ཀྱི་འཕན་པོ་དང་གཞིས་ཀ་སྣེའུ་སོགས་བླངས་ཏེ་དབུས་གཙང་གི་ཡུལ་གྲུ་སྤྱི་ལ་གཞི་རྩའི་ཐོག་ནས་དབང་བསྒྱུར་ཐུབ་པ་བྱུང་ཞིང་། རྒྱལ་དབང་སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་པ་བཟོས་པ་སོགས་ལ་བོད་ཀྱི་ལོ་རྒྱུས་ཐོག་བྱི་གླིང་སྡེ་གཟར་ཞེས་གྲགས་པའོ། །

རིགས་དབྱེ།  

རྒྱ་འབུམ་སྒང་དུས་ཟིང་།

རྒྱ་འབུམ་སྒང་དུས་ཟིང་ཞེས་པ་ནི་རབ་བྱུང་བཅུ་གསུམ་པའི་མེ་ཡོས(སྤྱི་ལོ1747)ལོའི་ཟླ་གཉིས་པར་ཕོ་ལྷ་བ་སྐུ་འདས་རྗེས་སྲས་ཆུང་བ་འགྱུར་མེད་རྣམ་རྒྱལ་གྱིས་བོད་ཀྱི་སྲིད་འགན་བཞེས་ནའང་། ཁོང་སྲིད་ཁྲིར་འཁོད་མ་ཐག་ནས་ཡབ་ཀྱི་སྲིད་བྱུས་དང་ཡོངས་སུ་འགལ་བའི་ལས་སུ་ཞུགས་པར་བརྟེན། བོད་ཨམ་བན་ཕུ་ཆིན(博清)དང་། ལས་རོགས་ལབ་ཏུན(拉布敦)གཉིས་ལྐོག་གྲོས་བྱས་ཐོག་ལྕགས་རྟ(སྤྱི་ལོ1750)ལོའི་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་འགྱུར་མེད་རྣམ་རྒྱལ་ཁྲོམ་གཟིགས་ཁང་དུ་བསྐུངས་ཤིང་ཁ་རྡུང་དྲག་པོ་བཏང་མཐར་རལ་གྲི་བསྣུན་ནས་བཀྲོངས་བ་སོགས་དོན་རྐྱེན་རྒྱ་ཆེན་པོ་ཞིག་བྱུང་བ་དེ་ལ་ཟེར་རོ། །

རིགས་དབྱེ།  

མི་དབང་ཕོ་ལྷ་བ།

མི་དབང་ཕོ་ལྷ་བ(བསོད་ནམས་སྟོབས་རྒྱས)ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་གོང་བཀུར་དང་། དབུས་གཙང་བདེ་ཐབས་ལ་ལོ་རྒྱུས་ཀྱི་བྱས་རྗེས་ཡོད་པའི་དཔའ་བོ་ཞིག་ཡིན།

རིགས་དབྱེ།  

ལྷ་སའི་ཆིངས་ཡིག

ལྷ་སའི་ཆིངས་ཡིག་ནི་ཐོག་མར་རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག(སྤྱི་ལོ1809)ལོར་དབྱིན་ཇིའི་བཙན་བསྐུལ་འོག་དོན་ཚན་བཅུ་ཡོད་པ་ཞིག་བཞག་ཀྱང་ཆིང་གོང་མའི་སྲིད་གཞུང་གིས་ཁས་མ་བླངས་པར་བརྟེན། ཕྱིས་སུ་མེ་རྟ(སྤྱི་ལོ1906)ལོར་པེ་ཅིང་ནས་སླར་ཡང་ཞི་བའི་གྲོས་མོལ་ཐོག་ལྷ་སའི་ཆིངས་ཡིག་ལ་བཟོ་བཅོས་མང་དུ་བགྱིས་ཏེ་པེ་ཅིང་ཆིངས་ཡིག་ཅེས་པ་བོད་དོན་སྐོར་གྱི་ཆིངས་ཡིག་དོན་ཚན་དྲུག་བཞག་པ་དེའོ། །

