ཡོངས་འཛིན་རིག་མཛོད། >ལོ་རྒྱུས། >ཚོ་བའི་ལོ་རྒྱུས།

རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད།

རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ནི། ལྕགས་ལ་དང་། རྟའུ། བྲག་མགོ། དགེ་ཤེས་རྩ། པ་བམ། བྲག་སྟེང་། མུ་ཕྱི། ཡིན་ཅི། བཙན་ལྷ། འོག་གཞི། ལུང་དགུ། རྒྱ་ཁ། སོ་མང་། ཅོག་ཙེ། གཟི་འགག(དེང་སང་རྫི་འགག་ཟེར) དམ་པ། ཁྲོ་སྐྱབས། ཆུ་ཆེན་བཅས་སོ།།

རིགས་དབྱེ།  

འཇང་།

སྤྱིར་བོད་ཀྱི་ཡིག་ཚང་རྣམས་སུ་འཇང་ངམ་ལྗང་ཅེས་པའི་མིང་འདི་བྱུང་བ་སྔ་ལ། གཙོ་བོ་ལོ་རྒྱུས་དེབ་ཐེར་དང་ཏུང་ཧོང་གཏེར་ཡིག་དག་ཏུ་འབྱུང་བའི་འཇང་ཡུལ་བྱ་བ་དང་གླིང་སྒྲུང་གེ་སར་དང་དེང་སང་བོད་མིས་འཇང་རིགས་སུ་འབོད་པའི་འཇང་སྟེ་གོ་དོན་རིགས་གཉིས་སུ་ཡོད།

རིགས་དབྱེ།  

ཀླུ་ཤོད་ཚོ་བ་བརྒྱད།

ཀླུ་ཤོད་ཚོ་བ་བརྒྱད་ནི་བསང་ཆུའི་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་། ཤར་རྔོག་ཚོ་ལྔ། ལྷོ་ཅོ་ནེ་ཀླུ་ཆུང་། ནུབ་དམེ་ཤུལ་དང་། འབོ་ར། ཀླུ་ཆུ། བྱང་རྒྱལ་མོ་བཅས་དང་ཡུལ་མཚམས་འདྲེས།

རིགས་དབྱེ།  

ཁོ་ཚེ་ཚོ་བ་གསུམ།

ཁོ་ཚེ་ཚོ་བ་གསུམ་ནི་བསང་ཆུ་རྫོང་གི་ལྷོ་ནུབ་ཏུ་གནས། ཤར་ལྷོར་ཨ་མཆོག་ཚོ་བརྒྱད་དང་ཀླུ་ཆུའི་མ་ངེ། ལྷོ་ནུབ་མཚོ་སྔོན་ཞིང་ཆེན་གྱི་རྩེ་ཁོག་དང་རྨ་ལྷོའི་སོག་རིགས་རང་སྐྱོང་རྫོང་། བྱང་དུ་བསང་ཁོག་བཅས་དང་ཡུལ་མཚམས་འདྲེས་སོ། །

རིགས་དབྱེ།  

གནམ་ལྷ་ཤོག་པ།

གནམ་ལྷ་ཤོག་པ་ནི་བླ་བྲང་དགོན་པའི་ཤར་རྒྱུད་དུ་གནས་ཤིང་ཤར་དུ་ཧོར་གཙང་དང་། ལྷོར་ཁ་གྱ་དང་། ཐང་དཀར་ནང་། རོང་ངར་གསུམ། ནུབ་ཏུ་ཙ་ཡུས། བྱང་དུ་རྒན་གྱ་བཅས་དང་ས་མཚམས་འདྲེས་པའི་མདའ་སྨད་ཞང་ཁག་དང་བང་སྒར་ཐང་ཞང་ཁག་གཉིས་ཀྱི་ཁོངས་སུ་གནས།

རིགས་དབྱེ།  

གཙོས་ཤོག་པ་བཞི།

གཙོས་ཤོག་པ་ནི་བསང་ཆུ་རྫོང་གི་ཤར་རྒྱུད་གཙོས་གྲོང་ཁྱེར་དང་སྣ་བུག་ཞང་ཁག་གི་ཁོངས་སུ་གནས་ཤིང་། ཤར་མཛོད་དགེ་ཤོག་པ་ལྔ་དང་། ཤར་ལྷོ་ཅོ་ནེ་དང་རྡོ་དཀར། ལྷོ་ནུབ་འབོ་ར་དང་ཙ་ཡུས། བྱང་དུ་ཁ་གྱ་བཅས་དང་ས་མཚམས་འདྲེས།

རིགས་དབྱེ།  

ཐང་དཀར་ཤོག་པ།

ཐང་དཀར་ཤོག་པར་ཐང་དཀར་གོང་འགབ་གཉིས་མཆིས་ཤིང་རུ་ཆུང་དགོན་བཀྲ་ཤིས་རྣམ་རྒྱལ་གླིང་གི་ཉེ་ལོགས་གཡོན་ཆུའི་ངོགས་གཉིས་སུ་གནས།

རིགས་དབྱེ།  

དམེ་གྱ་རུ་སྡེ།

དམེ་གྱ་ནི་སྒྱིས་ཚང་དང་དམེ་ཤུལ་ས་གཉིས་ཀྱི་བར་མཚམས་སུ་གནས་ཤིང་དེང་སང་སྒྱིས་ཚང་ཞང་གི་ཁོངས་སུ་གཏོགས། ཚོ་བ་འདི་ས་ཕྱོགས་གཞན་ནས་འོངས་པའི་མི་ཁྱིམ་ཁ་ཤས་ལས་གྲུབ་པའི་རོང་སྡེ་ཞིག་ཡིན།

རིགས་དབྱེ།  

དམེ་ཤུལ་ཚོ་བཞི།

དམེ་ཤུལ་ཚོ་བ་བཞི་ནི་བསང་ཆུ་རྫོང་གི་ཤར་ལྷོར་གནས་ཤིང་། ཤར་དུ་ཀླུ་ཤོད་དང་། ནུབ་ཏུ་ཀླུ་ཆུ་རྫོང་གི་ཨ་ལ། ནུབ་བྱང་དུ་ཨ་མཆོག་དང་འབོ་ར་བཅས་དང་ས་མཚམས་འདྲེས།

རིགས་དབྱེ།  

བསང་ཁོག་ཚོ་རྩེ་བདུན།

བསང་ཁོག་ཚོ་རྩེ་བདུན་ནི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ནུབ་མཚམས་དང་ཡན་ལག་བརྒྱད་ལྡན་བསང་ཆུ་སྔོན་མོའི་སྟོད་རྒྱུད་དུ་གནས་ཤིང་། ཤར་དུ་བླ་བྲང་ལྷ་སྡེ་ཤོག་པ་བཞི། ལྷོར་ཨ་མཆོག་དང་ཁོ་ཚེ། བྱང་དུ་རྒན་གྱ། ནུབ་ཏུ་མཚོ་སྔོན་གྱི་མདོ་བ་དང་རྩེ་ཁོག་བཅས་དང་ས་མཚམས་འདྲེས།