རིགས་དབྱེ།  

ཀ༔གནམ་སྡེ་པ།

བཤད་རྒྱུན་ལྟར་ན། སྤུར་རྒྱལ་བཙན་པོ་གྲི་བཙན་པོ་ལོ་ངམ་རྟ་རྫིས་བཀྲོངས་རྗེས། དེའི་སྲས་ཐ་ཆུང་བྱ་ཁྲི་སྤོ་ཡུལ་དུ་བྲོས། མི་རིང་བར་བྱ་ཁྲི་སྤུར་རྒྱལ་བཙན་པོའི་ཁྲིར་གསོལ་ཏེ་བུ་དེ་གུང་རྒྱལ་ཞེས་སུ་འབོད། སྤོ་ཡུལ་ནི་དེའི་གདུང་རྒྱུད་ཀྱིས་མུ་མཐུད་མངའ་མཛད་པར་གསུངས། དགའ་ལྡན་ཕོ་བྲང་དུས་སུ་སྤོ་ཡུལ་ནི་དེའི་མངའ་ཁོངས་སུ་མིང་ཙམ་ལས་དོན་དུ་ཕྱེད་རང་བཙན་གྱི་རྣམ་པར་གནས་ཏེ། ཀ༔གནམ་སྡེ་པ་ཞེས་སུ་གྲགས།

རིགས་དབྱེ།  

ལ་དྭགས་རྒྱལ་རབས།

དཔལ་འཁོར་བཙན་གྱི་སྲས་སྐྱིད་ལྡེ་ཉི་མ་མགོན་ཞང་ཞུང་ཁུལ་དུ་བྲོས་བྱོལ་དུ་བྱོན་ཏེ་མངའ་རིས་སུ་དབང་བསྒྱུར། ཕྱིས་སུ་སྔར་ཡབ་མེས་དག་སྲིད་ལ་མ་འཆམས་པའི་ངན་འབྲས་བསླབ་བྱར་བཟུང་སྟེ། མངའ་རིས་སྐོར་གསུམ་དུ་ཕྱེ་སྟེ་བུ་གསུམ་པོར་བགོས་པ་ལས། སྟོད་ཀྱི་མགོན་གསུམ་དུ་གྲགས་པ་བྱུང་།དེའང་སྲས་བགྲེས་པ་དཔལ་གྱི་མགོན་གྱིས་མང་ཡུལ་བཟུང་ནས་ལ་དྭགས་རྒྱལ་པོར་གྱུར།

རིགས་དབྱེ།  

སྤྱི་ལོ856ན་མེ་བྱི་ལོ།

མངག་བདག་ཡུམ་བརྟན་གྱི་ཤོག་ཁས་དབུ་རུ་བཟུང་བ་དང་། མངའ་བདག་འོད་སྲུང་གི་ཤོག་ཁས་གཡོ་རུ་བཟུང་ནས་འཐབ་རྩོད་ལོ་བཅུ་གཉིས་ཙམ་བྱས། མཐར་འོད་སྲུང་གི་ཤོག་ཁ་རྣམས་ཕམ་ནས་མངའ་རིས་སུ་དེའི་བློན་འབངས་མང་ཆེ་བ་ལྷོ་མོན་གྱི་ཕྱོགས་སུ་བྲོས་ནས་ཡུལ་སྡེ་ཆེན་ཆགས། དེ་མིན་རྣམས་ཡུལ་གྲུ་ཕལ་ཆེ་བར་ཁྱབ་ནས་ཡུལ་ལུང་སོ་སོར་ཆེ་སྲིད་དང་ཆུང་སྲིད། མང་ཚན་དང་ཉུང་ཚན། གསེར་པ་དང་གཡུ་པ། ཤ་ཟན་དང་ཙམ་ཟན་ཞེས་ཁག་གཉིས་སུ་གྱེས་ཏེ་ནང་འཁྲུག་བར་མི་ཆད་པ་ལངས།

རིགས་དབྱེ།  

སྤྱི་ལོ869པ་ས་གླང་ལོ།

ལྷ་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་དགུང་ལོ་ཉེར་གསུམ་དུ་ཕེབས་ཤིང་ཐོག་མར་མདོ་སྨད་ཡུལ་ནས་དབའས་གོ་བཤེར་ལེགས་སྟེང་གིས་ལག་དཔོན་བྱས་ཏེ་འབངས་གྱེན་ལོག་ལངས། དེ་ནས་དབུ་རུར་འབྲོ་སྦས་འཁྲུག་པ་ལ་བརྟེན་ནས་དབའས་ལོ་ཕོ་ལོ་ཆུང་གིས་ལག་དཔོན་བྱས་ཏེ་འབངས་གྱེན་ལོག་ལངས། དེ་ནས་གཡོ་རུར་ཞང་རྗེ་གསལ་སྣེ་བཙན་གྱིས་དབོན་སྣེ་བསད། སྐབས་དེར་རིའི་མགུལ་ལ་ཡུར་བུ་བཟོ་བཅུག་པས་རི་མགུལ་ལས་མི་མགུལ་གཅོད་ལ་སླ་ཞེས་སྨྲས་ཏེ། མཆིམས་ཀོང་མི་དྲུག་གིས་འགོ་ཁྲིད་ནས་འབངས་གྱེན་ལོག་ལངས་ཏེ། མདོ་ཁམས་དང་། དྭགས་པོ། ཀོང་པོ། ལྷོ་ཁ། ལྷ་ས་སོགས་ས་གནས་མང་པོར་གཅིག་རྗེས་གཉིས་མཐུད་ཀྱིས་འབངས་གྱེན་ལོག་ལངས། དེས་བྲན་གཡོག་བདག་པོར་རྡུང་རྡེག་ཚབས་ཆེན་ཕོག