རིགས་དབྱེ།  

བླ་བྲང་ལྷ་སྡེ་ཤོག་པ་བཞི།

ལྷ་སྡེ་ཤོག་པ་བཞི་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཉེ་འཁོར་བསང་ཆུའི་ངོགས་གཉིས་སུ་གནས་ཤིང་ཤར་དུ་གནམ་ལྷ་གོང་མ། ལྷོར་ཙ་ཡུས། ནུབ་བསང་ཁོག བྱང་རྒན་གྱ་ཚོ་དྲུག་བཅས་དང་ས་མཚམས་འདྲེས། དེའི་ནང་ཚན་ཟ་ཡུས་ནང་དང་གླས་དྲུག་གཉིས་ནི་བླ་བྲང་དགོན་པ་བཏབ་མ་ཐག་ཇུ་ནང་རྒྱལ་པོའི་མངའ་འོག་ཏུ་གཏོགས་པའི་འབྲོག་ཁྱིམ་དྲུག་གི་ཤུལ་ཡིན་པ་དང་། ཕུག་སྡེ་དང་བསང་ཁོག་གི་ཚར་ཚ་སོགས་ཀྱང་ཡུལ་འདིར་གནས་པར་བཤད། དེར་མ་གཏོགས་པའི་ཤོག་པ་གཞན་རྣམས་ནི་བླ་བྲང་དགོན་པ་བཏབ་རྗེས་སུ་ཆགས་པའི་དམག་ཤོག་རྩ་འཛུགས་ཤིག་ཡིན།

རིགས་དབྱེ།  

མཛོད་དགེ་ཤོག་པ་ལྔ།

མཛོད་དགེ་ཤོག་པ་ལྔ་ནི་བསང་ཆུ་རྫོང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། ཤར་ཅོ་ནེ་ཁྱ་དགེ་དང་། ལྷོ་ནུབ་ཏུ་ཅོ་ནེ་ཝ་དམར་དང་། རྡོ་དཀར། ནུབ་བྱང་དུ་གཙོས་དང་ཁ་གྱ། བྱང་ཀ་ཅུའི་ཅ་ཀ་མཁར་བཅས་དང་ས་མཚམས་འདྲེས།

རིགས་དབྱེ།  

ཙ་ཡུས་སྟོད་སྨད།

ཙ་ཡུས་ནི་བསང་ཆུ་རྫོང་གི་ལྷོའི་མཚམས་སུ་གནས་ཤིང་ཚོ་བ་དེའི་ཤར་དུ་གཙོས་དང་། ནུབ་ཏུ་བསང་ཁོག ལྷོར་འབོ་ར་དང་ཨ་མཆོག བྱང་དུ་བླ་བྲང་ལྷ་སྡེ་ཤོག་བཞི་དང་། མདའ་སྨད། ཐང་དཀར་ནང་། རོང་ངར་བཅས་དང་ས་མཚམས་འདྲེས།

རིགས་དབྱེ།  

འབོ་ར་ཚོ་བཞི།

འབོ་ར་ཚོ་བཞི་ནི་གཙོས་གྲོང་ཁྱེར་གྱི་ལྷོའི་མཚམས་སུ་གནས་ཤིང་། ཤར་དུ་ཀླུ་ཤོད་དང་། ལྷོར་རྨེད་ཤིས་དང་སྒྱིས་ཚང་། ནུབ་ཏུ་ཨ་མཆོག བྱང་དུ་གཙོས་དང་། རྡོ་དཀར། ཙ་ཡུས་བཅས་དང་ས་མཚམས་འདྲེས།

རིགས་དབྱེ།  

རོང་ངར་ཚོ་བ།

རོང་ངར་ཚོ་བ་ནི་ཐང་དཀར་ཤོག་པའི་ནུབ་བྱང་དུ་གནས་ཤིང་ཤར་ལྷོར་གནམ་ལྷ་དང་། ནུབ་བྱང་དུ་ཙ་ཡུས་དང་ས་མཚམས་འདྲེས།

རིགས་དབྱེ།  

རྒན་གྱའི་ཚོ་བ་དྲུག

རྒན་གྱའི་ཚོ་བ་དྲུག་ནི་བསང་ཆུ་རྫོང་ཁོངས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བྱང་ཕྱོགས་སུ་གནས་ཤིང་། ཤར་དུ་ཧོར་གཙང་དང་ཀ་ཅུ། ལྷོར་གནམ་ལྷ་དང་བླ་བྲང་ལྷ་སྡེ་བཞི། ནུབ་བྱང་དུ་རེབ་གོང་མགར་རྩེ་བཅས་དང་ཡུལ་མཚམས་འདྲེས།

རིགས་དབྱེ།  

རྔོག་ཚོ་བ་ལྔ།

རྔོག་ཚོ་བ་ལྔ་ནི་བསང་ཆུ་རྫོང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། ད་སྐབས་གཙོས་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། ཤར་ལྷོར་ཅོ་ནེ་ཝ་དམར་དང་བྲག་དཀར་ལུང་། ནུབ་ཏུ་ཀླུ་ཤོད། བྱང་དུ་རྡོ་དཀར་དང་འབོ་ར་ཚོ་བཞི་བཅས་དང་ས་མཚམས་འདྲེས།

རིགས་དབྱེ།  

རྡོ་དཀར་ཉིན་སྲིབ།

རྡོ་དཀར་ལུང་པ་ནི་བསང་ཆུ་རྫོང་གི་ཤར་ལྷོར་གནས་ཤིང་། དེང་སང་གི་སྣ་བུག་ཞང་ཁག་གི་ཁོངས་སུ་གཏོགས། རྡོ་དཀར་ལུང་པ་ནི་ཤར་རྔོག་ཚོ་བ་ལྔ་དང་། ལྷོ་འབོ་ར། ནུབ་བྱང་གཙོས་བཅས་ཡུལ་ཚོ་རྣམས་དང་འབྲེལ།

རིགས་དབྱེ།  

སྒྱིས་ཚང་ཚོ་གཉིས།

སྒྱིས་ཚང་ཚོ་གཉིས་ནི་དམེ་ཤུལ་ས་ཆུ་བོའི་སྨད་རྒྱུད་དེ་དེང་སང་གི་བསང་ཆུ་རྫོང་རྨེད་ཤིས་ཞང་ཁོངས་སུ་གནས། དེའི་ལོ་རྒྱུས་བཤད་པ་ལ《མདོ་སྨད་ཆོས་འབྱུང》དུ། ཚྭ་ཆུའི་རྫིང་བུ་དང་དེའི་གོང་ན་ནགས་ཚལ་ཡོད་པས་རྫིང་ཚལ། རྫིང་ཁར་གྲོང་བ་ཡོད་པས་རྫིང་ཚང་ཡང་ཟེར། ཞེས་གསུངས་པ་དང་། རིམ་གྱིས་སྒྲ་ཟུར་ཆག་སྟེ་སྒྱིས་ཚང་དུ་གྱུར།

རིགས་དབྱེ།  

སྨན་ལུང་ཚོ་བ།

སྨན་ལུང་ཚོ་བ་ནི་གཞི་བདག་ཆེན་པོ་ཨ་མྱེས་གཉན་ཆེན་དང་། གནས་རི་ཁྱད་པར་ཅན་སྨན་རི་གཉིས་ཀྱི་ཉེ་འདབས་ལུང་ཁོག་ཏུ་གནས་ཤིང་། ཤར་ལྷོར་ཁ་གྱ། ལྷོ་ནུབ་ཏུ་ཐང་དཀར། ནུབ་བྱང་དུ་གནམ་ལྷ་ཞོལ་མ་བཅས་དང་འབྲེལ།

རིགས་དབྱེ།  

ཧོར་གཙང་ཤོག་པ་བཞི།

ཧོར་གཙང་ཤོག་པ་བཞི་ནི་བསང་ཆུ་དང་གཡོན་ཆུ་གཉིས་འདྲེས་མཚམས་མན་གྱི་མར་ཐང་དང་ཆུ་སྔོན་ཞང་ཁག་གཉིས་ཀྱི་ཁོངས་སུ་གནས་ཤིང་། བྱང་ཤར་དུ་ཀ་ཅུ། ལྷོ་བྱང་དུ་ཁ་གྱ་དང་གནམ་ལྷ། ནུབ་བྱང་དུ་རྒན་གྱ་བཅས་དང་ས་མཚམས་འདྲེས།