རིགས་དབྱེ།  

སྤྱི་ལོ892པ་ཆུ་བྱི་ལོ།

སྤྱི་ལོ892པ་ཆུ་བྱི་ལོ། ལོ་འདིར་བླ་ཆེན་དགོངས་པ་རབ་གསལ་ཙོང་ཁ་བདེ་ཁམས་སམ་འཕན་ཡུལ་ཞོགས་པར་སྐུ་འཁྲུངས། ཡང་དེབ་ཐེར་འགའ་ཞིག་ཏུ་ཆུ་བྱི(སྤྱི་ལོ832)ལོ་དང་། ཡང་ལ་ལས་ཆུ་སྤྲེལ(སྤྱི་ལོ842)ལོ་སོགས་བཞེད་ཚུལ་མི་འདྲ་བ་མང།

རིགས་དབྱེ།  

སྤྱི་ལོ918པ་ས་སྟག་ལོ།

སྤྱི་ལོ918པ་ས་སྟག་ལོ། ལོ་འདིར་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་དང་། འབྲི་ཡེ་ཤེས་ཡོན་ཏན། སུམ་པ་ཡེ་ཤེས་བློ་གྲོས། རག་ཤི་ཚུལ་ཁྲིམས་འབྱུང་གནས། རྦ་ཚུལ་ཁྲིམས་བློ་གྲོས་བཅས་དབུས་པ་མི་ལྔ་དང་། ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། ཚོང་གེ་ཤེས་རབ་སེང་གེ། བོ་དོང་པ་ཨུ་པ་དེ་ཀར་བཅས་གཙང་པ་མི་གསུམ། མངའ་རིས་པ་འོ་བརྒྱད་སྤུན་གཉིས་བཅས་དབུས་གཙང་གི་མི་བཅུ་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་དུ་བསྙེན་པར་རྫོགས། འདུལ་བ་སོགས་ལེགས་པར་བསླབས་ནས་སླར་ཡང་དབུས་གཙང་དུ་ཕྱིར་ཕེབས།

རིགས་དབྱེ།  

སྤྱི་ལོ958པ་ས་རྟ་ལོ།

སྤྱི་ལོ958པ་ས་རྟ་ལོ། ལོ་འདིར་ལོ་ཆེན་རིན་ཆེན་བཟང་པོ་མངའ་རིས་གུ་གེའི་ས་ཆ་ཝམ་རཏྣ་ནས་སྐུ་འཁྲུངས།

རིགས་དབྱེ།  

སྤྱི་ལོ993པ་ཆུ་སྦྲུལ་ལོ།

སྤྱི་ལོ993པ་ཆུ་སྦྲུལ་ལོ། ལོ་འདིར་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་མང་མཁར་དུ་སྐུ་འཁྲུངས་པ་རེད།

རིགས་དབྱེ།  

སྤྱི་ལོ998པ་ས་ཁྱི་ལོ།

སྤྱི་ལོ998པ་ས་ཁྱི་ལོ། ལོ་འདིར་སློབ་དཔོན་ཆེན་པོ་ཏཻ་ལོ་པ་ནི། ཡབ་བྲམ་ཟེ་གསལ་བ་དང་། ཡུམ་བྲམ་ཟེ་མོ་གསལ་ལྡན་གྱི་སྲས་སུ་སྐུ་འཁྲུངས།

རིགས་དབྱེ།  

སྤྱི་ལོ1005པ་ཤིང་སྦྲུལ་ལོ།

སྤྱི་ལོ1005པ་ཤིང་སྦྲུལ་ལོ། ལོ་འདིར། བཀའ་གདམས་བསྟན་པའི་ཤིང་རྟ་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སྐུ་འཁྲུངས།

རིགས་དབྱེ།  

སྤྱི་ལོ1011པ་ལྕགས་ཕག་ལོ།

སྤྱི་ལོ1011པ་ལྕགས་ཕག་ལོ། ལོ་འདིར་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་སྐུ་བལྟམས།

རིགས་དབྱེ།  

སྤྱི་ལོ1012པ་ཆུ་བྱི་ལོ།

སྤྱི་ལོ1012པ་ཆུ་བྱི་ལོ། ལོ་འདིར་མར་པ་དབང་ཕྱུག་འོད་ཟེར་དང་། ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་མར་པ་ཆོས་ཀྱི་བློ་གྲོས་ལྷོ་བྲག་ཆུ་ཁྱེར་གྱི་གྲོ་བོ་ལུང་དུ་སྐུ་འཁྲངས། ཡབ་འདི་ཉིད་ལ་སྲས་བཞི་ཡོད་པའི་གསུམ་པ་དེ་ཡིན། སྐུ་ན་ཆུང་ངུའི་དུས་ནས་ཐུགས་གཤིས་རྩུབ་ཙམ་ཡོད་ཀྱང་། སྐྱེས་སྟོབས་ཤེས་རབ་ཀྱི་རྩལ་དང་ལྡན་པས་སྐྱེ་བོ་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར།

རིགས་དབྱེ།  

སྤྱི་ལོ1014པ་ཤིང་སྟག་ལོ།

སྤྱི་ལོ1014པ་ཤིང་སྟག་ལོ། ལོ་འདིར་གསང་སྔགས་རྙིང་མའི་སློབ་དཔོན་གསུམ་གྱི་ཡ་གྱལ་ཟུར་ཆུང་ཤེས་རབ་གྲགས་པ་སྐུ་འཁྲུངས།

རིགས་དབྱེ།  

སྤྱི་ལོ1015པ་ཤིང་ཡོས་ལོ།

སྤྱི་ལོ1015པ་ཤིང་ཡོས་ལོ། ལོ་འདིར་རྣལ་འབྱོར་པ་ཆེན་པོ་ཨ་མེས་བྱང་ཆུབ་འབྱུང་གནས་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། འདི་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མའི་ནང་ནས་བདེན་གཉིས་ལ་ཤིན་ཏུ་མཁས་པའི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན། རབ་བྱུང་དང་པོའི་ཤིང་སྦྲུལ(1065)ལོར་བཀའ་གདམས་པའི་ཆུ་འགོ་རྭ་སྒྲེང་དགོན་པའི་གདན་ས་བསྐྱངས། རབ་བྱུང་དང་པོའི་ས་རྟ(1078)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

རིགས་དབྱེ།  

སྤྱི་ལོ1027པ་མེ་ཡོས་ལོ།

སྤྱི་ལོ1027པ་མེ་ཡོས་ལོ། ལོ་འདིར་དུས་འཁོར་རྩ་འགྲེལ་འཕགས་ཡུལ་ནས་བོད་དུ་གདན་དྲངས། དེ་ནས་རྩིས་འགོ་བཙུགས་ཏེ་རབ་བྱུང་དང་པོ་འགོ་ཚུགས།

རིགས་དབྱེ།  

སྤྱི་ལོ1031པ་ལྕགས་ལུག་ལོ།

སྤྱི་ལོ1031པ་ལྕགས་ལུག་ལོ། ལོ་འདིར་ཕུ་ཆུང་བ་གཞོན་ནུ་རྒྱལམཚན་དང་པོ་ཏོ་བ་རིན་ཆེན་གསལ། མ་ཅིག་ལབ་ཀྱི་སྒྲོན་མེ་གསུམ་སྐུ་འཁྲུངས།

རིགས་དབྱེ།  

སྤྱི་ལོ978པ་ས་སྟག་ལོ།

སྤྱི་ལོ978པ་ས་སྟག་ལོ། ལོ་འདིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྐུ་འཁྲུངས། བཀའ་གདམས་ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་བཏོད་མཁན་ཡིན། མདོ་ཁམས་ནས་བསྟན་པའི་མེ་རོ་བསླངས་ཏེ་བསྟན་པ་ཕྱི་དར་གྱི་འགོ་ཚུགས།

རིགས་དབྱེ།  

སྤྱི་ལོ982པ་ཆུ་རྟ་ལོ།

སྤྱི་ལོ982པ་ཆུ་རྟ་ལོ། ལོ་འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྐུ་འཁྲུངས།

རིགས་དབྱེ།