རིགས་དབྱེ།  

ཨ་མཆོག་ཚོ་བ་བརྒྱད།

ཨ་མཆོག་ཚོ་བརྒྱད་ནི་བསང་ཆུ་རྫོང་གི་ལྷོ་རྒྱུད་དུ་གནས་ཤིང་། བྱང་ཤར་ཙ་ཡུས། ཤར་ལྷོ་འབོ་ར། ལྷོ་ནུབ་ཀླུ་ཆུའི་མ་ངེ་། ནུབ་བྱང་བསང་ཁོག་བཅས་དང་ས་མཚམས་འདྲེས།

རིགས་དབྱེ།  

ཨ་རིག་ཅེས་པའི་མིང་གི་བྱུང་ཚུལ།

ཨ་རིག་ཅེས་པའི་མིང་གི་བྱུང་ཚུལ་ལ་རིགས་གཉིས་ཡོད་དེ། གཅིག་ནི་རྨ་ཆེན་གངས་འདབས་སུ་ཡོད་པའི་དུད་ཁྱིམ་ཞིག་གངས་སྐོར་དུ་འགྲོ་སྐབས་བྲག་ངོས་སུ་ཨ་ཡིག་རང་བྱོན་མཐོང་བ་དེ་ལས་བྱུང་བ་དང་། གཉིས་ནི་ཨ་ཕྱུག་དང་དཔའ་ཕྱུག་ཅེས་པའི་སྤུན་གཉིས་ཡོད་པ་ལས་ཨ་ཕྱུག་གིས་བཟུང་བའི་ས་ཆར་ཨ་རིག་ཞེས་ཐོགས་པ་ཡིན་ཟེར་བའི་བཤད་སྲོལ་ཡོད།

རིགས་དབྱེ།  

ཨ་རིག་སྟོད་མ་སྟེ་སྟོང་རུ་མ་དང་དབྱིག་རུ་མ།

ཨ་རིག་སྟོད་མ་ལས་སྟོང་རུ་མ་དང་དབྱིག་རུ་མ་ནི་དུས་རབས་བཅུ་བཞི་བའི་དུས་དཀྱིལ་གྱི་ལྡོང་འབྲུའི་ཟིང་ཆའི་སྐབས་སུ། ད་ལྟའི་ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་དང་ཆུ་དམར་ལེབ་རྫོང་གི་ཉ་མཚོ་ས་ཁུལ་དུ་རུ་སྤར་ནས་ས་དེའི་ཉ་མཚོ་ཚོ་བ་དང་ཁྱིམ་མཚེས་སུ་གཞིས་ཆགས་ནས་བསྡད། ཚོ་བ་འདི་གཉིས་སྔོན་གྱི་འཚོ་སྡོད་བྱས་སའི་རྨ་ཆེན་གངས་རིའི་རྒྱབ་ལོགས་སུ་ད་ལྟའི་ཆར་ཡང་སྟོང་གཞུང་དང་དབྱིག་གཞུང་ཞེས་མིང་གི་འབོད་སྲོལ་མ་ཉམས་པར་གནས་ཡོད།

རིགས་དབྱེ།  

ཨ་རིག་རྭ་རྒྱ།

ཨ་རིག་བར་མ་ལས་ཨ་རིག་རྭ་རྒྱ་ནི་ཨ་རིག་རང་ས་རུ་བསྡད་ཡོད་ལ། སྔ་གཞུག་ཏུ་གཤག་དང་སྐ་ཁོག་སོགས་རྨ་ཉིན་སྲིབ་ལ་སྤར་ནས་གཞིས་ཆགས་ཤིང་། རྗེས་སུ་སོག་པོའི་མངའ་འབངས་སུ་གྱུར་བ་དང་། དཔོན་རབས་ལ་ཙྭ་གིའི་ཐོབ་ཡོད་པའི་བཤད་སྲོལ་ཡོད།

རིགས་དབྱེ།  

གཙང་ཨ་རིག

མགོ་ལོག་དང་ཨ་རིག་གི་བར་ལ་དམག་འཁྲུགས་ཐེངས་འགའ་བྱུང་ཞིང་། ཨ་རིག་ལ་ཕམ་ཉེས་ཆེན་པོ་བྱུང་ནས་རུ་སྡེ་རིམ་བཞིན་ཁ་ཐོར་དུ་གྱུར་བ་དང་། ཇེ་སང་ཀླུ་བ་རྒྱལ་གྱིས་ཆུ་སྟོད་ཚོ་བའི་རུ་སྡེ་མང་ཤོས་ཁྲིད་ནས་སོག་པོའི་ཝང་གི་རུ་སྡེ་ཐུར་མེད་ཟེར་བ་དེ་དྭངས་གཞུང་དུ་ཡོད་པ་དང་མཐུད་ནས་གཞིས་ཆགས། ཁོང་ནི་ཡུལ་གཙང་གི་ཡིན་པས་མི་རྒྱུད་ཕྱི་མར་གཙང་ཨ་རིག་ཅེས་འབོད་པ་ཡིན།

རིགས་དབྱེ།  

རྫོང་ཆེན་བཅོ་བརྒྱད།

གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་རྫོང་ཁག་མི་འདྲ་བཅོ་བརྒྱད་ནས་གཏེར་ཆེན་མི་འདྲ་བ་བཅོ་བརྒྱད་ཕབ་པའི་ལོ་རྒྱུས་སོ། །

རིགས་དབྱེ།  

སྡེ་དགེ་རྒྱལ་པོ།

སྤྱི་ལོ1639ལོར་སྡེ་དགེ་རྒྱལ་པོ་བྱམས་པ་ཕུན་ཚོགས་ཀྱིས་སོག་པོ་ཨོ་རོད་ཀྱི་དཔོན་གུ་ཤྲཱི་ཁང་དབར་དྲག་ཤུགས་མཉམ་སྦྲེལ་ཐོག་ཁམས་བེ་རི་རྒྱལ་པོ་གཏོར་ཕམ་བཏང་བས། གུ་ཤྲཱི་ཁང་གིས་སྡེ་དགེ་ཆོས་རྒྱལ་ཞེས་པའི་མཚན་གནས་བསྩལ་བར་གོ།

རིགས་དབྱེ།  

ཅོ་ནེ་རྒྱལ་པོ།

ཅོ་ནེ་རྒྱལ་པོའི་མངའ་ཁོངས་སུ་ད་ལྟའི་ཀན་སུའུ་དང་། མཚོ་སྔོན། ཟི་ཁྲོན་བཅས་ཞིང་ཆེན་ཁག་གསུམ་བརྒལ་ཞིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ35000སྐོར་དང་། ཁྱབ་ཁོངས་སུ་ས་ཁུལ་ཁག48 མི་འབོར་ཁྲི་ཚོ10སྐོར་ཡོད་པར་གསལ་བས། ཨ་མདོ་ས་ཁུལ་གྱི་རྒྱལ་པོ་མངའ་ཐང་ཆེ་ཤོས་སུ་གྲགས།

རིགས་དབྱེ།  

ཟུང་ཆུའི་འགོ་ཁག་བདུན།

ཟུང་ཀྲའོ་ཞེས་པ་ནི་ཟུང་ཆུ་རྒྱུགས་ཁུལ་དུ་གོ་ཞིང་། བོད་ཀྱི་ལོ་རྒྱུས་ཡིག་ཆར་ཟུང་ཆུ་ཞེས་འཁོད།

རིགས་དབྱེ།  

ཚོ་བའི་ལོ་རྒྱུས།  བརྡ་འགྲེལ 103 ཡོད།